ང་བཞི། ལྷ་སའི་སྐྱིད་ཚལ་ཁག་གི་ལོ་རྒྱུས།
ལེའུ་དྲུག་པ། ལྷ་སའི་སྐྱིད་ཚལ་དང༌། སྤྲོད་སྐྱིད་གཏོང་ཡུལ་གླིང་ཁ། དུས་ཆེན་དང༌། རྒྱན་གོས་ངོ་སྤྲོད། ཀ༽ ནོར་འཛིན་སྐྱིད་ཚལ་ནི། ལྷ་ས་གྲོང་ཁྱེར་གྱི་ཀླུ་སྦུག་ཏུ་ཡོད་པའི་ནོར་འཛིན་སྐྱིད་ཚལ་ཞེས་པའི་ཁང་པ་ནི། དུས་རབས་བཅུ་བདུན་པའི་ནང་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་རྒྱན་ལྷ་སར་ཕེབས་སྐབས་ཀྱི་བཞུགས་གནས་ཡིན་པར་གྲགས་ཤིང༌། ཕྱི་ལོ་ ༢༠༠༣ ལོར་བོད་ཁང་ཐོག་བརྩེགས་བཞི་ཅན་གསར་རྒྱག་གིས་ཀླུ་སྦུག་གི་གྲོང་མི་གནས་སྡོད་བྱེད་མུས་ཀྱིས་སྔར་གྱི་གནའ་ཤུལ་ད་ལྟ་བསྡད་མེད་ལ།




