དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ལྷོ་བྲག་རྫོང་གི་གཞི་རིམ་གནས་ལོ་རྒྱུས། རྫོང་གི་མིང་ཐོགས་ཚུལ་སོགས།
བརྒྱད་པ། ལྷོ་བྲག་རྫོང་། ས་བཅད་དང་པོ། རྫོང་གི་གཞི་རིམ་གནས་ལོ་རྒྱུས། ལེ་ཚན་དང་པོ། རྫོང་གི་མིང་ཐོགས་ཚུལ། རྫོང་དེའི་མིང་ཐོགས་ཚུལ་ལ་ཁུལ་དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་འདབས་སུ་ཆགས་པས་དེ་ལྟར་ཐོགས་པའམ། ཡང་ན་ལྷོ་བྲག་ཅེས་པ་ནི་ཡར་ལྷ་ཤམ་བུའི་ལྷོ་ངོས་ཀྱི་བྲག་རི་ལ་ལྷོ་བྲག་ཅེས་ཐོགས་སམ། དེ་མིན་གུ་རུའི་གཏེར་ཆོས་གསོལ་འདེབས་སོགས་ལས། ལྷོ་ཕྱོགས་མོན་ཁའི་བྲག་ལ་སྐུ་རྗེས་བཞག སྐུ་ཚབ་གཏེར་ལྔ་བོད་ཀྱི་དོན་དུ་བཞུགས།[1]ཞེས་སོགས་ཀྱང་བྱུང་བ་ལྟར།




