༄༅། །འབུལ་འབྲས། བོད་སྤྱིའི་བདེ་ཐབས་སུ་རྒྱ་གར། ཨ་མི་རི་ཀ རྒྱ་ནག ཨེང་ལན་སོགས་ནས་བོད་ལ་ཚུར་ཡོང་བའི་ཚོང་ཟོགས་དང་། བོད་ནས་བལ་རྔ་པགས་རིགས་ཀྱིས་མཚོན་ཟོགས་རིགས་ཕར་འགྲོའི་ཚོང་གི་ཁེ་གྱོང་བལྟ་ཞིབ་དོན་གཅོད་དུ་བསྐྱོད་མི་བོད་གཞུང་དངུལ་ཁང་སྤྱི་ཁྱབ་རྩིས་དཔོན་ཞྭ་སྒབ་པ་དང་། ལས་རོགས་མཁན་ཆུང་ཆང་ཁྱིམ་པ་གཉིས་ཆེད་བརྫོངས་སོང་བ་ཚོང་དོན་དང་། ཨ་མི་རི་ཀའི་དངུལ་བརྗེས་ལ་རྒྱ་གར་དང་། བོད་མཐུན་ལམ་བཟང་པོར་དགོངས་པས་རོགས་རམ་ཆ་འཇོག་ཡོད་པ་དགོངས་འཇགས་ཞུ།
རྟེན་ཁ་བཏགས་དང་། ངོས་ཀྱི་འདྲ་པར་ཐམ་འབྱར་གཅིག་བཅས་བོད་ཀྱི་སྲིད་སྐྱོང་སྟག་བྲག་པཎྜི་ཏ་ཧོ་ཐོག་ཐུས། བོད་མེ་ཕག་ཟླ་བ་ ༨ ཚེས་ ༢༥ བཟང་པོར་
ཕུལ།།
འབྱུང་ཁུངས། https://www.bonhams.com/auction/31405/lot/24/a-1947-letter-from-the-3rd-taktra-rinpoche-regent-of-tibet-1941-50-to-sir-basil-gould/?fbclid=IwY2xjawJ3CepleHRuA2FlbQIxMABicmlkETFrWmNyRWhDZDlpbGtkNzZjAR62EX2cjozMcToMYekbC-e5VaZUq5tPZ0tNJdzGrTADfMqFYBxWYIrm0y5ZuA_aem_VulQsdJvf_hsEmRqA0uAyg