སྤེལ་ཞིབ་ཕྲ།

རྟགས་གསལ་གཏོང་སྐབས་ཀྱི་ཕྱག་རྒྱ་དང་དེ་དག་གི་མཚོན་དོན།

རྩོད་པའི་ཕྱག་རྒྱ་དང་། དེ་དག་གི་མཚོན་དོན། རྩོད་པའི་སྐབས་མགོ་ཅུང་ཟད་ནང་དུ་བསྒུར་བས། བསྐལ་པ་བྱེ་བའི་བར་དུ་མཚན་ཙམ་ཡང་ཐོབ་པར་དཀའ་བའི་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་རིན་པོ་ཆེ་ལ་ཅི་དགར་ལོངས་སུ་སྤྱོད་རྒྱུ་བྱུང་བ་འདི་བླ་མའི་བཀའ་དྲིན་དུ་ངོ་ཤེས་པ་དང༌། ཕྲེང་བ་ཉིས་ཁུག་བྱས་ཏེ་ཕྱག་གཡོན་པའི་མཐེ་བོང་དང་བཅས་པའི་སྐེར་བསྐོན་པས། བདག་དང་བཅས་པའི་སེམས་ཅན་ཐམས་ཅད་འཁོར་བ་གཅོང་རོང་གི་གནས་སུ་བདག་འཛིན་གྱིས་བཅིངས་པ་དང༌། མཐེ་བོང་གིས་ཕྲེང་བ་ཡར་འཕངས་པས། རང་གིས་ཚུལ་ཁྲིམས་རྣམ་པར་དག་པ་བསྲུངས་ཤིང་དགེ་བའི་བཤེས་གཉེན་གཙུག་ཏུ་བཀུར་ནས་ཐོས་བསམ་སྒོམ་གསུམ་སོགས་དགེ་སྒྲུབ་ཅི་ནུས་བྱས་པའི་མཐུས་མ་རྒན་སེམས་ཅན་ཐམས་ཅད་འཁོར་བར་འཆིང་བྱེད་ཀྱི་བདག་འཛིན་ལས་གྲོལ་སོང་བ་དང༌།
མི་དབང་རྟོགས་བརྗོད་ཀྱི་བརྗོད་དོན་ངོ་སྤྲོད།

ཕོ་ལྷ་བསོད་ནམས་སྟོབས་རྒྱས་ཀྱི་རྟོགས་བརྗོད་ཀྱི་དཀར་ཆག འགོ་བརྗོད་ཚིགས་བཅད། འཇིག་རྟེན་ཆགས་ཚུལ་དང་། བོད་ཀྱི་ས་ཁམས་ཆགས་ཚུལ། མེས་པོའི་ཕ་ཡུལ་གྱི་གནས་ཚུལ། ཕོ་ལྷ་ནས་ཀྱི་མེས་པོ་མི་རབས་གོང་མའི་གནས་ཚུལ། རྒྱལ་པོ་དགའ་ལྡན་ཚེ་དབང་གྲྭ་པ་བྱས་ཏེ་སྡོད་སྐབས་ཀྱི་ལོ་རྒྱུས། རྒྱལ་པོ་དགའ་ལྡན་ཚེ་དབང་གིས་མངའ་རིས་སྐོར་གསུམ་དབང་དུ་བསྡུས་པའི་ལོ་རྒྱུས། ཕོ་ལྷ་ནས་ཕ་པདྨ་རྒྱལ་པོའི་ལོ་རྒྱུས། ཕོ་ལྷ་ནས་ཨ་ཁུ་དགྲ་འདུལ་གྱི་སྐོར།
༄༅། །གངས་ཅན་བུ་དང་བུ་མོ་རྣམས་ལ་ཚང་དགོས་པའི་ཆ་རྐྱེན།

ཕོ་རྩལ་སྣ་དགུ། སྐྱེས་པ་ལ་འོས་པའི་ལུས་ངག་ཡིད་གསུམ་གྱི་རྩལ་སྣ་དགུ་ནི།  མཐེབ་ཀྱིས་ཤ་ནོན་པ། རྐྱལ་གྱིས་ཆུ་ཆོད་པ།  ཡང་རྩལ་བྱ་འདྲ་བ་སྟེ་ལུས་ཀྱི་རྩལ་གསུམ་དང་། ལོ་རྒྱུས་ཀྱིས་དགེ་ཐོན་པ། གཏམ་གྱིས་བཞད་གད་ཐོན་པ།  ཤགས་ཀྱིས་ཕ་རོལ་ནོན་པ་སྟེ་ངག་གི་རྩལ་གསུམ་དང་།  མཛངས་ལ་བློ་འགྱུ་བ། དཔའ་ལ་བསྲན་ཚུགས་པ།  ཁ་གསལ་ལ་གཏིང་མི་དཔོག་པ་སྟེ་ཡིད་ཀྱི་རྩལ་གསུམ་རྣམས་སོ།།
ཕུང་པོ་བྱ་སྦྱིན་གྱི་ངོ་སྤྲོད་དང་ཕན་ཡོན་མདོར་བསྡུས།

དེ་ཡང་སྤྱིར་དུས་གྱི་ལས་ལ་ས་ཆུ་མེ་དུར་སོགས་ཀྱི་དབྱེ་བ་བྱར་ཡོད་ཅིང་འཛམ་གླིང་ཡུལ་གྲུ་ཀུན་ན་རྣམ་པ་ཅི་རིགས་པའི་ཚུལ་གྱིས་དར་ཁྱབ་ཆེ་མོད།   བྱ་དུར་འདི་བོད་ཁམས་མ་གཏོགས་དེང་སང་ཡུལ་གྲུ་གཞན་ལ་ཆེར་མི་དར་བར་མངོན་ལ།  ལུགས་སྲོལ་འདི་བོད་ཡུལ་ལ་ནམ་དུས་དར་བ་ཡིན་མིན་ཐད་མཁས་པའི་བཞེད་སྒྲོས་མི་འདྲ་བ་འགའ་རེ་འདུག་པ་ལས། ཁ་ཅིག་གིས་ཕ་དམ་པ་སངས་རྒྱས་བོད་ཡུལ་དུ་བྱོན་ཏེ་ཞི་བྱེད་གཅོད་ཡུལ་སྤེལ་ཏེ་ཕུང་པོ་གཟན་བསྒྱུར་གྱི་ལུགས་སྲོལ་བཏོད་པ་ནས་དར་བར་འདོད་པ་དང་། ཡང་འགའ་རེས་འབྲི་གུང་སྐྱོབ་པ་རིན་པོ་ཆེའི་སྐུ་དུས་སུ་གདན་སའི་ནུབ་ངོས་སྤོར་རྟ་ཆག་ལྟེང་ཁ་བྱ་བའི་གནས་དེར་འབྲི་གུང་དུར་ཁྲོད་རྟེན་འཕྱག་ཆེན་མོ་ཞེས་བྱ་བ་བཏབ་སྟེ་ཚེ་འདས་རྣམས་ཀྱི་གཟན་དུ་བསྐྱུར་བའི་ཆོ་ག་བྱས་པ་ནས་བཟུང་སྟེ་དར་བར་འདོད་པ་དང་། གཞན་དག་ནི་ཡིག་རྙིང་རྣམས་ལས་དཔགས་ན་དེ་གཉིས་ཀ་ལས་ཀྱང་དུས་ཡུན་ཆེས་སྔ་མོ་ཞིག་ནས་བོད་དུ་བྱ་དུར་གྱི་ལུགས་སྲོལ་འདི་དར་ཚར་ཟིན་པའི་འདོད་ཕྱོགས་འཛིན་པར་འདུག་གོ།
བོད་མི་སྤྱིས་བཙན་པོ་སྲོང་བཙན་སྒམ་པོར་འཛིན་པའི་འདུ་ཤེས།

བོད་མི་སྤྱིས་བཙན་པོ་སྲོང་བཙན་སྒམ་པོར་འཛིན་པའི་འདུ་ཤེས།                               ____•ར་སེ་དཀོན་མཆོན་རྒྱ་མཚོས།  སྤུ་རྒྱལ་བཙན་པོ་སྲོང་བཙན་སྒམ་པོ་མཆོག།  འཕགས་ཡུལ་རྨ་བྱའི་རྒྱལ་པོ་མྱ་ངན་མེད།།  རྒྱ་ནག་ཆིན་གྱི་གོང་མ་ཆིན་ཧྲི་ཧོང་།། མེས་རྒྱས་གཅིག་གྱུར་མཛད་ཚུལ་གཉིས་སུ་མེད།།  གདོང་དམར་བོད་པའི་ལས་ཀྱི་བགོ་སྐལ་དུ།།  སྤུ་རྒྱལ་བཙན་པོའི་གདུང་རབས་རྨད་བྱུང་བ།།  སྒྱུ་སྐད་དབུས་ན་བསིལ་ཟེར་དབང་པོ་བཞིན།།  སྲོང་བཙན་སྒམ་པོ་རིགས་འདིའི་གཙུག་ནོར་ཉིད།། 
རྗེ་བཙུན་འཕགས་མ་སྒྲོལ་མ་ལ་བསྟོད་པ་བཞུགས་སོ།།

རྗེ་བཙུན་འཕགས་མ་སྒྲོལ་མ་ལ་བསྟོད་པ་བཞུགས་སོ།། ༄༅། །པོ་ཊ་ལ་ཡི་གནས་མཆོག་ནས། །ཏཱཾ་ཡིག་ལྗང་གུ་ལས་འཁྲུངས་ཤིང་། ། ཏཱཾ་ཡིག་འོད་ཀྱིས་འགྲོ་བ་སྒྲོལ། སྒྲོལ་མ་འཁོར་བཅས་གཤེགས་སུ་གསོལ། ། ལྷ་དང་ལྷ་མིན་ཅོད་པན་གྱི། །ཞབས་ཀྱི་པདྨོ་ལ་བཏུད་དེ། ། ཕོངས་པ་ཀུན་ལས་སྒྲོལ་མཛད་མ། སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། ། ན་མོ་ཨཱརྱ་ཏཱ་ར་ཡེ འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེའི་གཏེར་ལ་པྱག་འཚལ་ལོ ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། །འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི། །གེ་སར་བྱེ་བ་ལས་ནི་བྱུང་མ། །ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ། །སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །རབ་ཏུ་ཕྱེ་བའི་འོད་རབ་འབར་མ། །ཕྱག་འཚལ་སེར་སྔོ་ཆུ་ནས་སྐྱེས་ཀྱི། །པདྨའི་ཕྱག་ནི་རྣམ་པར་བརྒྱན་མ། ། སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ། །བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ། ། ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ། །མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །རྒྱལ་བའི་སྲས་ཀྱི་ཤིན་ཏུ་བསྟེན་མ། །ཕྱག་འཚལ་ཏུཏྟཱ་ར་ཧཱུཾ་ཡི་གེས། །འདོད་དང་ཕྱོགས་དང་ནམ་མཁའ་གང་མ། །འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། །ལུས་པ་མེད་པར་འགུགས་པར་ནུས་མ། །