སྤེལ་ཞིབ་ཕྲ།

༅།།འབྲོག་མིའི་ངོ་ཚའི་སྐོར། སྤེལ་དུས།2008-11-11 ཡོང་ཁུངས་།<<ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས>> རྩོམ་པ་པོ། ནམ་མཁའི་ནོར་བུ། ཞུ་དག་པ། ལྷག་ཚེ། ༼དཔྱད་གཏམ་སྤེལ་བ།༽ ཁྲེལ་དང་ངོ་ཚ་ནི་འཇིག་རྟེན་མིའི་རིགས་ཚང་མས་བརྩི་བསྲུང་བྱ་དགོས་པ་ཞིག་ཡིན་པ་ལྟར་བོད་རིགས་སྤྱི་དང་ལྷག་པར་འབྲོག་ཡུལ་གྱི་མི་སྡེ་དག་གིས་དོ་སྣང་ཧ་ཅང་ཆེན་པོའི་སྒོ་ནས་བརྩི་བསྲུང་བྱེད་ཀྱི་ཡོད་པ་རེད། ཁོ་བོའི་མཐོང་ཕྱོགས་སུ་འཇིག་རྟེན་མིའི་རིགས་ཚང་མས་ཁྲེལ་དང་ངོ་ཚ་ལ་འཛེམས་བག་བྱེད་ཡོད་པའི་གནས་ཚུལ་འདྲ་བར་སྣང་ཡང་ཡུལ་གྲུ་སོ་སོ་དང་མི་རིགས་སོ་སོའི་སྤྱོད་ཚུལ་དང་གོམས་གཤིས་སོགས་རྣམ་པ་ཐ་དད་པ་མང་དུ་ཡོད་པར་བརྟེན། གང་ཞིག་ཁྲེལ་དང་ངོ་ཚའི་གཞི་ཡིན་པ་དང་།

༄༅།།འབྲོག་པའི་མནའ་གྲོགས། སྤེལ་དུས།2008-11-05 ཡོང་ཁུངས་།ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས། རྩོམ་པ་པོ། ནམ་མཁའི་ནོར་བུ། ཞུ་དག་པ།ལྷག་ཚེ། ༼དཔྱད་གཏམ་སྤེལ་བ།༽ སྤྱིར་བཏང་འབྲོག་མི་རྣམས་འདྲིས་ཟིན་པའི་རྗེས་སུ་ཡིད་བརྟན་ཆོག་པའི་གྲོགས་པོར་འགྱུར་བ་ནི་འབྲོག་མིའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་རེད། འོན་ཀྱང་འབྲོག་མིའི་གྲོགས་པོ་ཞེས་པ་དེ་ཕན་ཚུན་ངོ་ཤེས་པའམ་ཡུན་དུ་འདྲིས་པ་ཙམ་གྱིས་མི་ཆོག་ཅིང་། འབྲོག་མི་དག་གིས་“མནའ་འཇོག”ཅེས་བྱ་བའི་གྲོགས་པོ་ཐུན་མོང་མ་ཡིན་པ་ཞིག་བྱེད་སྲོལ་ཡོད་པ་རེད། དེ་ཡང་མི་སྡེ་དང་མི་སྡེའི་བར་གྱི་མནའ་འཇོག་གལ་ཆེའི་རིགས་བྱེད་དགོས་པའི་ཚེ།

༄༅།།འབྲོག་པའི་ཏིས་རྩོད། སྤེལ་དུས།2008-11-06 ཡོང་ཁུངས་། རྩོམ་པ་པོ། ནམ་མཁའི་ནོར་བུ། ཞུ་དག་པ། ལྷག་ཚེ། ༼དཔྱད་གཏམ་སྤེལ་བ།༽ འབྲོག་མི་རྣམས་ནི་རང་གཤིས་བཟང་ཞིང་འདྲིས་ཐག་རིང་བ་སོགས་རང་བཞིན་གྱི་ཡོན་ཏན་དུ་མ་དང་ལྡན་པ་ཞིག་རེད། འོན་ཀྱང་འབྲོག་མི་ཞིག་སུ་ཞིག་གི་དགྲར་གྱུར་པ་ཡིན་ན་ཉེན་ཚབས་ཧ་ཅང་ཆེ་བ་ཞིག་ཀྱང་ཡིན་པ་རེད། མི་སུ་ཡང་རུང་བ་ཞིག་གམ་ཕྱོགས་ཁག་གང་ཡང་རུང་བ་ཞིག་གིས་འབྲོག་མི་གཅིག་གམ་མི་སྡེའི་ཤོག་ཁག་གང་རུང་ཞིག་ལ་འཁོན་རྩོད་ཀྱི་གཞི་ཆེ་ཕྲ་ཅིང་ཡང་རུང་བ་ཞིག་ཤོར་བ་ཡིན་ན། དེ་མ་ཐག་ཏུ་རང་ངོས་ནས་དྲང་ཞིང་འོས་པའི་འདུམ་ལེན་དགོས་པ་ནི་ཧ་ཅང་གལ་ཆེན་པོ་ཞིག་རེད།

༄༅།། འབྲོག་པའི་ཆོས་ལུགས། སྤེལ་དུས།2009-01-05 ཡོང་ཁུངས་།<<ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས>> རྩོམ་པ་པོ། ནམ་མཁའི་ནོར་བུ། ཞུ་དག་པ། ལྷག་ཚེ། ༼དཔྱད་གཏམ་སྤེལ་བ།༽ འབྲོག་ཡུལ་དུ་དབྱར་དུས་ཐུང་ངུ་ཙམ་ཞིག་ལས་ནམ་ཟླ་བྱིངས་ནི་གྲང་ངད་དང་ལྡན་པ་ཁོ་ན་ཡིན་པར་བརྟེན་འབྲོག་མིའི་གྱོན་ཆས་ཀྱི་གཙོ་བོ་ནི་ལུག་ལྤགས་ཤ་སྟག་ཡིན་པ་རེད། དབྱར་གཞུང་དུ་འབྲོག་པའི་གཞོན་ནུ་འགའ་ཤས་ཀྱིས་ལྭ་བའི་གོས་སམ་རས་གཡོགས་ལྡན་པའི་ཡུག་ཚར་གྱི་གོས་སོགས་གྱོན་སྲོལ་འདུག་ནའང་དེས་ནི་ཉིན་ཁ་ཤས་ཙམ་ལས་གྲང་ངད་སེལ་མི་ནུས་ཤིང་ཕན་ཐོགས་མེད་པ་རེད། འབྲོག་མི་ཚོའི་གྱོན་པ་ནི་ལུག་ལྤགས་ཀྱིས་བཟོས་པའི་“པགས་སླག་”ཅེས་པའི་མཐར་རས་དམར་གྱི་མཐའ་གོང་ཤན་ཡོད་པ་དང་།

༄༅། །སྤུན་མཆེད་བར་གྱི་འཛེམ་བྱ། ས་གོང་དབང་འདུས། བོད་མིའི་ཡུལ་སྲོལ་གོམས་གཤིས་ལ་ཕ་དང་བུ་མོའི་དབར་དང་། གཅེན་པོ་དང་གཅུང་མོའི་དབར། གཅུང་པོ་དང་གཅེན་མོའི་དབར། ཨ་ཞང་དང་ཚ་མོའི་དབར། སྲུ་མོ་དང་ཚ་བོའི་དབར། ཨ་ཁུ་དང་དབོན་མོའི་དབར། ཨ་ནེ་དང་དབོན་པོའི་དབར་ལ་སོགས་སྤུན་མཆེད་ཕོ་མོ་ཕན་ཚུན་བར་ངོ་ཚ་སྲུང་ནས་གཙོག་གཏམ་ཙམ་ལ་ཡང་འཛེམ་པ་བྱ་དགོས་པ་མ་ཟད། ངོ་ཚ་བའི་ལྟད་མོ་ཡང་མཉམ་དུ་ལྟ་སྲོལ་མེད། དཔེར་ན་གཉེན་སྒྲིག་སྐོར་གྱི་གྲོས་མོལ་བྱེད་དགོས་ཚེ་ངེས་པར་དུ་ཕ་དང་བུའི་དབར་གྲོས་བསྡུར་བྱེད་པའམ་ཡང་ན་མ་དང་བུ་མོའི་དབར་གྲོས་བསྡུར་བྱེད་པ་ལས།

༄༅། །ལོ་གསར་སྐབས་ཀྱི་འཛེམ་བྱ། ས་གོང་དབང་འདུས། ལོ་གསར་ཚེས་པ་གཅིག་ཉིན་རྟེན་འབྲེལ་གྱི་བྱ་བཟང་པོ་ཁོ་ན་སྤེལ་དགོས་པ་ལས། ཁ་བརྡ་ངན་པ་ལ་སོགས་བཀྲ་མི་ཤིས་པའི་བྱ་བའི་རིགས་མི་ལྷགས་པ་བྱ་རྒྱུར་དོ་སྣང་ཧ་ཅང་ཆེན་པོ་བྱེད་སྲོལ་ཡོད། ལོ་གསར་པ་འདིའི་ནང་བཀྲ་ཤིས་ལོ་ལེགས་ཡོང་བ་དང་། བསམ་དོན་ལྷུན་གྱིས་གྲུབ་ཕྱིར། གནམ་ལོ་གསར་ཚེས་ཀྱི་ཚེས་གཅིག་ཉིན་གད་ཕྱིས་མི་རྒྱག་པ་དང་། ཁ་རྩོད་མི་རྒྱག་པ། ཁ་ནས་བཀྲ་མི་ཤིས་པའི་སྐད་ཆ་མི་ཤོད་པ། གཞན་པར་གཤེ་གཤི་མི་གཏོང་བ། མི་ཚང་གཞན་ནས་དངོས་ཟོག་གཡར་སྐྱིན་མི་བྱེད་པ།

༄༅། །མི་ཤི་བྱུང་རྗེས་ཀྱི་འཛེམ་བྱ། ས་གོང་དབང་འདུས། གང་ཞིག་ཚེ་ལས་འདས་པའི་རྗེས་བླ་མས་འཕོ་བ་མ་གནང་གོང་དེ་ཡི་ཕུང་པོར་མི་གང་བྱུང་གིས་ལག་པ་འཆང་བའི་རིགས་དང་། དེ་འབྲེལ་གྱི་སྤུན་མཆེད་ཚོས་མྱ་ངན་གྱི་དུས་ཚོད་མ་འདས་གོང་ནས་སྐྲ་ལྷས་གདོང་འཁྲུ་བྱེད་པ། གྱོན་ཆས་གསར་པའི་རིགས་གྱོན་པ། ཁང་ཐོག་གི་དར་ལྕོག་མི་འབེབས་པ། གླུ་གར་དང་རྩེད་འཇོའི་རིགས་ལ་འཛེམ་དགོས་པ་མ་ཟད། ཐ་ན་གྲོང་པ་ཁྱིམ་མཚེས་དང་དགའ་ཉེ་བློ་དཀར་ཚོས་ཀྱང་དམ་པ་ཚེ་ལས་འདས་པའི་མྱ་ངན་མཚོན་བྱེད་དུ་རེ་ཞིག་གོང་གསལ་གྱི་འཛེམ་བྱ་དག་ལ་དོ་སྣང་ཆེན་པོ་གནང་སྲོལ་ཡོད།

༄༅། །བཟའ་འཐུང་ཐད་ཀྱི་འཛེམ་བྱ། ས་གོང་དབང་འདུས། བོད་མིར་བཟའ་འཐུང་ཐད་འཛེམ་དགོས་པའི་ཆ་མང་པོ་ཡོད། དང་ཐོག་མི་དང་། གླང་པོ་ཆེ། ཁྱི། བྱ་རྒོད། རྟ་དང་བཅས་པའི་ཤ་ཆེན་ལྔ་ནི་གཏན་ནས་བཟའ་མི་རུང་བ་ཞིག་རེད། དེ་ནས་མས་སོ་ལས་ཡས་སོ་མེད་པ། རྨིག་པ་ཁ་ཧྲལ་ཅན་གྱི་སེམས་ཅན་འབྲི་གཡག་བ་གླང་དང་། ར་ལུག་རྣ་གཡག་སོགས་ཀྱི་ཤ་བཟའ་ཆོག་རུང། ཡས་སོ་མས་སོ་གཉིས་ཀ་ཡོད་ལ། རྨིག་པ་ཁ་ཟླུམ་ཅན་གྱི་སྒོ་ཕྱུགས། དཔེར་ན་རྟེ་དྲེལ་བོང་བུ་ལྟ་བུ་དང་། གཅན་གཟན་སྡེར་མོ་ཅན་དཔེར་ན། སྟག་གཟིག་དོམ་དྲེད་སྤྱང་ཀི་ལ་སོགས་པའི་ཤ་རྣམས་གཏན་ནས་བཟའ་སྲོལ་མེད།

༄༅། །གུས་ཞབས་དང་འབྲེལ་བའི་འཛེམ་བྱ། ས་གོང་དབང་འདུས། བོད་མིར་རྒན་པར་བརྩི་བཀུར་དང་གཞོན་པར་གཅེས་སྐྱོང་བྱེད་པའི་གོམས་སྲོལ་བཟང་པོ་ཞིག་ཡོད། དཔེར་ན་རང་ལས་རྒན་པའི་མིར་སྐད་ཆ་ཤོད་སྐབས་ངེས་པར་དུ་ཞེ་ས་ཞུ་དགོས་ཤིང་། རྒན་པའི་མཚན་ནས་འབོད་སྐབས་དེ་ཡི་རྗེས་སུ་“ལགས་”ཞེས་པའི་སྐད་ཆ་ཐོས་པ་ཞིག་བསྣན་ནས་བརྩི་བཀུར་དང་གུས་ཞབས་མཚོན་པར་བྱེད་པ་ལས། གང་གི་མཚན་ཐད་ཀར་འབོད་སྲོལ་མེད་ལ། ལམ་ལ་ཞུགས་སྐབས་མི་གཞན་གྱི་སྔོན་ལ་ཧབ་ཐོབ་བརྒྱབ་ནས་འགྲོ་སྐྱོད་བྱེད་པ་དང་།

༄༅ ། །ནང་སྐོར་ལས་ཕྱི་སྐོར་ལ་འཛེམ་དགོས་དོན། ས་གོང་དབང་འདུས། གཡོན་སྐོར་རམ་ཕྱི་སྐོར་རྒྱག་པར་བོད་པ་རྣམས་འཛེམ་དགོས་དོན་ནི་སངས་རྒྱས་ཀྱི་“དཔེ་བྱད་བཟང་པོ་བརྒྱད་ཅུའི་ནང་གསེས་ཤིག་སྟེ། གཡས་ཕྱོགས་སུ་ལྡོག་ཅིང་གཤེགས་པའི་དཔེ་བྱད།”“ལས་སྐོར་ཕྱོགས་ལམ་དང་མཐུན་པར་གཤེགས་པ་ཉིད་ཀྱི་གཡས་ཕྱོགས་སུ་ལྡོག་ཅིང་གཤེགས་པའོ།” ཅེས་གསུངས་པ་ལྟར་སངས་རྒྱས་ཆོས་ལུགས་པ་ཚོས་གཡས་གཡོན་དང་ཕྱི་ནང་གི་དབྱེ་མཚམས་གསལ་པོར་འབྱེད་རྒྱུར་དོ་སྣང་ཆེན་པོ་བྱེད་དགོས་ཀྱི་ཡོད་ཅིང་། གཡས་ནི་ཡག་པ་དང་ནང་གི་དོན་ལ་བརྩི་བ།