ལེ་ཚན་དྲུག་པ། དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ།
དང་པོ། དགོན་སྡེ།
| ཨང་། | དགོན་པའི་མིང་། | བཞེངས་དུས། | བཞེངས་མཁན། | ཆོས་བརྒྱུད། |
| ༡ | རོང་སྟོད་དགོན། | རྙིང་མ། | ||
| ༢ | གླག་པ་དགོན། | རྙིང་མ། | ||
| ༣ | ལྷག་པ་དགོན། | དུས་རབས་ ༡༠ སྨད། | བླ་མ་ཡེ་ཤེས་དཔལ་ལྡན།2 | རྙིང་མ། |
| ༤ | རི་སྡེ་སྒང་དགོན། | རྙིང་ལུགས། | ||
| ༥ | རབ་རྒྱས་གླིང་དགོན། | དུས་རབས་ ༡༤ སྨད། | ས་སྐྱ། | |
| ༦ | ||||
| ༧ | ||||
| ༨ | མཁར་རྩེའི་ཇོ་བོ་ཨོག་དཀར་དགོན། | དུས་རབས་ ༡༤ །3 | ལོ་ཆེན་རིན་ཆེན་བཟང་པོ། | ས་སྐྱ། |
| ༩ | ཤེས་ཤེད་དགོན། | དུས་རབས་ ༡༥། | ས་སྐྱ། | |
| ༡༠ | ||||
| ༡༡ | རྒྱ་གླིང་ཐང་དགོན། | ས་སྐྱ། | ||
| ༡༢ | ཡུལ་དགོན་པ། | དུས་རབས་ ༡༥། | ས་སྐྱ། | |
| ༡༣ | ཕྱི་དབང་དགོན། | ས་སྐྱ་པཎྜིཏ། | ས་སྐྱ། | |
| ༡༤ | པདྨ་རྨད་བྱུང་གི་གཙུག་ལག་ཁང་། | དུས་རབས་ ༡༣། | ལོ་ཆེན་རིན་ཆེན་བཟང་པོ། | བཀའ་བརྒྱུད། |
| ༡༥ | ཡི་བསྟི་དགོན། | རྒྱལ་བ་རྒོད་ཚང་པའི་སློབ་མ་ཞིག | བཀའ་བརྒྱུད། | |
| ༡༦ | མ་ཡང་ཀླུ་ཁང་དགོན། | བཀའ་བརྒྱུད། | ||
| ༡༧ | སྒོམ་ཕུག་དགོན། | བཀའ་བརྒྱུད། | ||
| ༡༨ | ག་རྩེ་དགོན། | བཀའ་བརྒྱུད། | ||
| ༡༩ | ||||
| ༢༠ | བསམ་གཏན་དར་རྒྱས་གླིང། | དུས་རབས་ ༡༣ སྨད། | བཀའ་བརྒྱུད། | |
| ༢༡ | བསམ་གཏན་ཆོས་གླིང་དགོན། | དུས་རབས་ ༡༤། | བཀའ་བརྒྱུད། | |
| ༢༢ | ||||
| ༢༣ | གཏི་ཡག་ལྷ་ཁང་། | དུས་རབས་ ༡༠། | རིན་ཆེན་བཟང་པོས་བཏབ་པར་གྲགས། | བཀའ་བརྒྱུད། |
| ༢༤ | རྩ་རང་བློས་གཏང་དགོན། | དུས་རབས་ ༡༥། | འཕགས་པ་ཡེ་ཤེས་བརྩོན་འགྲུས། | དགེ་ལུགས། |
| ༢༥ | རྡོ་གཤམ་མུག་མཁར་དགོན། | དུས་རབས་ ༡༥། | གྲུབ་ཆེན་དཀོན་མཆོག་དཔལ་མགོན། | དགེ་ལུགས། |
| ༢༦ | བར་ཀྱོག་ཕུན་ཚོགས་རབ་བརྟན། | དུས་རབས་ ༡༣། | ལྕང་ལུང་དཀོན་མཆོག་རྒྱལ་མཚན། | དགེ་ལུགས། |
| ༢༧ | རི་བ་བཀྲ་ཤིས་ཆོས་གླིང་དགོན། | དུས་རབས་ ༡༥།5 | གངས་དཀར་བླ་མ། | དགེ་ལུགས། |
| ༢༨ | བྱེ་དཀར་རྣམ་རྒྱལ་ལྷ་རྩེ་དགོན། | དུས་རབས་ ༡༥། | བློན་པོ་ཚེ་དབང་མགོན་པོ། | དགེ་ལུགས།6 |
| ༢༩ | ཆུ་གསེར་དགོན། | དུས་རབས་ ༡༥། | དགེ་ལུགས། | |
| ༣༠ | སྟེང་འཕགས་མཐོང་བ་དོན་ལྡན།7 | དུས་རབས་ ༡༠། | རིན་ཆེན་བཟང་པོས་བཏབ་པར་གྲགས། | དགེ་ལུགས། |
| ༣༡ | རོང་བྱང་ཆུབ་གླིང་དགོན། | བླ་མ་བྱ་བཏང་པ། | དགེ་ལུགས། | |
| ༣༢ | བེ་སྡོང་དགོན། | དུས་རབས་ ༡༥། | འཇམ་དབྱངས་ཤིན་ཏཱ་བ། | དགེ་ལུགས། |
| ༣༣ | སྣུ་དྲག་ཐོང་མངོན་དགའ་གླིང་། | དགེ་ལུགས། | ||
| ༣༤ | ལ་བཞུད་དགོན། | དགེ་ལུགས། | ||
| ༣༥ | བཀའ་བརྒྱུད། | |||
| ༣༦ | སྐྱུག་པ་ལྷ་ཁང་། | དུས་རབས་ ༡༤། | བཀའ་བརྒྱུད། | |
| ༣༧ | སྲིབ་སྐྱིད་ལྷ་ཁང་། | དུས་རབས་ ༡༤། | བཀའ་བརྒྱུད། | |
| ༣༨ | གསེར་གོང་ལྷ་ཁང་། | དུས་རབས་ ༡༤། | བཀའ་བརྒྱུད། | |
| ༣༩ | མགོན་ཕུག་ལྷ་ཁང་། | དུས་རབས་ ༡༣ སྨད། | བཀའ་བརྒྱུད། | |
| ༤༠ | ||||
| ༤༡ | མར་གཡང་ལྷ་ཁང་། | དུས་རབས་ ༡༣ སྨད། | བཀའ་བརྒྱུད། | |
| ༤༢ | ཞི་ཁྲོ་ལྷ་ཁང་། | བཀའ་བརྒྱུད། | ||
| ༤༣ | ||||
| ༤༤ | ||||
| ༤༥ | ཤང་རྩེ་དགོན། | དགེ་ལུགས། | ||
| ༤༦ | དགེ་ལུགས། | |||
| ༤༧ | ཟ་རང་བཀྲིས་ཆོས་གླིང་དགོན། | དུས་རབས་ ༡༧། | དགེ་རྙིང་།8 | |
| ༤༨ | གསུམ་དཀྱིལ་བྱང་ཆུབ་གླིང་དགོན། | དུས་རབས་ ༡༣། | ཁྱུང་ལུང་བླ་མ། | དགེ་ལུགས།9 |
| ༤༩ | གསེར་ཏིག་དམ་ཆོས་གླིང་དགོན། | དགེ་ལུགས། | ||
| ༥༠ | ལུགས་བྲག་གདོང་མངོན་དགའ་དགོན། | དུས་རབས་ ༡༤ སྨད། | དགེ་ལུགས། | |
| ༥༡ | ཚོ་རུབ་ལྷ་ཁང་། | དུས་རབས་ ༡༥ ། | བླ་མ་བྱམས་པ་བསོད་ནམས། | དགེ་ལུགས། |
| ༥༢ | རི་པ་ལྷ་ཁང་དཀར་པོ། | དུས་རབས་ ༡༠། | ལོ་ཙཱ་བ་རིན་ཆེན་བཟང་པོ།10 | དགེ་ལུགས། |
| ༥༣ | དུང་དཀར་བཀྲིས་ཆོས་གླིང་། | དུས་རབས་ ༡༤། | མེ་ཏོག་སྐྱབས།11 | དགེ་ལུགས། |
| ༥༤ | དགའ་ལྡན་འཕེལ་རྒྱས་གླིང་། | དུས་རབས་ ༡༧། | ༸གོང་ས་ལྔ་པ་ཆེན་པོ། | དགེ་ལུགས། |
| ༥༥ | ཁྱུང་ལུང་དགའ་ལྡན་ལྷ་རྩེ། | དུས་རབས་ ༡༥། | དགེ་ལུགས། | |
| ༥༦ | ཟ་རང་དགོན། | དགེ་ལུགས། | ||
| ༥༧ | སྨན་རྩ་ལྷ་ཁང་། | དགེ་ལུགས། | ||
| ༥༨ | མཎྜལ་ལྷ་ཁང་། | དགེ་ལུགས། | ||
| ༥༩ | མཁར་རག་ལྷ་ཁང་། | དུས་རབས་ ༡༥། | དགེ་ལུགས། | |
| ༦༠ | མཁར་རག་དགོན། | དགེ་ལུགས། | ||
| ༦༡ | འཕུར་རི་དགོན། | དགེ་ལུགས། | ||
| ༦༢ | དོ་ཤངས་དགོན། | དགེ་ལུགས། | ||
| ༦༣ | ཤང་རབ་བརྟན་བྱམས་པ་གླིང་། | མཐོ་གླིང་དགོན་གྱི་དགོན་ལག | དགེ་ལུགས། | |
| ༦༤ | རོང་ཆེན་ཕུ་རི་དགོན།12 | དུས་རབས་ ༡༡། | ལོ་ཆེན་རིན་ཆེན་བཟང་པོ། | |
| ༦༥ | དྲི་ས་དགོན། | |||
| ༦༦ | ལྷ་ཡུལ་དགོན། |
གཉིས་པ། གྲགས་ཅན་མི་སྣ།
| ཨང་། | མཚན། | འཁྲུངས་ཡུལ། | འཁྲུངས་འདས། | མཆན། |
| ༡ | ཁྲི་བཀྲ་ཤིས་མགོན། | བཙན་པོའི་གདུང་རྒྱུད། | ||
| ༢ | ལྷ་བླ་མ་ཡེ་ཤེས་འོད། | ༩༤༧- | སྟོད་མངའ་རིས་ཆོས་རྒྱལ། | |
| ༣ | ལོ་ཆེན་རིན་ཆེན་བཟང་པོ། | གཏི་ཡག | ༩༥༨-༡༠༥༥ | གསང་སྔགས་གསར་མའི་སྲོལ་གཏོད་པོ། |
| ༤ | ཁྲི་བཀྲ་ཤིས་གྲགས་པ། | |||
| ༥ | ཁྲི་ནམ་མཁའི་དབང་ཕྱུག | |||
| ༦ | རྩེ་ལྡེ། | |||
| ༧ | འབར་ལྡེ་བཙན། | |||
| ༨ | ཇི་བོ་རྒྱལ་པོ། | |||
| ༩ | རྩ་འབར་བརྩན། | |||
| ༡༠ | ཨེ་མོ་ལི་མི། | |||
| ༡༡ | སྐྱིད་ལྡེ་བཙན། | |||
| ༡༢ | ཉི་མ་ལྡེ། | |||
| ༡༣ | བྱམས་པ། | |||
| ༡༤ | ལ་ག། | |||
| ༡༥ | གྲགས་པ་ལྡེ། | |||
| ༡༦ | ཆོས་རྒྱལ་གྲགས་པ། | |||
| ༡༧ | ལྷ་ཆེན་གྲགས་པ་ལྡེ། | |||
| ༡༨ | ཁྲི་རྣམ་རྒྱལ་ལྡེ། | |||
| ༡༩ | ཁྲི་ནམ་མཁའི་དབང་པོ་ཕུན་ཚོགས་ལྡེ། | |||
| ༢༠ | པ་སངས་རྒྱལ་ལྡེ། | |||
| ༢༡ | བློ་བཟང་རབ་བརྟན། | |||
| ༢༢ | ཤཱཀྱ་རིན་ཆེན། | |||
| ༢༣ | ངག་གི་དབང་ཕྱུག |
གསུམ་པ། གནའ་ཤུལ།
| མཁར། བང་སོ། དུར། གནས། | ས་གནས། | མཆན། | |
| མཁར། | ཟ་རང་བཀྲ་ཤིས་ཁང་གསར། | ཟ་རང་གྲོང་། | ཟ་རང་དཔོན་གྱི་འདུ་གནས་ཐོག་བརྩེགས་གསུམ་ཅན་ཡོད་པ་དེ་ཡིན། ཟ་རང་དཔོན་ཐོག་མ་རུ་ཐོག་ཏུ་བཞུགས་ཀྱང་ཕྱིས་ཟ་རང་དུ་སྤོས། |
| མཁར། | བར་ཀྱོག་མཁར་ཆེན། | བར་ཀྱོག | མཁར་ཆེན་དེར་ཤར་སྒོ་དང་ནུབ་སྒོ་ཐོག་བརྩེགས་བཞི་ལྡན་བརྗིད་ཆགས་ལྡན་པ་ཞིག་ཡོད། མཁར་དེར་རྩེ་ནས་གཤམ་དུ་ཕུག་ལམ་དྲུས་ཡོད་པ་དེ་ནི་ཆུ་ལེན་ས་དང་གསང་བརྡ་སྤྲོད་ས་ཞིག་ཡིན། ཕྱི་ལོ་ ༡༩༧༥ ལོར་ས་ཡོམ་རྐྱེན་པས་ཞིག་རལ་དུ་གྱུར། |
| མཁར། | གསུམ་དཀྱིལ་ཡུལ་གྱི་མཁར་གོག | གསུམ་དཀྱིལ། | ཁུལ་དེར་མཁར་གོག་གི་ཤུལ་མང་པོ་ཡོད་པ་དེ་དག་ནི་གུ་གེ་རྒྱལ་པོའི་སྐབས་ཡུལ་དེར་མི་མང་འཚོ་སྡོད་ཤུགས་ཆེ་ཙམ་བྱུང་བར་མངོན། |
| མཁར། | བསམ་གྲུབ་ཁྱུང་རྫོང། | ལུགས་པ་གྲོང་། | མཁར་རྫོང་དེའི་སྐོར་གསལ་ཁ་མ་རྙེད། |
| མཁར། | ལྷག་པ་ཁུལ་གྱི་མཁར་དང་ཕུག་པ། | ལྷག་པ་གྲོང་། | ལྷག་པ་གྲོང་ཚོའི་ལྷག་པ་དགོན་གྱི་ཉེ་འདབས་སུ་མཁར་རྫོང་བཞི་དང་ཕུག་པ་བཞི་ཡོད། |
| མཁར། | བྱང་བཏང་མཁར་དང་ཕུག་པ། | བྱང་བཏང། | བྱང་བཏང་ཡུལ་ལ་མཁར་གོག་གི་ཤུལ་དང་། གྱང་གོག ཕུག་པ་མང་པོ་ཡོད། ཕུག་པ་དེ་དག་ནི་གནའ་དུས་ཡུལ་མིའི་སྡོད་གནས་ཡིན། |
| མཁར། | ཕྱི་དབང་མཁར་གོག | ཕྱི་དབང། | ཁུལ་དེར་མཁར་གོག་ཤུལ་ཆེ་ཆུང་གཉིས་ཡོད་པ་སྟེང་གི་ཆེ་བ་དེ་གུ་གེ་རྒྱལ་པོ་ཇོ་བདག་པོའི་སྡོད་གནས་དང་། འོག་གི་ཆུང་བ་དེ་མདའ་བ་ཆོས་རྒྱལ་གྱི་སྡོད་གནས་ཡིན་སྐད། |
| མཁར། | མཁར་རྫོང། | མཁར་རྩེ། | མཁར་དེ་ནི་ཤིན་ཏུ་བཙན་ཞིང་ཆུ་ལེན་སའི་ཕུག་ལམ་དང་རྩེ་ཐོག་ཏུ་དགྲ་ལ་འཕེན་ཆེད་རྡོ་ཧྲུག་དུ་མས་གཏམས་ནས་ཡོད། |
| མཁར། | མཁར་རྩེའི་ཁང་རྙིང། | མཁར་རྩེ། | ཁུལ་དེར་ཁང་རྙིང་ལྔ་དྲུག་ཙམ་མཆིས་པ་དེ་དག་ནི་མཁར་རྩེ་རྒྱལ་པོའི་རྒྱལ་རྒྱུད་ཀྱི་སྡོད་གནས་ཡིན། |
| མཁར། | གུ་གེ་བློས་ཐུབ་མཁར། | རྩ་མདའ་རྫོང་ལྟེ་བ། | གུ་གེ་ཇོ་བདག་པོའི་མཁར་དང་། ཁར་དེ་ཤིན་ཏུ་བཙན་པས་དགྲ་བོས་གནོད་པ་ཡེ་ནས་བསྐྱལ་མི་ཐུབ་པས་མཚན་དེ་ལྟར་གྲགས། |
| མཁར། | ཆིབས་ར་སྐར་མ་ཐང་ཆེན། | རྩ་མདའ་རྫོང་ལྟེ་བ། | བློས་ཐུབ་མཁར་གྱི་རྩེ་མོའི་ཕྱོགས་སུ་གནས་ཡོད། གུ་གེ་ཇོ་བདག་རིམ་བྱོན་གྱི་ཆིབས་རྟ་འདོགས་ས་དང་། མཚམས་རེ་རྟ་རྩལ་དང་ཤོན་ཡང་འཁྲབ་ཀྱི་ཡོད། |
| མཁར། | ཇོ་བདག་པོ་རིམ་བྱོན་གྱི་ཕོ་བྲང་། | རྩ་མདའ་རྫོང་ལྟེ་བ། | གུ་གེ་བློས་ཐུབ་མཁར་གྱི་བྱང་ཕྱོགས་སུ་ཡོད་ཅིང་། ཇོ་བདག་རིམ་གྱི་བཞུགས་གནས་ཡིན། |
| མཁར། | བློན་ཆེ་ཆུང་གི་སྡོད་ཁང་། | རྩ་མདའ་རྫོང་ལྟེ་བ། | གུ་གེ་ཇོ་བདག་གི་བློན་ཆེ་ཆུང་གི་སྡོད་ཁང་། |
| མཁར། | རྩ་རང་དཔོན་གྱི་སྡོད་ཁང་། | རྩ་མདའ་རྫོང་ལྟེ་བ། | བློས་ཐུབ་མཁར་དེ་བཞིན་དགའ་ལྡན་ཕོ་བྲང་གི་དུས་སྐབས་སུ་རྩ་རང་དཔོན་གྱི་བཞུགས་གནས་སུ་བསྒྱུར། བློས་ཐུབ་མཁར་གྱི་ཤང་རྩེ་མཁར་དེ་རྫོང་དཔོན་བཞུགས་གནས་ཡིན། |
| མཁར། | མི་སེར་སྡོད་གནས་ཀྱི་ཕུག་པ། | རྩ་མདའ་རྫོང་ལྟེ་བ། | གནའ་དུས་ཇོ་བདག་གི་མི་སེར་སྡོད་ཡུལ། |
| གནས། | རྡོ་གཤམ་མུག་མཁར་མཆོད་རྟེན། | རྡོ་གཤམ་མུག་མཁར། | ཁུལ་དེར་བྱང་ཆུབ་མཆོད་རྟེན་ཁྱད་འཕགས་ཤིག་དང་། དེ་མིན་མཆོད་རྟེན་ཞིག་ཤུལ་མང་པོ་དང་། སྔར་ཁུལ་དེར་རང་བྱུང་གནོད་འཚེའི་ཁ་གནོན་དུ་མཆོད་རྟེན་མང་པོ་བཞེངས་སྲོལ་མཆིས། |
| གནས། | ཁྱི་ར་མགོན་པོ་རྡོ་རྗེ། | མཁར་རྩེ། | མཁར་རྩེའི་ཡུལ་གྱི་དགུན་ས་གྲུ་པེ་ཞེས་པའི་བྲག་ནག་པོ་དེར་ཁྱི་ར་མགོན་པོ་རྡོ་རྗེ་ཞེས་བྲག་བརྐོས་རི་མོ་རི་དྭགས་རྒྱག་པའི་རྣམ་པ་དང་། གཟིག་གིས་ཤྭ་བ་སོགས་རྗེས་འདེད་གཏོང་བའི་རྣམ་པ་འདུག |
| གནས། | བར་རྫོང་གོག་པོ། | མཁར་རྩེ། | ཁུལ་དེར་དགོན་པ་དང་ཕུག་པ་གྲངས་ཀྱིས་གཞལ་བར་དཀའ་བ་མང་པོ་དང་། ལྷ་ཁང་ཁག་ལ་རི་དྭགས་ཤ་བ་སོགས་ཀྱི་རི་མོ་ཕུན་སུམ་ཚོགས་པ་ཡོད། |
| གནས། | ལྕང་ལོ་ཅན། | མཁར་རྩེ། | ཁུལ་དེར་སྔར་ལྷ་ཁང་བྱུང་མྱོང་བའི་གྱང་གོག་དང་། ཕུག་པའི་ནང་ལ་མགོན་པོ་ཕྱག་དྲུག་དང་། བྱང་ཆུབ་འོད་སོགས་ཀྱི་བྲིས་སྐུ་མཆིས། |
| གནས། | མཚམས་ཕུག | མཁར་རྩེ། | བྲག་རྫོང་ཤིན་ཏུ་བཙན་པའི་སྒྲུབ་ཕུག་ཅིག་གི་ནང་ལ་སྟོན་པ་ཤཱཀྱ་ཐུབ་པ་སོགས་ཀྱི་ལྡེབས་རིས་མཆིས། |
| གནས། | དུང་དཀར་ཟ་ར། | དུང་དཀར། | དུང་དཀར་ཟ་ར་ནི་དུང་དཀར་ཁུལ་ན་གྲགས་པ་ཆེ་བའི་ཕུག་པ་གསུམ་ཡོད་པ་དེར་ཟེར། ཕུག་པ་གསུམ་པོ་ནི་བྱང་སེམས་པའི་ལྷ་ཁང་། དཀྱིལ་འཁོར་ལྷ་ཁང་། གསང་སྔགས་ལྷ་ཁང་བཅས་ཡིན། |
| གནས། | ལྷ་ཆེན་མེས་བའུ། | ཤང་རྩེ་གྲོང། | གནས་རི་དེ་ནི་གུ་གེ་རྒྱལ་པོ་རིམ་བྱོན་གྱིས་ལྷ་གསོལ་ཞུ་ཡུལ་ཡིན། གནས་རི་དེའི་རྩེ་ལ་ལྷ་བཙན་དཀར་པོ་དང་བཙན་རྒོད་དམར་པོ། ཀླུ་བདུད་ནག་པོ་ཞེས་ཕོ་བྲང་ཚོན་མདོག་མི་འདྲ་བ་ཆུང་ཆུང་གསུམ་ཡོད། |
| གནས། | ཉི་དབང་ཕུག་པ། | ལུགས་པ་གྲོང། | དུས་རབས་བཅུ་པའི་སྐབས་ཀྱི་ཕུག་པ་ཞིག་ཡིན་ཞིང་། ཕུག་པ་དེ་དག་གི་ནང་ལ་ལྡེབས་རིས་སྣ་ཚོགས་མཆིས། |
| གནས། | ཇོ་བོ་སྤུ་བློན། | ལུགས་པ་གྲོང། | དེའི་དབྱིབས་ནི་མཆོད་རྟེན་གྱི་དབྱིབས་འདྲ་ཞིང་དེ་ཡུལ་སའམ་ཡུལ་ལྷ་གནས་བདག་གི་ཕོ་བྲང་ཡིན་སྐད། |
| གནས། | སྲིན་མོའི་ལག་པ། | སེན་སྒང་གྲོང། | གསེར་ཏིག་དམ་ཆོས་གླིང་དགོན་གྱི་ཉེ་འགྲམ་དུ་མཆོད་རྟེན་གསུམ་ཡོད། ད་དུང་རི་ཞིག་གི་སྟེང་ལ་མཆོད་རྟེན་ཞིག་ཡོད་པ་དེར་སྲིན་མོའི་ལག་པ་ཟེར། མཆོད་རྟེན་དེ་ནི་ཡ་མཚན་ཅན་ཞིག་ཡོད། |
| གནས། | བྱམས་པ་ཀེར་བཞེངས། | གསུམ་དཀྱིལ། | སྐུ་བརྙན་དེ་ནི་མཚམས་ཕུག་རྙིང་པ་ཞིག་ནང་ལ་བཞུགས་ཤིང་། ཤོད་སྲོལ་ལ་སྐུ་དེ་ལོ་ཆེན་རིན་བཟང་སྐབས་ཀ་ཤིར་སྨིར་ནས་གདན་འདྲེན་ཞུས་སྐད། |
| གནས། | བར་ཀྱོག་མཆོད་རྟེན། | བར་ཀྱོག | མཆོད་རྟེན་དེ་དག་ནི་བར་ཀྱོག་རབ་བརྟན་དགོན་གྱི་མདུན་དུ་ཡོད། ཁྱོན་བསྡོམས་མཆོད་རྟེན་ལྔ་དང་མན་ཐང་རིང་པོ་གཅིག་བཅས་ཀྱིས་མཐའ་བསྐོར་ནས་ཡོད། |
| གནས། | ཆོས་རྗེ་རི་པའི་སྒྲུབ་ཕུག་དང་། དབུ་རྗེས། ཞབས་རྗེས། | བར་ཀྱོག། | གནས་རྟེན་འདི་དག་ནི་བར་ཀྱོག་ལུང་པའི་ཕུ་ལ་ཡོད་པར་གྲགས་སོ། |
| གནས། | གཏི་ཡག་མཆོད་རྟེན། | གཏི་ཡག | མཆོད་རྟེན་དེ་ནི་གཏི་ཡག་ལྷ་ཁང་གི་སྒོའི་ཁ་སྤྲོད་དུ་ཡོད། མཆོད་རྟེན་དེ་རྡོ་དང་ཤིང་འདམ་ལས་གྲུབ་པའི་རིམ་པ་བཞི་བརྩེགས་ཤིག་ཡིན། མཆོད་རྟེན་བཞེངས་དོན་ཆུའི་འཇིགས་པ་ལས་སྐྱོབ་ཆེད་དུ་ཡིན་པར་གྲགས། |
| གནས། | སྲིབ་སྐྱིབ་ལ། | སྲིབ་སྐྱིབ། | ལ་དེ་ནི་མངའ་རིས་ཡུལ་ན་སྐད་གྲགས་ཆེ་བའི་ཚོང་ལམ་ཆེན་པོ་ཞིག་ཡིན། གནའ་དུས་སུ་ནུབ་རོང་པ་དང་བྱང་ཐང་འབྲོག་པའི་ཚོང་པ་འདུ་འཛོམས་བྱས་ཏེ་ཚྭ་སོགས་བརྗེ་ལེན་བྱེད་ཡུལ་གཙོ་བོ་ཞིག་ཡིན། |
| གནས། | སུ་རུ། | རི་ལྟེ་སྒང་གྲོང་། | གནས་རི་དེ་ནི་གུ་གེ་རྒྱལ་པོའི་མངའ་ཁོངས་སུ་མཆིས་པའི་གནས་ཆེན་ཐམས་ཅད་ཀྱི་གོང་བ་ཡིན་ཞེས་སོ།། རྟེན་གཙོ་རྒྱུ་རྡོ་ཀ་མ་རུ་པར་བརྐོས་བརྒྱབ་པའི་སྒྲོལ་མ་ཉེར་གཅིག་གི་སྐུ་འདྲ་དེ་ཡིན། |
| གནས། | རི་ཇོ་བའི་ཕོ་བྲང་། | རི་བ་ཡུལ། | ཕོ་བྲང་དེ་ནི་ཧ་ཅང་ལེགས་པོ་ཡོད་ཅིང་། དེར་ཆོས་ཁང་དང་གཅོད་ཁང་སོགས་ཡོད་པས་གནས་མཇལ་དུ་ཡོང་མཁན་མང་། རི་ཇོ་བ་ནི་མི་རྒྱུད་མང་པོའི་ལོ་རྒྱུས་ལྡན་པའི་ཇོ་བ་གྲགས་ཅན་ཞིག་ཡིན། |
| དེང་གི་མངའ་རིས་རྩ་རང་ཁུལ་ནས་རྡོ་ཆས་བསྡོམས་ ༡༠༢ རྙེད་པའི་ནང་དུ་རྡོ་རྙིང་དང་། གཞོག་རྡོ། འབིགས་རྡོ། རྡོ་གཡམ་སོགས་ཡོད། གོང་གསལ་རྡོ་ཆས་དག་ལས། རི་དྭགས་ཀྱི་ཤ་བྱིན་པ་ལ་གཞོག་རྡོ་དང་། ས་ཁུང་སོགས་བརྐོ་བ་ལ་འབིགས་རྡོ། རི་དྭགས་གསོད་པ་ལ་རྡེབ་རྡོ་བཅས་རྡོ་ཆས་ཀྱི་རིགས་དང་བཟོ་དབྱིབས། སྤྱོད་སྒོ་སོགས་མི་འདྲ་བ་སྣ་ཚོགས་ཤིག་ཡོད་འདུག13 | |||
དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།