ལེ་ཚན་དྲུག་པ། དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ།
དང་པོ། དགོན་སྡེ།
| ཨང་། | དགོན་པའི་མིང་། | བཞེངས་དུས། | བཞེངས་མཁན། | ཆོས་བརྒྱུད། |
| ༡ | དཀར་དུང་དགའ་ལྡན་ལྷ་ཁང་། | དུས་རབས་ ༡༠། | མངའ་བདག་རྒྱལ་པོ་ལྷ་སྡེ། | རྙིང་མ། |
| ༢ | འཁོར་ཆགས་གཙུག་ལག་ཁང་། | ཕྱི་ལོ་ ༩༩༦། | མངའ་བདག་རྒྱལ་པོ་ལྷ་སྡེ། | ས་སྐྱ་ངོར་པ། |
| ༣ | ཞི་སྡེ་དགོན། | དུས་རབས་ ༡༥། | དཔོན་ཕུན་ཚོགས་དབང་པོ། | ས་སྐྱ་ངོར་པ། |
| ༤ | སྙེ་མགོ་དགོན། | དུས་རབས་ ༡༧། | ངོར་ཆེན་ཀུན་དགའ་ལྷུན་གྲུབ། | ས་སྐྱ། |
| ༥ | གཤགས་འཕེལ་གླིང་། | དུས་རབས་ ༡༧ ། | སོག་པོ་དགའ་ལྡན་ཚེ་དབང། | བཀའ་བརྒྱུད། |
| ༦ | གསལ་བ་ལུང་དགོན། | ཕྱི་ལོ་ ༡༦༦༨། | གྲུབ་ཐོབ་དཀོན་མཆོག་བརྟན་པ་རབ་རྒྱས། | བཀའ་བརྒྱུད། |
| ༧ | བྱ་སྐྱིབས་དགོན། | དུས་རབས་ ༡༣། | གྲུབ་ཐོབ་གཙང་སྨྱོན་པ། | བཀའ་བརྒྱུད། |
| ༨ | བྱིའུ་དགོན། | དུས་རབས་ ༡༤། | སྐྱབས་མགོན་གངས་རི་བ། | བཀའ་བརྒྱུད། |
| ༩ | གླང་སྣ་དགོན། | གྲུབ་ཐོབ་སྙེ་མོ་བ་བསམ་གཏན་ཕུན་ཚོགས། | བཀའ་བརྒྱུད། | |
| ༡༠ | སེར་ར་ལུང་དགོན། | འབྲི་གུང་བླ་མ་དཀོན་མཆོག | བཀའ་བརྒྱུད། | |
| ༡༡ | ཆོས་སྐུ་དགོན། | གཉན་པོ་གྲུབ། | བཀའ་བརྒྱུད། | |
| ༡༢ | རྫུ་འཕྲུལ་ཕུག་དགོན། | བཀའ་བརྒྱུད། | ||
| ༡༣ | རྒྱང་གྲགས་དགོན། | ཆོས་རྗེ་ཕུན་ཚོགས་རྒྱ་མཚོ། | བཀའ་བརྒྱུད། | |
| ༡༤ | འབྲི་རྭ་དགོན། | སྐྱབས་མགོན་གངས་རི་བ། | བཀའ་བརྒྱུད། | |
| ༡༥ | དགུང་འཕུར་དགོན། | འབྲི་གུང་སྤྱན་སྔ་གླིང་པ། | བཀའ་བརྒྱུད། | |
| ༡༦ | དགུང་འཕུལ་ལྷ་ཁང་། | བཀའ་བརྒྱུད། | ||
| ༡༧ | རྩྭ་ཕུ་ལྷ་ཁང། | དགེ་ལུགས། | ||
| ༡༨ | འགོ་འཛུགས་དགོན། | དུས་རབས་ ༡༨། | དགེ་སློང་སྦྱིན་པ་ནོར་བུ། | དགེ་ལུགས། |
| ༡༩ | ཁྲུས་སྒོ་དགོན། | དུས་རབས་ ༡༦། | གངས་རི་རྡོར་འཛིན་སྐྱེ་བ། | དགེ་ལུགས། |
| ༢༠ | བོན་རི་དགོན། | མཁས་གྲུབ་བློ་བཟང་ནོར་བུ། | དགེ་ལུགས། | |
| ༢༡ | ལོག་པ་ལྷ་ཁང་། | དགེ་ལུགས། | ||
| ༢༢ | ཁ་ཆར་གྱི་ལྷ་ཁང་། | |||
| ༢༤ | རྩེ་བརྒྱད་ལྷ་ཁང་། |
གཉིས་པ། གྲགས་ཅན་མི་སྣ།
| ཨང་། | མཚན། | འཁྲུངས་ཡུལ། | འཁྲུངས་འདས། | མཆན། |
| ༡ | ཞང་བཙུན་དར་མ་རིན་ཆེན། | སྤུ་ཧྲེང་། | གཏེར་སྟོན་བརྒྱ་རྩའི་ཡ་གྱལ། | |
| ༢ | ལྷ་བླ་མ་བྱང་ཆུབ་འོད། | སྤུ་ཧྲེང་། | ཇོ་བོ་རྗེ་བོད་དུ་གདན་དྲངས། | |
| ༣ | གཤེན་རབས་མི་བོ་ཆེ། | འོལ་མོ་ལུང་རིངས། | གཡུང་དྲུང་བོན་གྱི་བསྟན་པའི་སྲོལ་འབྱེད། | |
| ༤ | ལྷ་ལྡེ། | |||
| ༥ | འོད་ལྡེ་བཙན། | མངའ་བདག་ལྷ་ལྡེའི་སྲས་ཡིན། | ||
| ༦ | བཀྲ་ཤིས་འོད། | མངའ་བདག་ལྷ་ལྡེའི་སྲས་ཡིན། | ||
| ༧ | ཡོངས་སྲོང་ལྡེ། | མངའ་བདག་ལྷ་ལྡེའི་སྲས་ཡིན། | ||
| ༨ | བློག་རྩ་བཙན་སྲོང་། | ་ | མངའ་བདག་འོད་ལྡེའི་སྲས་ཡིན། | |
| ༩ | ཕྱེ་ཚ་རྩེ་ལྡེ། | མའང་བདག་འོད་ལྡེའི་སྲས་ཡིན། | ||
| ༡༠ | ལྡེ་རྩ་ཁྲི་སྲོང་ལྡེ། | མངའ་བདག་འོད་ལྡེའི་སྲས་ཡིན། | ||
| ༡༡ | ཁྲི་བཙན་ལྡེ། | མངའ་བདག་བཙན་སྲོང་གི་སྲས་ཡིན། | ||
| ༡༢ | བཙན་ཕྱུག་ལྡེ། | མངའ་བདག་ཁྲི་བཙན་ལྡེའི་སྲས་ཡིན། | ||
| ༡༣ | གྲགས་བཙན་ལྡེ། | མངའ་བདག་བཙན་ཕྱུག་ལྡེའི་སྲས་ཡིན། | ||
| ༡༤ | ཁྲི་བཀྲིས་བཙན་སྟོབས་ལྡེ། | མངའ་བདག་གྲགས་བཙན་ལྡེའིསྲས་ཡིན། | ||
| ༡༥ | ཁྲི་འབར་བཙན། | མངའ་བདག་ཁྲི་བཀྲིས་བཙན་སྟོབས་ལྡེའི་སྲས། | ||
| ༡༦ | བཀྲ་ཤིས་དངོས་གྲུབ་མགོན་པོ། | མངའ་བདག་ཁྲི་འབར་བཙན་གྱི་སྲས་ཡིན། | ||
| ༡༧ | ཁྲི་བཙན་ལྡེ། | བཀྲ་ཤིས་མགོན་པོའི་སྲས་ཡིན། | ||
| ༡༨ | རྣམ་ལྡེ་དགོན། | |||
| ༡༩ | རྒྱལ་སྡོབས་ལྡེ། | རྣམ་ལྡེ་མགོན་གྱི་གཅེན་པོ་དངོས་གྲུབ་ཀྱི་སྲས། | ||
| ༢༠ | ཁྲི་བཀྲ་ཤིས་རྒྱལ་ལྡེ། | |||
| ༢༡ | བཀྲ་ཤིས་སྟོབས་ལྡིང་བཙན། | |||
| ༢༢ | ཨར་ལྡེ། | བཀྲིས་སྟོབས་ལྡིང་བཙན་གྱི་སྲས་ཡིན། | ||
| ༢༣ | ཆོས་བཙན་ལྡེ། | བཀྲིས་སྟོབས་ལྡིང་བཙན་གྱི་སྲས་ཡིན། | ||
| ༢༤ | ལྷ་བཙུན། | བཀྲིས་སྟོབས་ལྡིང་བཙན་གྱི་སྲས་ཡིན། | ||
| ༢༥ | བཀྲ་ཤིས་བསོད་ནམས་ལྡེ། | ལྷ་བཙུན་གྱི་སྲས་ཡིན། | ||
| ༢༦ | ལྔ་ལྡེ། | |||
| ༢༧ | དཔལ་མགོན་ལྡེ། | |||
| ༢༨ | ཀྱིར་ཏི་མེལ། | |||
| ༢༩ | གྲུབ་ཆེན་ཡུ་མོ་མི་བསྐྱོད་རྡོ་རྗེ། | ཇོ་ནང་པའི་མཁས་པ་ཞིག | ||
| ༣༠ | རྒྱ་བརྩོན་འགྲུས་སེང་གེ། | ཇོ་བོ་རྗེ་གདན་འདྲེན་མཛད། |
གསུམ་པ། གནའ་ཤུལ།
| མཁར། བང་སོ། དུར། གནས། | ས་གནས། | མཆན། | |
| རྡོ་རིང། | རྡོ་རིང་ཐང་ཀ | དཀར་དུང་། | ཁུལ་དེར་རྡོ་རིང་ཆེ་ལ་རིང་ཞིང་མཐུག་པའི་རིགས་ཧ་ཅང་མང་། |
| མཁར། | སྟག་རྣ་དབལ་གྱི་རྫོང་མཁར། | བོན་རི་སྟག་རྣ་རོང་། | ཞང་ཞུང་རྒྱལ་པོ་ཁྲི་ལྡེམ་ལྕགས་ཀྱི་བྱ་རུ་ཅན་གྱི་མཁར། |
| མཁར། | མ་སྤང་སྤོས་མོ་མཁར། | སྤུ་ཧྲེང་། | སྔར་ཞང་ཞུང་རྒྱལ་ཕྲན་སྐབས་ཀྱི་མཁར་རྙིང་ཡིན་སྐད། |
| མཁར། | སྤུ་ཧྲེང་སྟག་ལ་མཁར། | སྟག་ལ་མཁར། | སྔར་ཞང་ཞུང་རྒྱལ་ཕྲན་སྐབས་ཀྱི་མཁར་རྙིང་ཡིན་སྐད། |
| གནས། | ནམ་མཁའ་ཁྱུང་རྫོང་། | སྤུ་ཧྲེང་། | གནས་དེ་ནི་སྤུ་རང་ཁུལ་ན་མཆིས་པའི་སྒྲུབ་སྡེ་རྒྱ་ཆེན་ཞིག་ཡིན། |
| མཁར། | དཀར་དུང་སྐུ་མཁར་ཉི་ཟུངས། | དཀར་དུང། | སྐྱིད་ལྡེ་ཉི་མ་མགོན་གྱིས་བཞེངས་པའི་སྐུ་མཁར་ཞིག་ཡིན། |
| མཁར། | རྒྱལ་ཏི་མཁར། | སྤུ་ཧྲེང་། | ཆོས་རྒྱལ་ནོར་བཟང་གི་མཁར་ཡིན་སྐད། |
| མཁར། | ཞི་སྡེ་ཁྱུང་རྫོང་དཀར་མོ། | སྤུ་ཧྲེང་། | དཔལ་སྡེ་མགོན་གྱིས་བཞེངས་པར་གྲགས། |
| མཁར། | རྩེ་རྫོང་། | ལྷ་བླ་མ་བྱང་ཆུབ་འོད་སོགས་བཞུགས་གནས་ཡིན། | |
| མཁར། | སྟག་ཆེན་རྔམ་རྫོང་མཁར། | སྤུ་ཧྲེང་། | ཞང་ཞུང་རྒྱལ་པོ་ག་ལྗང་འོད་ཀྱི་བྱ་རུ་ཅན་གྱི་ཕོ་བྲང། |
| མཁར། | ཁྲོ་ཆུའི་མཁར། | ཁ་ཡུག་ཡུལ། | ཞང་ཞུང་རྒྱལ་པོ་ཨུཏྤལ་འོད་ཀྱི་བྱ་རུ་ཅན་གྱི་ཕོ་བྲང་། |
| གནས། | དགུང་འཕུར། | སྐྱིད་རང། | ཆོས་རྒྱལ་ནོར་བཟང་གི་རྣམ་ཐར་ཁྲོད་ཀྱི་དགུང་འཕུར་ཞེས་པའི་གནས་ཡིན་པར་གྲགས། |
| གནས། | འཁོར་ཆགས་ཇོ་བོ། | འཁོར་ཆགས་གྲོང། | སྐུ་སྨད་བཟོ་བོས་བསྐྲུན་པ་དང་སྐུ་སྟོད་རང་བྱོན་ཡིན་པར་གྲགས། |
| མཁར། | གངས་ཏེ་སི་བོན་མཁར། | བར་མཐའ་གྲོང་། | གནའ་ཤུལ་དེ་ད་ལྟ་རྗེས་ཤུལ་དང་རླུང་རྟ་དར་ལྕོག་འཛུགས་ས་ཙམ་ལས་མེད་ཀྱང་། དེ་སྔ་བོན་ཆོས་དང་འབྲེལ་བའི་མཁར་ཞིག་ཡིན་པར་སྙམ། |
| གནས། | ཤེལ་འདྲ། | བར་ཁ་གྲོང། | གངས་རིན་པོ་ཆེ་དང་ཉེ་བའི་རི་ཁྲོད་དེ་ནི་སེང་ལུང་དགོན་གྱི་སྟོད་དུ་ཆགས་ཡོད། |
| གནའ་ཤུལ། | མཆོད་རྟེན་གོང་བཟང་། | བར་ཁ་གྲོང་། | གནའ་ཤུལ་དེར་ཁང་ཤུལ་བརྒྱད་དགུ་ཡོད་ཅིང་། དེ་རྣམས་གངས་རི་ཁུལ་དུ་གྲུབ་པ་ཉམས་ལེན་བྱེད་མཁན་གྱི་སྔ་མོའི་བོན་པོ་བ་དག་གི་གནས་ཡུལ་ཡིན་པར་གྲགས། |
| གནའ་ཤུལ། | གཡུ་ཕུག | དཀར་དུང་། | ཁུལ་དེར་གནའ་བོའི་གྱང་རོ་མང་པོ་དང་།མཆོད་རྟེན་གོག་པོ་མི་ཉུང་བ་མཆིས། |
| གནའ་ཤུལ། | པད་མ་ཕུག | དཀར་དུང། | ཁུལ་དེར་མཁར་གོག་དང་མཆོད་རྟེན་ཆེ་བ་ཞིག་ཡོད། མཆོད་རྟེན་དེའི་གྲུ་རེ་ལ་བུམ་པ་རེ་མཆིས། ཕུག་པའི་ཉེ་འགྲམ་དུ་ཐབ་ཚང་དང་གསང་སྤྱོད། བྲག་ཕུག་ཆུང་ཆུང་མང་པོ་དེ་དག་ནི་སྒྲུབ་པ་སྐྱོན་ས་ཡིན་ཞེས་བརྗོད། |
| གནས། | ཆོས་ཕུག | དཀར་དུང། | ཁུལ་དེར་ལྡེབས་རིས་དང་མཆོད་རྟེན། འཇིམ་སྐུ་རྩ་གཏོར་བཏང་བའི་ཆག་ཧྲུག་བཅས་ཡོད། |
| མཁར། | པདྨ་མཁར། | གཞུང་པ། | ཁུལ་དེར་མཁར་རྙིང་ཡ་མཚན་ཅན་མང་པོ་བྱུང་བའི་ཤུལ་མཐོང་རྒྱུ་ཡོད་་ལ། རྩིག་གསེང་ནས་ཤིང་ཆ་རྙིང་ཧྲུལ་དང་སོལ་བ་སོགས་ཐོན། |
| གནས། | མཆོད་རྟེན་ཁོང་སེང། | གངས་ཏི་སེའི་འདབས། | རྗེ་བཙུན་མི་ལ་དང་བོན་ཆུང་གཉིས་རྫུ་འཕྲུལ་འགྲན་ཏེ་ན་རོ་བོན་ཆུང་ཤོར་བས་རྗེ་བཙུན་གྱིས་བོན་ཆུང་སྡོད་གནས་སུ་གནང་བར་གྲགས། |
| གནས། | འབྲོང་ལུང། | ཏི་སེའི་རྒྱབ་རི་བྱང་། | མཁའ་འགྲོ་སེང་གདོང་མ་འབྲོང་དུ་སྤྲུལ་པའི་གནས་ཡིན་པ་བཤད། |
| གནས། | འབྲི་རྭ་ཕུག | གངས་ཏི་སེ། | ཕུག་པ་དེར་རྒྱལ་བ་རྒོད་ཚང་པ་སྒྲུབ་པ་ལ་བཞུགས་མྱོང་བ་བཤད། |
| གནས། | བྱ་རོག་མགྲོན་ཁང། | གངས་ཏི་སེ། | ཁུལ་དེར་མགོན་པོ་བྱ་རོག་ལ་སྤྲུལ་ནས་རྡོ་ལ་ཐིམ་པར་གྲགས། |
| གནས། | རྫུ་འཕྲུལ་ཕུག | གངས་ཏི་སེ། | རྗེ་བཙུན་མི་ལས་རྫུ་འཕྲུལ་འགྲན་པའི་གནས་ཡིན་པར་གྲགས། |
| གནས། | རྡོ་རྗེ་ཕུག | གངས་ཏི་སེ། | གནས་འདིས་མཛེ་ནད་ཞི་བར་བྱེད་པར་གྲགས། |
| པར་ཁང་། | ནམ་མཁའ་ཁྱུང་རྫོང་པར་ཁང་། | ||
མཁར་ཤུལ་དེ་དག་གི་ས་ངོས་རྟོག་ཞིབ་ཀྱི་སྐོར་ནས་བཤད་ན། མི་ལོ་ཉིས་སྟོང་ཡས་མས་ཀྱི་ལོ་རྒྱུས་ཡོད་པའི་ཁྱུང་ལུང་དངུལ་མཁར་ལ་སྨི་ངོས་སྙོམས་གྲུ་བཞི་མ་ཁྲི་བཅུ་གཅིག་ལྷག་ཙམ་ཡོད་ཅིང་། གནའ་ཤུལ་དེའི་བཟོ་བཀོད་ཐད་ནས་གླིང་བཞི་རུ་ཕྱེ་སྟེ། རྒྱལ་པོའི་མཁར་རྫོང་ཙམ་མ་ཟད། ཆོས་ལུགས་ཆོ་ག་སྤེལ་སའི་ཁང་པ་དང་། དེ་བཞིན་ཕྱུགས་ར་དང་འཐུང་ཆུ་ལེན་སའི་ཡུར་བུ། མཁར་རྫོང་སྲུང་སྐྱོབ་བྱེད་པའི་འཛིང་རགས་སོགས་གནའ་བོའི་རྒྱལ་རབས་རྙིང་པ་ཁག་གི་རྒྱལ་ས་ལ་ཚང་དགོས་པའི་ཆ་རྐྱེན་ཇི་ཡོད་འཛོམས་ཚུལ་ཤེས་རྟོགས་བྱུང་ཡོད།[1] ད་དུང་བོན་གྱི་བླ་མ་དྲན་པ་ནམ་མཁའི་རྡོ་སྐུ་རང་བྱོན་ནམ་ཁ་རག་རྡོ་སྐུ་དང་། གུར་གྱམ་དགོན་པའི་རྒྱལ་སྒོའི་འགྲམ་ནས་བཙལ་རྙེད་བྱུང་བའི་མི་ལོ་ཆིག་སྟོང་དྲུག་བརྒྱའི་ལོ་རྒྱུས་ལྡན་པའི་དུར་ཁུང་སོགས་ཡོད། དུར་ཁུང་དེ་ནས་ཐོན་པའི་དངོས་རྫས་ཀྱི་གྲས་སུ་ཤིང་ཆ་དང་། སྦ་སྨྱུག་ལས་བཟོས་པའི་འཚོ་བའི་ཡོ་ཆས། ལི་ལས་གྲུབ་པའི་སྣོད་ཆས། ལྕགས་ལས་བཟོས་པའི་གྲི། དེ་བཞིན་མི་ལོ་ཉིས་སྟོང་ཙམ་ཕྱིན་པའི་དར་གོས་དང་ཟས་རིགས་སྙིགས་རོ་དང་གསེར་གྱི་ཞལ་འབག་སོགས་ཡོད། དེ་དག་གི་ཁྲོད་ལས་གོས་ཆེན་སྔོ་ཁྲ་རྨ་བྱའི་རི་མོ་དང་རྒྱ་ཡིག་གི་ཡིག་རིས་ཡོད་པ་ཞིག་དང་། འབྲུ་རིགས་ཀྱི་ཟས་རོ་ཐོན་པ་རྣམས་ནི་བོད་མཐོ་སྒང་ནས་ཐོན་པ་ཐོག་མ་ཡིན། ཚན་རིག་ཐོག་ནས་བརྟག་དཔྱད་བྱས་པ་བརྒྱུད་འབྲུ་རིགས་ཀྱི་ཟས་རོ་དེ་དག་ནི་འབྲུ་རྡོག་དང་ཇ་རོ་ཡིན་པར་ར་སྤྲོད་བྱུང་བས། དེ་དག་ལས་བོད་མཐོ་སྒང་དུ་ཇ་འཐུང་བའི་ལོ་རྒྱུས་མི་ལོ་ཉིས་སྟོང་ཙམ་གྱི་སྔོན་ནས་ཡོད་པ་གསལ་བཤད་བྱས་ཡོད།[2] ད་དུང་མཁར་གདོང་གི་བྱང་ཆུབ་མཚམས་ཀྱི་ཆུ་ནག་མདོ་ལར་མོན་དུར་གྱི་གནའ་ཤུལ་གཞི་རྒྱ་ཆེ་བ་ཞིག་ཡོད། དེ་ནི་མངའ་རིས་ཁུལ་ནས་རྙེད་པའི་གནའ་བོའི་དུར་གནས་ཆེ་ཤོས་ཤིག་ཡིན་ཅིང་། ཞང་ཞུང་རྒྱལ་རབས་དར་རྒྱས་ཆེ་བའི་སྐབས་ཀྱི་དུར་གནས་ཤིག་ཡིན་པར་ཚོད་དཔག་བྱེད་ཀྱི་ཡོད། དུར་ཁུང་དེའི་གཡས་ཕྱོགས་སུ་གཡུང་དྲུང་འབར་བའི་སྒྲུབ་ཕུག་དང་གཡོན་ཕྱོགས་སུ་ཁྱུང་ལུང་མཁར་གདོང་གི་གནའ་ཤུལ་བཅས་གནས་ཡོད།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1]. དོན་གྲུབ་ལྷ་རྒྱལ། ཞང་ཞུང་ཞིབ་འཇུག་ལས་འཕྲོས་པའི་བསམ་གཞིག བོད་ལྗོངས་ཞིབ་འཇུག ཕྱི་ལོ་ ༢༠༡༥། ཤོག ༨༠།
[2]. དོན་གྲུབ་ལྷ་རྒྱལ། ཞང་ཞུང་ཞིབ་འཇུག་ལས་འཕྲོས་པའི་བསམ་གཞིག བོད་ལྗོངས་ཞིབ་འཇུག ཕྱི་ལོ་ ༢༠༡༥།༢ ཤོག ༨༢།
དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།