སྒེར་རྩེ་རྫོང་གི་ཡུལ་སྡེ། རི། ལ། མཚོ། གཙང་པོ་དང་། འབྲོག་ལས་དང་ཐུན་མིན་ཐོན་ཁུངས། སྐྱེ་དངོས། གཏེར་ཁའི་སྐོར།

སྒེར་རྩེ་རྫོང་གི་ཡུལ་སྡེ། རི། ལ། མཚོ། གཙང་པོ་དང་། འབྲོག་ལས་དང་ཐུན་མིན་ཐོན་ཁུངས། སྐྱེ་དངོས། གཏེར་ཁའི་སྐོར།

ལེ་ཚན་གསུམ་པ། ཡུལ་སྡེ། རི། ལ། མཚོ། གཙང་པོ།

དང་པོ། ཡུལ་སྡེ་ཆེ་ཁག

དེང་སྒེར་རྩེ་རྫོང་འོག་ཏུ་ཡོད་པའི་ཡུལ་སྡེ་ཁག་ནི། སྒེར་རྩེ། ཚེ་རིང་མགོ་ལེབ། ཚྭ་མཚོ། བྲག་པོ། ཁྲ་མདོངས། མཚོ་སྔོན་སྒོར། མཚོ་ཆུང་། སྡིངས་སྒོ། སྡིངས་ཁྲོག  གུར་ཆེན། རྒྱ་མཚོ། ན་ཆེན། ལུ་གུ  ལུ་མ་རིང་པོ། ལུ་མ་སྒྲོལ་མ། ལྷོ་མ། ན་བོ་ཆེ། ཕན་བདེ། ཆུ་ལུང་། རྫ་གདོང་། ཁང་ཆུང་། ལུ་མ་ནག་པོ། ས་སྡེ། སྣ་ཁ་སྔོ་ནག  མིག་པ་ཐང་། བྲག་པོ། བཙན་ཁང་། རྟ་རབས། བྲག་མགོ།  གྲ་སྦུག  སྒྱེ་ཆེན། ས་སྨད་གཞུང་། ཡུལ་སྡེ། རི་དམར། གསེར་ཐང་། སེང་རྡོ། བྱ་ནག་ལིང་། འོ་མ། གཡུ་རྡོ། རྫ་གདོང་། ཤན་ཆན། འབྲོག་ས་ལ། ཝ་མོ་མདུང་ཁྱེར། རྡར་ལུང་། བསྟན་འཛིན་རྫ་ལུང་། སྒྱེ་ཆེན། ཁག་པོ། གནའ་ས་ཤར་མ། ཁྱི་མགོ། ཞ་ལུང་བཅས་སོ།།[1]

གཉིས་པ། རི། ལ། མཚོ། གཙང་པོ།

ཁུ་ནུ་ལ་རི། ཤི་ཤ་ལུང་ཆེན་རི། གཡག་ལུང་རི། ཐང་ལོག་རི། སེར་སྐྱོག་རི། སེང་རྡོ་རི། སྟ་རེ་ཡོག་རི། ཕོ་རྫ་རི། མེན་རྩེ་རི། སྒང་དམར་རི། བྲག་རྡོ་གངས་རི། རབ་ཞིམ་ལ། རབས་རྡོ་གཙང་པོ། སྙིང་རི། རྟ་རྒན་རི། སྐྱིད་ནང་དམར་རི། ཁྲོན་པ་རི། སྒོག་པ་རི། རྩྭ་སྔོན་རི། གཙུག་སེ་རི། སྡེབས་ཆུ་རི། ཤུར་པ་རི། ན་སྤང་རི། ས་ལུང་ལ། མཚེ་ལུང་ལ། དམར་པ་ལ། རྒྱབ་ལུང་ལ། སྤྲིན་དཀར་ལ། དཀར་ལ་དམར་ལ། ཨ་ཙ་ལ། ཚྭ་ལམ་ལ། མཚེ་རི་ལ། རྐྱང་རྩེ་ལ། བར་ལུང་ལ། ལྐོག་སྟེང་ལ། ངང་མདོ་ལ། ཞ་ཆུ་ཕུ་ལ། སྐར་ཆུང་ལ། རྫ་ལ། ཁྱི་གུ་ལ། ཁྱུང་ཕུ་སྒང་ལ། གཡུ་ལུང་ལ། ཕུ་གདོང་ལ། ཁྲ་རྒྱབ་དཀར་ལ། ཕྱི་ཙུག་ལ། ལ་དཀར་ལ། དམར་བཙག་ལ། སྐད་ཅོར་ལ། མཐའ་ཁ་ལ། ཤུར་ལ། གནམ་སྟེང་ལ། ཆུ་ཞིམ་ལ། རྒོད་རྩེ་ལ། སྡིག་པའི་ལ། བཙག་ལ། རྒྱབ་ལ། ལྕགས་རྭའི་ལ། རྡོ་ཕུ་རྫ་ལ། སྤོས་ལུང་ལ། ཧོར་ལམ་ལ། མཐིལ་གོ་ལ། རྟ་ལུང་ལ། དཀྱིལ་ལམ་ལ། ཇག་པ་ལ། རྩ་དྲ་ལ། སྤྱང་ལ་དཀར་ལ། རྭ་ཀྱོག་ལ། ཆུ་ཚན་ལ། རབ་ཞིམ་ལ།

ངང་ལ་རིང་མཚོ། ཚྭ་མཚོ། སྟོང་མཚོ། ཞྭ་འབྲུག་མཚོ། དཔལ་རབ་མཚོ། བྲག་ནག་མཚོ། ལག་སྐོར་མཚོ། ལུ་མ་བྲག་མཚོ། བྱ་སྒོང་མཚོ། བྱ་དཀར་མཚོ། ནག་ལྡིང་མཚོ། ལ་གཤོངས་མཚོ། ཚྭ་མཚོ། རྟ་རབས་མཚོ། ཚེར་དམར་མཚོ། རྡོ་དམར་མཚོ། མགོ་ཕུག་མཚོ། རུས་ཅོབ་མཚོ། འོ་མ་མཚོ། གཡུ་མཚོ། དཔོན་ཆེན་མཚོ། དཀྱིལ་རྡོ་མཚོ། མཚོ་སྒོར་མཚོ། ཚྭ་ཁ་དམར་རིལ་མཚོ། བྲག་རྡོ་ནག་རིལ་མཚོ་ཆུང་། ལྷས་ཕུ་མཚོ། སང་དཀར་མཚོ། འང་ཧྲང་མཚོ། རྒལ་རབས་མཚོ། ཁ་རུ་མཚོ། ཕུ་རོང་མཚོ། ཀླུ་རྭ་མཚོ། ཚྭ་ཁང་མཚོ། ཐིང་གོང་མཚོ། སྡེབས་རི་མཚོ། ཤི་བྲག་མཚོ། ཉ་ལོང་མཚོ། ཞ་ནག་གླིང་མཚོ། ལྤགས་བསྲེགས་མཚོ། སྐྱིད་བུ་བྲག་དཀར་མཚོ། ལ་བསྐོར་མཚོ། གླེ་དམར་མཚོ། ངང་པ་མཚོ་དཀར། ཞྭ་དཀར་མཚོ། འབྲོང་སྡོད་མཚོ། ཝུ་དཀར་མཚོ། སྟོང་མཚོ། སྤེན་ལུང་མཚོ། སྨན་པ་མཚོ། བཀྲ་ཤིས་མཚོ། འབུ་སྐྱེས་མཚོ། སྙིང་རི་མཚོ། བྲག་པོ་མཚོ། ཁང་དམར་མཚོ། མཛུབ་ལྔ་མཚོ། བྲག་ཡ་མཚོ། འབྲུག་གུ་གཡུ་བཀྲ་མཚོ། ངང་ལ་མཚོ། བྲག་ནག་མཚོ། རྐང་དམར་མཚོ། བྲག་དཀྱིལ་མཚོ། གད་པ་མཚོ། མཛོད་ཆེན་མཚོ། མེ་དམར་མཚོ། གཡུ་ཁྲ་མཚོ། གངས་རུ་ཆུ། རྐྱང་ཆུ། ཁྲོན་པ་ཆུ། བྲག་རི་ཕུ་ཆུ། སྤུག་རྩེ་ཆུ། སྟོང་ཆུ། གཉན་ཆུ། ས་སྡེ་ཆུ། བྲག་ཆུ། རྦ་ཆུ། བཙན་སྤེ་ཆུ། རྡོ་རོང་གཙང་པོ། ལུ་རིང་གཙང་པོ། མིག་པ་གཙང་པོ། ངང་རོང་གཙང་པོ། བྲག་དཀར་གཙང་པོ། ཁྲ་སེར་གཙང་པོ། ཤ་ཤ་གཙང་པོ། སྤུན་གསུམ་གཙང་པོ། གངས་ཆུ་གཙང་པོ། ཤར་ཆུ་གཙང་པོ། སེང་ཆེན་གཙང་པོ། འཕགས་ཆེན་གཙང་པོ། དེའུ་དཀར་གཙང་པོ། དབུ་རྩེ་གཙང་པོ། ཝ་མོ་གཙང་པོ། རབས་རྡོ་གཙང་པོ། ཞ་ཆུ་གཙང་པོ། བསོ་མེད་གཙང་པོ། རྡོབ་རོང་གཙང་པོ་བཅས་མཆིས་སོ།།

དེ་དག་ལས་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༦༡༤༨ ལྡན་པའི་བྲག་རྡོ་གངས་རི་ནི། རྫོང་ཆགས་ཡུལ་གྱི་བྱང་ཤར་དུ་ལོ་ཧྲིལ་པོར་གངས་ཀྱིས་བཀླུབས་ཤིང་། གངས་འདབས་སུ་སྤུས་ལེགས་ཀྱི་རང་བྱུང་འབྲོག་ཡོད་པ་དང་། ཡང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༥༦༠ དང་མཐོ་ཚད་རྒྱ་མཚོའི་ངོས་ནས་མི་ཊལ་ ༤༧༡༥ ཡོད་པའི་ངང་ལ་རིང་མཚོ་ནི་རྫོང་གི་ལྷོ་ནུབ་ཏུ་ཡོད་ཅིང་། མཚོ་དེའི་ངོ་བོ་ཚྭ་ཆུའི་མཚེའུའི་རང་བཞིན་དང་མཚོའི་མཐའ་འཁོར་དུ་རང་བྱུང་འབྲོག་ས་རྒྱ་ཆེར་ཆགས་ཡོད། ཕྱོགས་མཚུངས་ཡུལ་དེའི་ལྷོ་ནུབ་ཏུ་ཆགས་པའི་དཔལ་རབ་མཚོ་དང་། ཚྭ་མཚོ། མེ་དམར་མཚོ། བྱ་སྒོང་མཚོ་བཅས་ལས་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༡༢༢ ལྡན་པའི་དཔལ་རབ་མཚོ་ནི་ཚྭ་མཚེའུ་ཁོངས་སུ་གཏོགས་པའི་ཚྭ་མཚོ་ནི་མཐོ་ཚད་མི་ཊལ་ ༤༩༥༨ ཡོད་དང་། མེ་དམར་མཚོ་ཡང་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༤༩༢༠ སར་འཕགས་ཤིང་། མཚོ་དེའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༡༣༠ ལྷག་མཆིས། བྱ་སྒོང་མཚོ་ཡང་མཐོ་ཚད་རྒྱ་མཚོའི་ངོས་ལས་མི་ཊལ་བཞི་སྟོང་ཡན་དུ་ཆགས་པར་མ་ཟད། གོང་གསལ་མཚོ་མོ་དེ་དག་ཚང་མའི་ཉེ་འཁོར་དུ་འབྲོག་ས་སྤུས་ལེགས་ཀྱི་གཞིས་ཆགས་ཡོད།

རྫོང་དེའི་བྱང་ཤར་ཕྱོགས་སུ་ཆགས་པའི་བྲག་པོ་མཚོ་དང་། རྐང་དམར་མཚོ། ལུ་མ་བྲག་མཚོ། གཡུ་ཁྲ་མཚོ་བཅས་ལས། རིམ་པ་ལྟར་བྲག་པོ་ཚོ་ནི་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༤༥༠༥  དང་། རྒྱ་ཁྱོན་ལ་མི་ཊལ་གྲུ་བཞི་མ་ ༣༢ ཙམ་མཆིས་པའི་མཚེའུ་ཞིག་ཡིན། རྐང་དམར་མཚོའི་མཐོ་ཚད་ལ་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༤༧༠༠ དང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༡༣ ཙམ་ལས་མེད་པའི་ས་མཐོའི་མཚེའུ་ཆུང་ངུའི་གྲས་སུ་གཏོགས། ལུ་མ་བྲག་མཚོའི་རྒྱ་ཁྱོན་ལའང་སྤྱི་ལེ་གྲུ་བཞི་མ་ ༨ ལས་མེད་མོད། མཚེའུ་དེ་ཆགས་ཡུལ་ས་བབ་ཤིན་ཏུ་མཐོ་བ་རྒྱ་མཚོའི་ངོས་ལས་མི་ཊལ་ ༤༧༤༦ གྱི་སར་གནས། ཡུལ་དེའི་བྱང་ཤར་དུ་ཆགས་པའི་གཡུ་ཁྲ་མཚོའང་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༤༨༠༠ སར་ཆགས་ཤིང། མཚེའུ་དེ་རྣམས་ཀྱི་མཐའ་ཁོར་དུ་རྩྭ་བཟང་བའི་འབྲོག་ས་ཆགས་ཡོད། བྲག་ནག་མཚོ་ནི་རྫོང་ཆགས་ཡུལ་གྱི་བྱང་ཕྱོགས་སུ་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༤༥༤༣ སར་གནས། ཚྭ་ཚུའི་མཚེའུ་དེའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༤ ཙམ་ལས་མེད། རྫོང་གི་ལྷོ་ཤར་དུ་ཆགས་པའི་སྟོང་མཚོ་དང་བཀྲ་ཤིས་མཚོ་གཉིས་ལས། དང་པོའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༨༤ ལྷག་མཆིས་པ་དང་། མཚེའུ་དེ་རྒྱ་ཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༤༣༩༤ ས་བབ་ཏུ་གནས་ཡོད་ལ། གཉིས་པའི་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་མི་ཊལ་ ༤༤༢༡ མཆིས། དེ་བཞིན་རྫོང་གི་ལྷོ་ཕྱོགས་སུ་གནས་པའི་ལག་སྐོར་མཚོའི་མཐོ་ཚད་ལའང་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༤༤༩༠ དང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༨༦ ཡོད་ཅིང་། མཚེའུ་དེ་རྣམས་ཀྱི་མཐའ་འཁོར་ལ་སྤུས་ལེགས་ཀྱི་རང་བྱུང་འབྲོག་ས་རྟེན་གཞི་བྱས་ཡོད།

གཞན་ཡང་། ཡུལ་དེའི་ལྷོ་ནུབ་ཏུ་རྒྱུག་པའི་ཝ་མོ་གཙང་པོ་དང་རྡོབ་རོང་གཙང་པོ་གཉིས་ལས། དང་པོ་ནི་ནུབ་ནས་ཤར་གྱི་ཕྱོགས་སུ་རྒྱུགས་ནས་རིམ་གྱི་ངང་ལ་རིང་མཚོར་འདུ། གཙང་པོ་དེའི་འབབ་ཁུངས་དགེ་རྒྱས་རྫོང་ཁོངས་སོགས་མངའ་རིས་ཁུལ་གྱི་རྫོང་གཞིས་ཁག་གཅིག་ཚུད་ཡོད། དེ་བཞིན་རྡོབ་རོང་གཙང་པོ་ནི་ལྷོ་ནས་བྱང་དུ་རྒྱུག་ཅིང་མཐར་ཚྭ་མཚོར་འདྲེས། དེ་མིན་རབ་རྡོ་གཙང་པོ་དང་ཞ་ཆུ་གཙང་པོ་གཉིས་ནི་རྫོང་ཆགས་ཡུལ་གྱི་ལྷོ་ཤར་དུ་རྒྱུག་ཅིང་། གཙང་པོ་དེ་གཉིས་གཅིག་ཏུ་འདྲེས་ཤིང་ལྷོ་ནས་བྱང་དང་དེ་རྗེས་ནུབ་བྱང་དུ་འཁྱོགས་ཏེ་སྟོང་མཚོར་འབབ་པ་ཡིན། གཙང་པོ་དེ་དག་གྱི་རྒྱུག་ཁུལ་ཆུ་ངོགས་སུ་རྩྭ་ས་ཕུན་སུམ་ཚོགས་པའི་རང་བྱུང་འབྲོག་རྟེན་གཞི་བྱས་ཡོད།[2]

 

ལེ་ཚན་བཞི་པ། འབྲོག་ལས་དང་ཐུན་མིན་ཐོན་ཁུངས།

དང་པོ། འབྲོག་ལས་ཐོན་ཁུངས།

སྒེར་རྩེ་རྫོང་ནི་སྟོད་མངའ་རིས་ཁུལ་གྱི་འབྲོག་ལས་རྐྱང་པ་གཉེར་བའི་རྫོང་ཞིག་ཡིན། ཡུལ་དེར་རྩྭ་ཐང་རྒྱ་ཁྱོན་ཆེ་ལ་ཕུན་སུམ་ཚོགས་པས་རྩྭ་ར་ཁོ་ནའི་རྒྱ་ཁྱོན་ལ་མཚོན་ནའང་མུའུ་དུང་ཕྱུར་ ༡ ཙམ་དང་། དེ་ལས་དུས་བཞིར་སྤྱོད་པར་འོས་པའི་རྩྭ་ར་མུའུ་ཁྲི་ ༧༠༠༠ ཡོད་པ་མ་ཟད། ཁུལ་དེའི་འབྲོག་དུད་ཕྱུག་གྲས་ཚོར་རྟ་ནོར་ར་ལུག་སྟོང་ཚོ་བརྒལ་བ་འཚོ་སྐྱོང་བྱེད་ལ། མི་ཚང་ཆུང་གྲས་ཀྱི་རིགས་ལའང་ཕྱུགས་ཟོག་བརྒྱ་སྐོར་མེད་མཁན་དཀོན་པར་བཤད། དེ་བཞིན་དུས་བཞིའི་འབྲོག་ལས་ཕྱུག་ཟོག་འཚོ་སྐྱོང་ཡང་དགུན་དཔྱིད་གཉིས་ལྷས་ར་ཆེ་ཆུང་སྣ་ཚོགས་གསར་བསྐྲུན་གྱིས་རྩྭ་ཐང་གཙོ་བོར་ནོར་ལུག་འཚོ་སྐྱོང་དང་། ཟན་རྩྭ་གྲབས་གསོག་གི་ལས་རིགས་གཉེར་ཞིང་། དབྱར་སྟོན་གཉིས་ས་བབ་མཐོ་ལ་གྲང་ངད་ཅུང་ཆེ་བའི་ས་ཁུལ་དུ་སྐྱས་སྤོས་བྱེད། དེའི་སྐབས་རྒྱུན་གཏན་དང་མི་འདྲ་བ་འབྲོག་མོ་ཚོས་ཁྱིམ་ལས་གཉེར་བ་དང་ལྷན་དུ་ཕྱུགས་རྫིའི་ལས་འཁུར་ཡང་བྱེད་དགོས། དེ་ཡང་། དབྱར་སྟོན་གཉིས་ལ་སྐྱེས་པ་ཕོ་རྣམས་ཚོང་ལས་ཀྱི་རིགས་བསྒྲུབ་པར་ཕྱོགས་ལ་ཐོན་པ་དང་། ཚྭ་སྔོག་འདོན་སོགས་ཀྱི་བྱ་བ་བསྒྲུབ་ཏུ་འགྲོ་སྲོལ་ཡོད་པས་ཡིན། ས་དེའི་དགུན་དཔྱིད་གཉིས་ཀྱི་དུས་ཚོད་རིང་ཞིང་དབྱར་སྟོན་ཤིན་ཏུ་ཐུང་བས། འབྲོག་མོ་ཚོས་ནོར་ལུག་འཚོ་སྐྱོང་དང་ལྷན་ཁྱིམ་ལས་སུ་འོ་འཇོ་དཀར་ལས། བལ་འཁེལ་འཐག་ལས་དང་། སྐྱེས་པ་ཚོས་འཚེམ་བཟོ་ཀོ་མཉེ་རྔོན་རྒྱག་སོགས་ཀྱི་ལས་ཀ་སྒྲུབ་པ་ཡིན།

སྒེར་རྩེའི་ཐོན་རྫས་གཙོ་བོ་ནི་ཤ་མར་ཕྱུར་བ་དང་བ་སྤུ་ལྤགས་རིགས་སོགས་འབྲོག་ཁུལ་གྱི་ཐོན་རྫས་ཁག་ཡིན་ཅིང་། ཡུལ་དེ་ནས་དམིགས་བསལ་གསེར་དངུལ་གྱི་གཏེར་ཁའི་ཐོན་ཁུངས་ཀྱང་མི་ཉུང་བ་ཡོད། དེ་མིན་ཚྭའི་རིགས་འདྲ་མིན་གྱི་ཐོན་ཁུངས་ཀྱང་འབེལ་པོ་ཡོད་དེ། ཚྭ་ལ་ལྕེ་མྱང་ཚྭ། ཟ་ཚྭ། རྒྱམ་ཚྭ། ཟེ་ཚྭ། ཅ་ཚྭ། བུལ་ཚྭ་བཅས་ཐོན། དེ་མཚུངས་མུ་ཟེ། ཞ་ཉེ། སྨན་རྡོ། ཤེལ་རྡོ། ཅུ་གང་། ལྕགས་རིགས། ཟངས་རིགས་སོགས་གཏེར་ཁའང་ཕུན་སུམ་ཚོགས་པོ་མཆིས།

 

གཉིས་པ། ཚོང་ལས།

ཡུལ་དེའི་ཚོང་ལས་ཀྱི་བྱ་བ་ནི་སྟོན་དཔྱིད་གཉིས་ཀྱི་དུས་སྐབས་སུ་གཉེར་ཞིང་། དེ་ཡང་ཡུལ་ཕྱོགས་གཞན་ཁོ་ནར་ཚོང་གཉེར་དུ་བསྐྱོད་པ་ལས། ཚོ་པའི་མངའ་ཁོངས་རང་སར་ཚོང་འདུས་དང་ཚོང་ར་སོགས་འདུ་སྲོལ་ཤིན་ཏུ་ཉུང་། དེས་ན་ཡུལ་དེ་ནས་དབུས་གཙང་གི་ཕྱོགས་མཐའི་རྫོང་གཞིས་ཡུལ་སྡེ་ཁག་ཏུ་ཚོང་འབྲེལ་དུ་བསྐྱོད་ཡུལ་ཁག་ནི། སྟོད་སྤུ་ཧྲེང་། རྒྱ་ཉི་མ། ཀོ་ཀྲས། ཤ་ཁོག་བཅས་མངའ་རིས་ཁུལ་དང་། རྫོང་ཁ། སྐྱིད་གྲོང་། དིང་རི། གཉའ་ནང། ལྷ་རྩེ། ས་སྐྱ། ངམ་རིང་སོགས་གཙང་ཁུལ་གྱི་རྫོང་གཞིས་ཁག ཚོང་པ་ཆེ་གྲས་ཁག་གཅིག་ལྷ་ས་གཙོས་པའི་དབུས་ཁུལ་གྱི་ཞིང་ཁུལ་རྫོང་ཁག་ཏུ་ཡང་འགྲོ། གཞན་ཡང་། ཕྱི་རྒྱལ་ཡུལ་ལུང་བལ་ཡུལ། གློ་བོ། ཏང་དཀར། ལ་དྭགས། ཁུ་ནུ། རྒྱ་གར་སོགས་ལའང་སྐྱོད་སྲོལ་མཆིས། ཕྱིར་ཚོང་གི་ཚོང་རྫས་གཙོ་བོ་ནི་ཚྭ་དང་། བལ། སྤུ། པགས་པ། ཀོ་བ། ཤ་མར། ཕྱུར་བ། གསེར་དངུལ། ནོར་གཡག་སོགས་ཡིན། ནང་འདྲེན་གྱི་དངོས་པོ་ཁག་ནི་འབྲུ་རིགས་དང་། རས་ཆ། ཐ་མག ཤིང་ཆ། མངར་ཆ། ཟངས་རག་ཧ་ཡང་བཅས་ཀྱི་སྣོད་སོགས་ཡིན་ལ། ཚོང་ཤག་སྒྲིག་ཚུལ་དང་ཐང་གཞི་བཅས་ནི་མངའ་རིས་འབྲོག་ཁུལ་གཞན་དག་དང་གཅིག་མཚུངས་ཡིན་པས་རྒྱས་བཤད་མེད་པར་དེ་ཙམ་གྱི་འཐུས་པའོ། །

 

ལེ་ཚན་ལྔ་པ། སྲོག་ཆགས་དང་། སྐྱེ་དངོས། གཏེར་ཁ།

སྒེར་རྩེའི་ཁུལ་ནི་ས་རྒྱ་ཆེ་ལ་མི་འབོར་ཉུང་བས་རང་བྱུང་གི་སྣོད་བཅུད་ལ། གཏོར་སྐྱོན་དང་ཆགས་འཇིག་གི་གནོད་སྐྱོན་རིགས་ཅུང་ཟད་ཙམ་ཡང་བྲལ་བར་མ་བཅོས་ལྷུན་གྲུབ་ཀྱི་ཚུལ་དུ་གནས་ཡོད་པས། ཁུལ་དེར་མི་རབས་མང་པོ་ནས་རྩ་ཆེའི་རི་སྐྱེས་སྲོག་ཆགས་མང་པོ་ཞི་བདེ་ལྷིང་འཇགས་ངང་སྲུང་སྐྱོབ་ཐུབ་ཡོད། དཔེར་ན། ཁུལ་དེར་ས་ཁུལ་གཞན་དུ་ཅུང་དཀོན་པའི་སྲོག་ཆགས་གཙོད་དང་། འབྲོང་། རྐྱང་། གཉན། འབྲོང་རྒོད། གནའ་བ། སྦྲེ། དེ་ལས་ཀྱང་སྟོང་ལ་ཉེ་བའི་ཁྲུང་ཁྲུང་སྐེ་ནག་སོགས་སྲུང་སྐྱོབ་གང་ལེགས་བྱས་ཡོད།

གཞན་ཡང་། ཁུལ་དེའི་གཅན་གཟན་ལ་མཚོན་ནའང་དྲེད་མོང་། གསའ། གཡི། སྤྱང་ཀི།  ཝ། གཟིག  དོམ། འཕྱི་བ་སོགས་དང་། བྱ་རིགས་སུ་བྱ་རྒོད། ཁྲ། ཕོ་རོག  སྐྱུང་ཀ  ནེ་ལེ། བྱ་གླག  ཁང་བྱེའུ་སོགས་སྲོགས་ཆགས་ཀྱི་རིགས་སྣ་ཚོགས་ཤིག་ཡོད། རང་བྱུང་སྐྱེ་དངོས་ཀྱང་ཤིང་སྤེན་མ། མཁན་དཀར། སུར་དཀར། ཏྲེ་པོ། མཚོ། ལུག་མུར། རི་སྒོག རྩ་མཁྲིས། མྱུག་རུ་སེར་སྨུག ཨུཏྤལ། སྤྱང་ཚེར། ཅོང་ཞི། ཁུར་མང་། སྤང་སྤོས། ཟྭ་པོ། དུག་ཨ་ཀྲོང་། མཚེ་ལྡུམ། སྟག་ཤ། ལྡུམ་བུ་ལུ་མིག  ལྕེ་དཀར་ནག  གྲོ་མ། སྒ་སྨུག  སྒ་སེར། གཡེར་མ། སུག་སྨེལ། ཀོ་ལ། སྒོག་སྐྱ། འཛིམ་བུ། ཕོ་རིལ་སོགས་སྐྱེ་བ་ཡིན།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]. (1)武振华. 西藏地名.中国藏学出版社1995年.

(2) བོད་ཀྱི་ས་མིང་དཔྱད་གཞིའི་ཡིག་རིགས་བསྡུས་བསྒྲིགས། བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཐིག་རིས་ཅུས། ཕྱི་ལོ་༡༩༧༩། ཤོག ༢༧༤།

[2]. 武振华.西藏地名.中国藏学出版社1995年.

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།