ལེ་ཚན་དྲུག་པ། དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ།
དང་པོ། དགོན་སྡེ།
| ཨང་། | དགོན་པའི་མིང་། | བཞེངས་དུས། | བཞེངས་མཁན། | ཆོས་བརྒྱུད། |
| ༡ | རུ་བསེ་མ་མིག་དགོན། | སྐྱབས་མགོན་གང་ཤར་རང་གྲོལ། | རྙིང་མ། | |
| ༢ | ལོ་བོ་བདེ་ཆེན་དགོན། | ཀརྨ་ཚུལ་ཁྲིམས། | བཀའ་བརྒྱུད། | |
| ༣ | བྲག་གྱམ་དགོན། | ཕྱི་ལོ་ ༡༩༥༠། | བླ་མ་ཀརྨ་ཡོན་ཏན། | བཀའ་བརྒྱུད། |
| ༤ | སྟོང་མཚོ་མ་ཎི་ལྷ་ཁང་། | དཔོན་པོ་བསོད་ནམས་དཔལ་འབྱོར། | བཀའ་བརྒྱུད། | |
| ༥ | སྒེར་རྩེ་ཙག་ཏི་དགོན་པ། | |||
| ༥ | ཙག་ཏི་དགོན། | མཚུར་ཕུ་དགོན་གྱི་དགོན་ལག་ཡིན། |
གཉིས་པ། གནའ་ཤུལ།
| མཁར། བང་སོ། དུར། གནས། | ས་གནས། | མཆན། | |
| བང་སོ། | སག་ཐེ་མོན་རོ། | སག་ཐེ་གྲོང་། | ཁུལ་དེར་བང་སོ་དྲུག་ཙམ་མཆིས་ཀྱང་གསལ་ཁ་མ་རྙེད། |
| བང་སོ། | ཁྲོག་ལམ་མོན་ར། | སྟོང་མཚོ་གྲོང་། | གནའ་ཤུལ་དེར་ཁྲོག་ལམ་མོན་རོ་ཞེས་ཀྱང་འབོད་ལ། སྒོང་ངའི་དབྱིབས་གཟུགས་ཀྱི་བང་སོ་བཅུ་ཕྲག་ལྷག་ཡོད། |
| དུར། | འཛོག་གདོན་མོན་དུར། | ལྷོ་མ་རྙིང་མ། | དེར་ཐུན་མིན་གྱི་བཟོ་དབྱིབས་ལྡན་པའི་རྡོ་ཕུང་ཆེ་ཆུང་མེ་ཊར་ བཅུ་དང་དགུ་བར་གྱི་རིགས་མང་དག་ཡོད། |
| དུར། | རི་རྒྱལ་མོན་དུར། | ཤན་ཆེན་གྲོང་། | ཁུལ་དེར་མོན་དུར་བརྒྱད་ཙམ་ཡོད་ལ། དེ་རྣམས་གཏོར་དབྱིབས་ལྟ་བུའི་བང་སོའི་རིགས་ཡིན། |
| དུར། | ཤར་ཆེན་མོན་དུར། | ཤན་ཆེན་གྲོང་གསར། | ཁུལ་དེར་མོན་དུར་བང་སོ་ལྔ་ཙམ་མཆིས། |
| དུར། | སྨན་གྱམ་དཀར་མོན་དུར། | གཞུང་པ་གྲོང་། | ཁུལ་དེར་སྨན་གྱམ་དཀར་མོན་ཞེས་པའི་གནས་རིའི་གཤམ་དུ་བཟོ་ལྟ་འདྲ་མིན་གྱི་མོན་དུར་ལྔ་ཙམ་ཡོད། |
| དུར། | ཐར་ལྕན་མོན་དུར། | ཐར་ལྕན་གྲོང་། | མོན་དུར་དེ་ནི་མ་ལུང་དང་མཁར་ཆུང་གོག་མོན་མཁར་གཉིས་ཀྱི་བར་དུ་ཆགས་ཡོད། |
| དུར། | འོར་མོ་སྒང་མོན་དུར། | འབྲི་དཀར་ལ། | ཁུལ་དེར་བང་སོ་གཉིས་ཙམ་ཡོད། |
| དུར། | རི་རྒྱལ་མོན་དུར། | ཤན་ཆེན་གྲོང་། | མོན་དུར་དེའི་མཐོ་ཚད་ལ་མི་ཊར་གཅིག་ཙམ་ཡོད། |
| དུར། | དགེ་ལྷས་མགོ་དཀར་མོན་དུར། | རི་དམར་གྲོང་། | མོན་དུར་དེ་ནི་རི་དམར་གྲོང་གི་དགེ་ལྷས་མོན་དཀར་ཞེས་པའི་རི་རྩེ་རུ་ཆགས་ཡོད། |
| དུར། | རྟ་ནུ་མོན་དུར། | འོ་མ་གྲོང་། | ཁུལ་དེར་བང་སོ་ཤོ་གཟུགས་དང་འདྲ་བ་རིགས་མི་འདྲ་བ་བཅུ་བཞི་ཙམ་ཡོད། |
| དུར། | མོན་དུར་ལྷ། | ལྷ་མོ་གྲོང་། | གནའ་ཤུལ་དེ་ནི་མོན་རིགས་དང་འབྲེལ་བ་ཡོད་པ་མིང་ལས་ཤེས་ཀྱང་གནས་ཚུལ་ཞིབ་པ་མ་རྙེད། |
| དུར། | ས་མིག་མོན་དུར། | འུ་མ་གྲོང་། | |
| རྡོ་རིང། | རྡོ་ཕུར། | གཞུང་པ་གྲོང་། | རྡོ་རིང་དེ་ནི་སྨན་ལྕམ་དཀར་མོར་གྲགས་པའི་མཚོའི་མཐར་བཙུགས་ཡོད་པ་དང་ཁ་དོག་ནི་སྐྱ་བོ་ཡིན། ཤོད་རྒྱུན་ལ་རྡོ་རིང་དེ་ནི་སྲིད་པ་ཆགས་པའི་རྡོ་རིང་ཞེས་གྲགས། དབྱིབས་ནི་ཟུར་བཞི་ལྡན་ཡིན། |
| རྡོ་རིང། | ནག་རོགས་རྡོ་རིང་། | གཞུང་པ་གྲོང་། | ཁུལ་དེར་རྡོ་རིང་དྲུག་བྱང་ནས་ལྷོར་སྟར་ཆགས་སུ་བཙུགས་ཡོད། རྡོ་རིང་དེ་དག་ཟུར་བཞི་ལྡན་དང་ད་ལྟའི་ཁ་དོག་ནི་སྐྱ་མདོག་ཡིན། |
| རྡོ་རིང། | སྲིབ་ར་རྡོ་རིང་། | གཞུང་པ་གྲོང་། | རྡོ་རིང་དེ་ཟུར་བཞི་ལྡན་ཡིན། |
| རྡོ་རིང། | ཆུ་ཕུར་རྡོ་རིང་། | རི་དམར་གྲོང་། | རྡོ་རིང་དེ་ནི་སྟོང་མཚོ་ཞེས་པ་སྒེར་རྩེའི་ཡུལ་ལྷ་ཨ་དམར་རོང་པོ་སྐྱ་བདུན་གནས་ཡུལ་གྱི་འགྲམ་དུ་ཡོད། ཤོད་རྒྱུན་དུ་རྡོ་རིང་མོན་རིགས་ཀྱིས་བཞེངས་པ་སོགས་ཤོད་རྒྱུན་མི་འདྲ་བ་བཞི་ཙམ་ཡོད། |
| རྡོ་རིང། | སག་ཐེ་རྡོ་རིང་། | གཡུ་ཐོག་གྲོང་། | ཁུལ་དེར་རྡོ་རིང་བརྒྱད་ཙམ་མཆིས་པ་དེ་དག་རྒན་རབས་ཀྱི་ཤོད་རྒྱུན་ལ་བཙན་པོའི་རྒྱལ་རབས་གོང་གི་རྡོ་རིང་ཡིན་པར་བཤད། |
| མཁར། | རྫོང་དཀར་པོ། | རི་དམར་གྲོང་། | རྫོང་དེ་ནི་མོན་རིགས་ཀྱིས་བཞེངས་པར་གྲགས་ཤིང་། སྔར་སྟོང་མཚོ་ཁུལ་གྱི་མོན་རིགས་ཀྱི་འཚོ་སྡོད་བྱ་ཡུལ་གཙོ་བོ་དང་ཆོས་ཀྱི་བྱེད་སྒོ་གཉེར་སའི་ལྟེ་གནས་ཡིན་པར་བཤད། རྫོང་དེར་བྲག་ལེབ་དང་རྡོས་བཞེངས་པའི་ཁང་མིག་བདུན་བརྒྱད་ཙམ་ཡོད། |
| མཁར། | བཙག་ཏིག | ཞང་པ་གྲོང་། | མཁར་དེ་ནི་གནའ་བའི་བཟོ་བཀོད་ལྡན་ཡང་དེའི་ཞིབ་ཕྲའི་གནས་ཚུལ་མ་རྙེད། ཁུལ་དེར་ཁང་མིག་ཆུང་ངུ་བདུན་ཙམ་ཡོད། |
| མཁར། | གླིང་གི་དཔའ་མོའི་ཤ་ཤེད་ཁང་། | བྱང་རྔོ་རོའི་ཡུལ། | ཁུལ་དེར་རྡོ་དམར་པོས་བཞེངས་པའི་ཁང་པ་ཐོག་སོ་གཉིས་ལྡན་རྩིས་པ་བསླས་མ་བརྒྱབ་པ་དང་འདྲ་བ་ཡ་མཚན་ཅན་ཞིག་མཆིས། དེའི་འགྲམ་དུ་གནའ་ཤུལ་དབྱིབས་གྲུ་བཞི་ནར་མོ་དང་གྲུ་བཞི་སོགས་དུ་མ་ཡོད། ཤོད་རྒྱུན་ལ་ས་དེར་སྔར་གླིང་སྒྲུང་ནང་གི་བྱང་རི་ཤི་དཔའ་མོ་ཨ་བདག་གི་དབྱར་གནས་ས་ཡིན་པར་གྲགས། |
| མཁར། | རི་རྒྱལ། | ཤེན་ཆེན་གྲོང་། | རི་རྒྱལ་རི་བོའི་ཤར་ངོས་རི་གཤམ་གྱི་བྲག་བརྐོས་དེ་རྣམས་ནི་ནང་ཆོས་མ་དར་ཡར་སྔོན་གྱི་རི་དྭགས་རྔོན་པའི་སྤྱི་ཚོགས་སྐབས་ཀྱི་གནའ་ཤུལ་ཤ་སྟག་ཡིན། |
| རྡོ་ར་སྐྱག་ཀྱོག | མ་མིག་ལུང་གཞོང་དང་སེར་ཀྱོག་ལའི་བར། | ཁུལ་དེར་ཟུར་བཞི་ཅན་གྱི་རྡོ་དང་རྡོ་ཆག་པོ་མི་ཊར་ལྔ་ཙམ་ཡོད་པ་བཞི་ཡོད་ཀྱང་ཞིབ་ཕྲའི་གསལ་ཁ་མ་རྙེད། | |
| ཕུག་པ། | གནས་འགྲོ་མགོན་འཕགས་པ། | སྒེར་རྩེ། | གནས་དེ་ནི་སྒེར་རྩེ་ཁུལ་གྱི་བྲག་ཕུག་སྐད་གྲགས་ཆེ་ལ་ཐུན་མོང་མིན་པ་ཞིག་ཡིན། ཕུག་པ་ཆགས་སའི་རི་དང་བྲག་དབྱིབས་ཡ་མཚན་ཆེ་ལ། དེར་རྡོ་རྔ་ཞེས་རྡོ་སྒོར་མོ་རྔའི་དབྱིབས་ཅན་ཞིག་ཡོད། དད་ལྡན་མང་ཚོགས་ཀྱིས་བརྡུངས་ནས་དབུས་སུ་ཨི་ཁུང་བརྡོལ་ཡོད། |
| ཕུག་པ། | བྲག་འཁོར་སྒང་། | རྒོད་ཚང་གྲོང་། | དེ་སྔོན་བོན་གྱི་ཕུག་པ་ཞིག་ལས་ཞིབ་ཕྲ་གསལ་མེད། |
| ཕུག་པ། | མ་མིག་བྲག་དཀར། | རྒོད་ཚང་གྲོང་། | ཁུལ་དེའི་ཤོད་རྒྱུན་ལ་ས་ཕུག་དེ་ཞང་ཞུང་བོན་གྱི་ཡིན་པར་གྲགས། |
| གནས། | སྒྲུབ་ཕུག་མོན་རོ་དང་།མོན་རོ། | སྟོང་མཚོ་གྲོང་། | གནས་ཕུག་དེ་ནི་གུ་རུ་རིན་པོ་ཆེའི་སྒྲུབ་ཕུག་ཡིན་ཞིང་། ལྷོ་ནུབ་ཏུ་མོན་རོ་ཞེས་པའི་བང་སོ་གཉིས་ཡོད། |
| གནས། | མདུང་རྟེན་རྣམ་གསུམ། | མ་མིག་ཤང་། | གདུང་རྟེན་དེ་གསུམ་ནི་རུ་བསེ་མ་མིག་དགོན་གྱི་ལྷོ་ཕྱོགས་སུ་ཡོད། མཆོད་རྟེན་དེ་རྣམས་ལྟས་ངན་གྱི་ཁ་གནོན་དུ་བཞེངས་པ་ཞིག་ཡིན་སྐད། |
ལེ་ཚན་བདུན་པ། དམངས་སྲོལ།
དང་པོ། བྲག་གྱམ་དགུ་གཏོར།
བོད་ཟླ་ ༡༢ ཚེས་ ༢༢ ནས་ ༢༩ བར་བདུན་ཕྲག་གཅིག་རིང་། སྒེར་རྩེ་བྲག་གྱམ་དགོན་གྱི་དགུ་གཏོར་ཆེན་མོ་དཔོན་མི་སེར་ཚང་འཛོམས་ཀྱིས་སྲུང་བརྩི་དང་སྦྲགས། ཚོ་པའི་ཁྲིམས་སྒྲིག་ཁྱབ་བསྒྲགས་གཏན་འབེབས་ཀྱི་བྱེད་སྒོ་ཡང་གཉེར་གྱི་ཡོད། དེ་མཚུངས་བོད་ཟླ་ ༦ ནང་བྲག་གྱམ་དགོན་པའི་དབྱར་བསང་ཆེན་མོ་ཞེས་པ་གཏོང་སྲོལ་ཡོད་པར། ཡུལ་སྡེ་ཚོ་པ་ཁག་གི་མི་སེར་ཚོ་ཡང་ཆོས་མཇལ་དང་ལྷན་གཅིག་གླིང་ཁ་གཏོང་། དུས་སྟོན་དེར་ཤེད་གཡུག་དང་། ས་འགྱོག་འཐག་ཐེན། མི་རྒྱུག རྟ་རྒྱུག མདའ་རྩེད་སོགས་རྩེད་རིགས་སྣ་ཚོགས་ཤིག་འགྲན་བསྡུར་བྱེད། དེ་བཞིན་བོད་ཟླ་ ༤ ཚེས་ ༣ ནས་འགོ་བཙུགས་ཏེ་ཚེས་ ༡༥ བར་གངས་རིན་པོ་ཆེའི་དར་ཆེན་གསར་འཛུགས་ཀྱི་དུས་སྟོན་གྲ་རྒྱས་གཏོང་སྲོལ་འདུག་ལ། མདོར་ན་གཞུང་འབྲེལ་འཛམ་གླིང་སྤྱི་བསང་དང་དགའ་ལྡན་ལྔ་མཆོད་སོགས་ཀྱང་ཚོ་པའི་མི་སེར་རིས་མེད་ཀྱི་མཆོད་འབུལ་སྲུང་བརྩི་ཞུ་སྲོལ་མཆིས།
གཉིས་པ། སྒེར་རྩེ་རྟ་རྒྱུག་ཆེན་མོ།
བོད་ཟླ་བརྒྱད་པའི་ལོ་གཅིག་དུས་གཅིག་གི་སྒེར་རྩེ་རྟ་རྒྱུག་ཆེན་མོ་ཞེས་པ་གཏོང་ཞིང་། དུས་སྟོན་དེར་གཞུང་སྒེར་ཆོས་གསུམ་གྱི་ཞི་དྲག་དཔོན་རིགས་དང་མངའ་ཞབས་འབྲོག་དུད་མི་སེར་ཡོད་དོ་ཅོག་ཚང་འཛོམས་བྱེད། དུས་ཚོད་དེ་ནི་ཁུལ་དེར་གནམ་གཤིས་བཟང་ལ་ཕྱུགས་རིགས་ཤ་ཤེད་རྒྱས་པ། དབྱར་ལས་ཡོངས་སུ་གྲུབ་ནས་སྟོན་འགོ་མ་ཚུགས་པའི་དུས་སྐབས་སུ་འཁེལ་ཡོད་ལ། སྐབས་དེར་ཚོ་པའི་ཁྲལ་བསྡུ་ཁྲིམས་གནོན་དང་འབྲེལ་བའི་གཞུང་འབྲེལ་ལས་དོན་ཆེ་ཁག་ཀྱང་ཐག་གཅོད་གཏན་འབེབས་བྱེད་ཀྱི་ཡོད་པས། མི་དམངས་འདུ་འཛོམས་མང་ལ་འཁྲུག་ཆ་ཤིན་ཏུ་ཆེ། རྟ་རྒྱུག་འགྲན་བསྡུར་དེའང་ཡུལ་སྡེའི་བར་རྣོ་ངར་ཧ་ཅང་ཆེ་བས། ཚོ་པ་ཁག་ནས་ཟླ་བ་གཅིག་ཙམ་གྱི་དུས་ཡུན་རིང་རྟ་གསོ་སྐྱོང་དང་རྒྱུག་མ་སྦྱོང་བརྡར་སོགས་ཀྱི་སྟ་གོན་ཞིབ་ཚགས་བྱེད། རྟ་རྒྱུག་དངོས་གཞིའི་སྐབས་སུའང་རྒྱུ་མ་དང་རྒྱུག་ཆེན་ཞེས་རྣམ་གྲངས་གཉིས་སུ་ཕྱེ་ཡོད་ཅིང་། སེ་ར་བླ་སྤྱིའི་སྐུ་ཚབ་དང་ཚོ་དཔོན། རྒན་པོ། དམག་དཔོན་སོགས་ཀྱི་སྣེ་འཁྲིད་པའི་མང་ཚོགས་ཀྱི་ལྷ་གསོལ་བསང་མཆོད་དང་བཅས། རྟ་པ་ཚོས་མདའ་འཕེན་རྩལ་རྩེད་སོགས་རྩལ་ངོམ་ཇི་སྙེད་ཅིག་བྱེད། ལྷག་པར་རྒྱུག་ཆེན་སྐབས་རྟ་ཕོའི་བང་རྒྱུག་གཙོ་བོར་འགྲན་ནས་ས་དཀར་གྱི་དཀར་ཐིག་རྟ་པ་སུས་དང་པོར་བརྒལ་མཁན་དེ་ནས། ཨང་རིམ་བཞིན་བྱ་དགའ་ལེགས་གསོལ་སྩལ་བ་དང་། དུས་སྟོན་དེར་རྟ་རྒྱུག་ཙམ་དུ་མ་ཟད་གླུ་གར་ཤོན་རྩེད་སོགས་ཀྱང་འཁྲབ་སྲོལ་མཆིས་སོ།།
དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།