ས་དགའ་རྫོང་གི་དགོན་སྡེ་དང་། གྲགས་ཅན་མི་སྣ། དམངས་སྲོལ་བཅས་ཀྱི་སྐོར།

ས་དགའ་རྫོང་གི་དགོན་སྡེ་དང་། གྲགས་ཅན་མི་སྣ། དམངས་སྲོལ་བཅས་ཀྱི་སྐོར།

 

ལེ་ཚན་དྲུག་པ། དགོན་སྡེ།

ཨང་། དགོན་པའི་མིང་། བཞེངས་དུས། བཞེངས་མཁན། ཆོས་བརྒྱུད།
སྤུ་བྲག་དགོན།   གྲུབ་ཆེན་ཨུ་རྒྱན་པའི་གདན་ས། རྙིང་མ།
ཤེལ་རི་དར་རྒྱས་གླིང་། དུས་རབས་ ༡༦།   དགེ་ལུགས།19
སྟེང་དཀར་ནུབ་དགོན།      
ཤྭ་ར་ཐུན་ཆེན་དགོན།      
གུ་ཡུ་དགོན།      
རུ་ཀྱོག་རི་ཁྲོད།      
གཞུང་རུ་རི་ཁྲོད།      
སྐྱ་སྐྱ་རི་ཁྲོད།      
བྱ་དུར་དགོན།     བོན་པོ།
༡༠ བྱང་སྐྲ་མདུན་ལྷ་ཁང་། དུས་རབས་ ༧། ཆོས་རྒྱལ་སྲོང་བཙན་སྒམ་པོ།  

 

ལེ་ཚན་བདུན་པ། གྲགས་ཅན་མི་སྣ།

ཨང་། མཚན། འཁྲུངས་ཡུལ། འཁྲུངས་འདས། མཆན།
མུས་སྲད་པ་རྡོ་རྗེ་རྒྱལ་མཚན། ཆག་སྐྱ་སྐྱ། ཕྱི་ལོ་ ༡༤༢༤ འཁྲུངས། ས་སྐྱ་རྫོང་པ་སྲོལ་གཏོད་
པཎ་ཆེན་བདེ་ལེགས་ཉི་མ། བྱང་ཀྲེ་བ། དུས་རབས་ ༡༦ དཀྱིལ། སེར་བྱེས་མཁན་རབས་ ༩ པ།

ལེ་ཚན་བདུན་པ། དམངས་སྲོལ།

དང་པོ། ཟང་ཟང་རྟ་མདའ།

ཡུལ་དེར་རྟ་རྒྱུག་ལ་རྟ་མདའ་ཞེས་འབོད་སྲོལ་མཆིས་ཤིང་། དེ་ཡང་རྟ་ཐོག་ནས་མདའ་འཕེན་སོགས་རྟ་རྒྱུག་གི་རྩལ་འགྲན་གྱི་བྱེད་སྒོ་ཞིག་ཡིན་པས་དེ་ལྟར་ཐོགས། རྫོང་དེའི་ཟངས་ཟངས་རྟ་རྒྱུག་ཏུ་གྲགས་པའི་སྤྱི་ཚོགས་དུས་སྟོན་གྱི་བྱེད་སྒོ་དེ་ནི། བོད་ཟླ་ ༧ ཚེས་འགོར་རྟ་རྒྱུག་གཞར་འབེན་དང་ལྷ་གསོལ་བསང་མཆོད། དེ་བཞིན་ཉིན་དེར་མི་རྒྱུག་རྩེད་མོ་དང་ཆང་འཐུང་གླུ་གར་སོགས་བྱེད་སྒོ་སྣ་ཚོགས་ཤིག་སྤེལ་སྲོལ་མཆིས། དེ་མིན་བོད་ཟླ་ ༦ ཚེས་ ༤ ཆོས་འཁོར་དུས་ཆེན་ལ་དཔོན་རྒན་དབུས་པའི་མི་སེར་ཀུན་ནས་ལྷ་བྲག་དབུ་རྩེ་ལྷ་མོའི་ཚོགས་རར་བསང་གསོལ་ཚོགས་བརྒྱ་སྲུང་བརྩི་ཞུ་ཞིང་། གཞན་ཡང་། ཁུལ་དེའི་འབྲོག་པའི་ལོ་གསར་གཙོ་བོ་ནི་བོད་ཟླ་ ༡༡ ཚེས་ ༡ སྲུང་བརྩི་བྱེད་སྲོལ་མཆིས་ཀྱང་། བོད་ཟླ་ ༡༢ ཚེས་ ༡ ཉིན་ལོ་འགོའི་ལོ་ཆོ་ཞེས་རྟེན་འབྲེལ་བྱེད་སྒོ་མི་དམན་ཙམ་ཡང་གཏོང་བར་བཤད།[1]

གཉིས་པ། སྟེང་དཀར་གཞས་ཆེན།

རྫོང་དེར་ལོ་རེའི་བོད་ཟླ་དང་པོའི་ཚེས་གསུམ་ནས་ལྔ་བར་གཞུང་འབྲེལ་མཛད་སྒོའི་སྐབས་འཁྲབ་སྲོལ་མཆིས་པའི་སྟེང་དཀར་གཞས་ཆེན་ཞེས་པ། ཐོག་མར་གཞིས་རྩེ་ས་ཁུལ་གཉའ་ལམ་རྫོང་བུ་རོང་ནས་དར་བར་འདོད། དེ་ཡང་། སྟེང་དཀར་བོན་པོ་དགོན་པའི་བུ་དགོན་ཞིག་བུ་རོང་ཁོངས་སུ་ཡོད་ཅིང་། བུ་དགོན་གྱི་ཡོན་བདག་དང་གྲྭ་བཙུན་རྣམས་ལོ་རེ་བཞིན་སྟེང་དཀར་མ་དགོན་དུ་ལས་སྣེ་ཞབས་ཞུར་བཅར་དགོས། ཁོ་ཚོས་ལས་ཀའི་བར་གསེང་དུ་སྟེང་དཀར་མང་ཚོགས་ལ་རྒྱ་གཞས་བསླབས་ཏེ། དེ་ནས་བཟུང་བུ་རོང་རྒྱ་གཞས་སྟེང་དཀར་དུ་དར་ཁྱབ་བྱུང་ལ། སྟེང་དཀར་རང་ཉིད་ཀྱི་དམངས་ཁྲོད་གླུ་གར་གྱི་སྒྱུ་རྩལ་དང་ཟུང་འབྲེལ་གྱིས། ས་གནས་དེ་གའི་ཐུན་མོང་མ་ཡིན་པའི་སྟེང་དཀར་རྒྱ་གཞས་ཀྱི་རྣམ་པ་འདི་གྲུབ་པར་གྲགས་སོ།།

 

རེའུ་མིག་ནང་གི་མཆན།

1.  ལོ་རྒྱུས་ཐོག་དགོན་དེ་སྟག་ཚང་རིན་པོ་ཆེས་ཕྱག་བཏབ་ཅིང་། ལ་དྭགས་ཧེ་མི་དགོན་དང་འབྲེལ་བའི་འབྲུག་པ་བཀའ་བརྒྱུད་པའི་དགོན་སྡེ་ཞིག་ཡིན་ཡང་། ༡༦༨༣ལོར་རྒྱལ་པོ་དགའ་ལྡན་ཚེ་དབང་གིས་ལ་སིང་དམག་བསྡུམ་རྗེས་དགེ་ལུགས་སུ་བསྒྱུར།

2.  དགོན་དེ་ནི་ལོ་ཙཱ་བ་རིན་ཆེན་བཟང་པོའི་དུས་སྐབས་སུ་གསར་བཞེངས་བྱས་ཀྱང་། བྱང་གཏེར་རྡོ་རྗེ་བྲག་གི་རྒྱུད་པ་བླ་མ་ཡེ་ཤེས་དཔལ་ལྡན་གྱིས་རྒྱ་སྐྱེད་དང་བདག་གཉེར་གནང་ཡོད་འདུག

3.  དུས་རབས་བཅུ་བཞིའི་ནང་དུ་ས་སྐྱའི་རིང་ལུགས་འཛིན་པར་བསྒྱུར།

4.  དུས་རབས་བཅུ་གསུམ་པར་རྒོད་ཚང་པའི་སློབ་མ་ཕུ་རི་བ་ཆེན་པོ་གནས་དེར་སྒྲུབ་ལ་བཞུགས་པ་དང་ཆོས་ལུགས་བཀའ་བརྒྱུད་དུ་བསྒྱུར་བར་བཤད།

5.  མཐོ་གླིང་དགོན་གྱི་དགོན་ལྷག་དང་རྙིང་མའི་ཆོས་བརྒྱུད་ཡིན་མོད། ཕྱིས་དགེ་ལུགས་སུ་བསྒྱུར།

6.  བཻ་སེར་དུ་དགོན་དེ་བཞིན་གྲུབ་ཆེན་དབང་ཕྱུག་དཔལ་ལྡན་གྱིས་ཕྱག་བཏབ་པར་གསལ། དོན་དངོས་དགོན་དེས་སྔ་མོ་འབྲི་གུང་པའི་ཕྱག་བཞེས་མཛད་ཀྱང་། དུས་རབས་བཅོ་ལྔ་པའི་ནང་དུ་དགེ་ལྡན་རིང་ལུགས་འཛིན་པར་བསྒྱུར།

7.  ཤོད་རྒྱུན་ལ་དགོན་དེ་ལོ་ཆེན་རིན་ཆེན་བཟང་པོས་ཕྱག་བཏབ་ཅིང་ནམ་མཁའ་བཀྲ་ཤིས་ཀྱིས་རྒྱ་སྐྱེད་མཛད། དུས་རབས་བཅོ་བརྒྱད་པའི་ནང་མཐོ་གླིང་དགོན་གྱི་དགོན་ལག་ཏུ་བསྒྱུར་ཞེས་གྲགས།

8.  དེ་སྔ་དགེ་ལུགས་པ་དང་དུས་ཕྱིས་སུ་རྙིང་མར་བསྒྱུར།

9.  ཐོག་མར་འབྲུག་པ་བཀའ་བརྒྱུད་པའི་ཆོས་ལུགས་ཡིན་ཡང་། དུས་རབས་བཅུ་དྲུག་པའི་སྐབས་སུ་དགེ་ལྡན་པའི་ལུགས་སུ་བསྒྱུར།

10. སྔ་དུས་དེར་རི་པ་དག་སྒྲུབ་པ་སྐྱོན་ས་ཁོ་ན་ལས་མེད་ཀྱང་། ཕྱིས་ལྷ་ཁང་དཀར་པོ་དེ་ལོ་ཆེན་རིན་བཟང་གིས་བཞེངས་པར་གྲགས།

11.  ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྲས་མོ་མེ་ཏོག་སྐྱབས་ཀྱིས་ཕྱག་བཏབ་པར་གྲགས་ཤིང་། དུས་རབས་བཅུ་བཞི་པའི་སྨད་ཆར་དགེ་ལུགས་པར་བསྒྱུར།

12.  རྗེ་རྒོད་ཚང་པའི་ཞལ་སློབ་ཆོས་རྗེ་བྱ་བཏང་པས་གུ་གེའི་ཁུལ་དུ་འབྲུག་པའི་བཀའ་བརྒྱུད་པའི་བསྟན་པ་སྤེལ་དུས་ལོ་ཆེན་གྱིས་ཕྱག་བཏབ། ཕྱིས་མཐོ་གླིང་དགོན་གྱི་དགོན་ལག་ཏུ་གྱུར།

13.  ཚེ་རྡོ་དང་རྡོ་མཁར། དགོན་སྡེ། གླིང་ཁ། ཀྲུང་གོའི་བོད་ལྗོངས། ཕྱི་ལོ། ༢༠༠༨།༩ ཤོག ༢༥།

14.  དགོན་དེར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་བྱང་ཆུབ་ལམ་སྒྲོན་མཛད་པར་གྲགས།

15.  ཤོད་རྒྱུན་ལ་དགོན་དེ་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ཕྱག་བཏབ་ཅེས་གྲགས། ཇོ་བོ་རྗེས་བྱང་ཆུབ་ལམ་རིམ་བརྩམས་ཡུལ་ཡང་དགོན་དེ་ཡིན་པར་གྲགས།

16.  དུས་རབས་ ༡༧ ནང་དགེ་ལུགས་སུ་བསྒྱུར།

17. John Vincent Belleza. Antiquities of Upper Tibet An Inventory of Pre-Buddhist Archaeological sites on the high plateau (Findings of the upper Tibet circumnavigatin expedition 2000) DROTT PUBLISHES .DELHI-110 053.pg 30,34.

18.  ཆོས་ངག་ལགས་ཀྱིས་བརྩམས་གནང་བའི་སྟོད་མངའ་རིས་ཀྱི་དགོན་སྡེའི་ལོ་རྒྱུས་དག་གསལ་མཐོང་བའི་མེ་ལོང་ནང་། དགོན་དེ་དུས་རབས་བཅུ་དགུ་པའི་དུས་དཀྱིལ་དུ་འབྲོང་པ་ཞྭ་ཆེན་དཔོན་མོ་བསོད་ནམས་མཚོ་མོས་ཕྱག་བཏབ་སྟེ་མཚུར་ཕུ་དགོན་པའི་དགོན་ལག་ཏུ་ཕུལ་ཞེས་གསལ།

19.  ཐོག་མར་བཀའ་བརྒྱུད་པའི་དགོན་པ་ཞིག་ཡིན་རུང་། ཕྱི་ལོ་༡༦༥༠ཡས་མས་སུ་དགེ་ལྡན་རིང་ལུགས་འཛིན་པར་བསྒྱུར།

[1].  ཞལ་ངོ་ཨ་རྣམ། ཟངས་ཟངས་ཀྱི་ལོ་རྒྱུས། ཏི་སེའི་འོད་ཟེར། འདོན་གཉིས་པ། མངའ་རིས་རིག་གཞུང་གཅེས་སྐྱོང་ཁང་། རྡ་རམ་ས་ལ། ཕྱི་ལོ་ ༡༩༩༤། ཤོག ༢༦།

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།