འཕན་པོ་ལྷུན་གྲུབ་རྫོང༌ངོ་སྤྲོད།

འཕན་པོ་ལྷུན་གྲུབ་རྫོང༌ངོ་སྤྲོད།

འཕན་པོ་ལྷུན་གྲུབ་རྫོང་ནི་གྲོང་ཁྱེར་ལྷ་སའི་ལྷུན་གྲུབ་རྫོང་གསུམ་ཕྲེང་ཤང་རྫོང་ཞོལ་གྲོང་ཚོའི་བྱང་ངོས་རི་སྟེང་དུ་ཡོད།       ལྷུན་གྲུབ་ཅེས་པ་ནི། མ་བསྒྲུབ་ལྷུན་གྱིས་གྲུབ་པའི་དོན་དུ་གོ་ཞིང༌། སྔོན་གྱི་ལྷུན་གྲུབ་རྫོང་ནི་ད་ལྟའི་རྫོང་གནས་ཡུལ་ནས་བྱང་ངོས་ཆག་ལའི་ཕྱོགས་སུ་སོང་ན་སྤྱི་ལེ་བཞི་ལྔ་ཙམ་གྱི་ས་ན་རྫོང་ཞོལ་ཞེས་པར་ཡོད།
འཕན་པོ་ལྷུན་གྲུབ་རྫོང་ནི་སྔར་ཕག་གྲུའི་སྐབས་དང༌། སྟག་ལུང་པས་འཕན་པོ་འཛིན་སྐྱོང༌། དགའ་ལྡན་ཕོ་བྲང་གིས་དབང་བསྒྱུར་བཅས་གང་གི་སྐབས་སུའང་དེ་གར་གནས་གཞི་བྱས་ཏེ་འཛུགས་བསྐྲུན་རྒྱ་བསྐྱེད་དང་ཉམས་གསོ་ཐེངས་འགའ་བྱས་ཏེ་ཐོག་བརྩེགས་དགུ་ལྡན་གྱི་མཁར་དབུས་དམར་པོ་དང༌། མཐའ་བསྐོར་དཀར་པོ། མཐར་གྱང་གི་ལྕགས་རི་ཆེན་པོ་ཞིག་ཡོད་པ་ ༡༩༥༩ བར་གནས་པ་དེ་ལོ་རྒྱུས་ཡུན་རིང་ལྡན་ལ་རིག་དངོས་འབོར་ཆེན་ཡོད་པ་རིག་གསར་སྐབས་ཕྱི་ནང་གཏོར་བཤིག་གིས་དེང་གྱང་ཤུལ་ཙམ་ལས་མེད་པ་དེ་ཡང་ཕག་གྲུའི་སྐབས་ཏཱའི་སི་ཏུས་རྫོང་ཆེན་བཅུ་གསུམ་བརྩིགས་པའི་གྲས་ཤིག་ཡིན། ད་ལྟའི་ལྷུན་གྲུབ་རྫོང་ནི་ལྷ་ས་ནས་སྤྱི་ལེ་ ༦༥ ཙན་སོང་ན་འཕན་པོ་དགའ་ལྡན་ཆོས་འཁོར་དུ་གནས་ཡོད། རྫོང་དེའི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ ༤༥༡༧ དང༌། མི་འབོར་ཁྲི་ ༥ཿ༢ ལ་ཉེ་བ་ཆ་སྙོམས་རྒྱ་མཚོའི་ངོས་ནས་སྤྱི་ཁྲེ་ ༣༩༠༠ ཙམ་མཐོ་བའི་ས་བབས་ཅན་གྱི་ཞིང་ལས་གཙོ་བོར་བྱེད་ལ་ས་མ་འབྲོག་གི་རྫོང་ཞིག་ཡིན།

 

འཕན་པོ་ལྷུན་གྲུབ་རྫོང་། རབ་བྱུང་དྲུག་པའི་འགོར་ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་ས་སྐྱ་པའི་ལག་ནས་སྲིད་དབང་འཕྲོགས་ཟིན་པའི་རྗེས་སུ་དབུས་གཙང་གཉིས་སུ་རྫོང་ཆེན་བཅུ་གསུམ་བརྩིགས་པའི་ཡ་གྱལ་ཞིག་ཡིན། པར་པ། Rabden Lepcha?  པར་ཕྱོགས་བསྡུས་པ། Sir Charles Bell པར་བཏབ་ལོ། August 25th or September 5th 1921

བརྒྱུད་སྐུལ།

མཆན་སྤེལ།