སྣེའུ་རྫོང༌ངོ་སྤྲོད།

སྣེའུ་རྫོང༌ངོ་སྤྲོད།

གཞིས་ཀ་སྣེའུ་རྫོང་ནི་ད་ལྟ་སྟོད་ལུང་བདེ་རྫོང་སྣེའུ་ཤང་ར་མ་སྒང་གྲོང་ཚོའི་ཁོངས་སུ་ཡོད། སྣེའུ་རྫོང་ནི་སྔར་ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་རབ་བྱུང་ ༦ པའི་ས་གླང་ ༡༣༤༩ ལོ་ནས་ལོ་ ༡༦ རིང་སྲིད་དབང་བཟུང་སྐབས་དབུས་གཙང་གཉིས་ཀྱི་ས་དགག་ཏུ་རྫོང་ཆེན་བཅུ་གསུམ་བརྩིགས་པར་གྲགས་པའི་གྲས་ཀྱི་གཅིག་འདི་ཡིན་པ་དང༌།
རབ་བྱུང་ ༡༡ པའི་ཆུ་རྟ་སྤྱི་ལོ་ ༡༦༤༢ ལོར་གུ་ཤྲི་བསྟན་འཛིན་ཆོས་ཀྱི་རྒྱལ་པོས་གཙང་པ་སྡེ་སྲིད་ཀརྨ་བསྟན་སྐྱོང་དབང་པོ་ཕམ་པར་མཛད་ནས་གཙང་པ་སྡེ་སྲིད་གསོན་བཟུང་གིས་སྣེའུར་བཙོན་འཇུག་བྱས་རྗེས་བསྐྱར་ལོག་བྱ་རྩིས་ཀྱི་གནས་ཚུལ་ཡིག་འགྲུལ་ཐོན་སྟབས་ས་གནས་དེ་ག་ནས་སྐྱིད་ཆུར་གཡུགས་ཏེ་བཀུམ་པ་སོགས་ཀྱི་ལོ་རྒྱུས་ཡོད་ལ། སྣེའུ་རྫོང་དེ་ལོ་ཟླ་རིམ་བགྲོད་ཀྱི་དུས་ཀྱི་ཕྲེང་བའི་ནང་སྐྱིད་ཆུ་རྒྱས་ནས་ཞིག་རལ་ཉམས་ཆག་ཏུ་སོང་བ་དང༌། ལྷག་པར་རིག་གསར་སྐབས་གཏོར་བཤིག རིག་གསར་གྱི་ལྷག་མ་ཅུང་ཟད་ཡོད་པ་དེ་ཉེ་ལམ་མེ་འཁོར་འབབ་ཚུགས་གསར་རྒྱག་གི་ལས་གཞིའི་འོག་ཏུ་སོང་སྟེ་ད་ཆ་སྔོན་གྱི་ལོ་རྒྱུས་ཐོག་ཡོད་པའི་སྣེའུ་རྫོང་ཞེས་པ་དེ་ད་ལྟ་ས་གནས་ཀྱང་ངོས་འཛིན་དཀའ་བར་གྱུར་ལ། མིང་གི་ལྷག་མར་གྱུར་ཟིན་ཏོ།།

བརྒྱུད་སྐུལ།

མཆན་སྤེལ།