ཡར་འབྲོག་དཔལ་སྡེ་རྫོང༌ངོ་སྤྲོད།

ཡར་འབྲོག་དཔལ་སྡེ་རྫོང༌ངོ་སྤྲོད།

 

ཡར་འབྲོག་དཔལ་སྡེ་རྫོང་ནི། དེང་ལྷོ་ཁ་ས་གནས་གོང་དཀར་རྫོང་ཁོངས་དང༌། སྔར་སྣ་དཀར་རྩེ་རྫོང་དཔལ་སྡེ་གྲོང་ཚོའི་རི་ལྡེབས་སུ་ཡོད། དཔལ་ལྡེ་རྫོང་ནི་སྣ་དཀར་རྫོང་གི་བྱང་རྒྱུད་དུ་གནས་ལ། ཡིག་སྡེབ་ཐད་དཔལ་སྡེ་དང༌། དཔལ་དི་ཞེས་འབྲི་སྲོལ་མི་འདྲ་བ་གཉིས་སུ་མཆིས། འདི་སྐོར་ལོ་རྒྱུས་ཞིབ་གསལ་མ་བརྙེད་པས་འོལ་ཚོད་ཀྱི་བརྗོད་པར་མ་སྤོབས། ཡར་འབྲོག་སྣ་དཀར་རྩེ་རྫོང་ནི། དུས་སྐབས་གང་གི་སྐབས་སུ་བྱུང་མིན་གསལ་བར་མ་མཐོང་ཡང་རིགས་པས་དཔྱད་ན་ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་རབ་བྱུང་དྲུག་པའི་འགོར་ས་སྐྱ་པའི་སྲིད་དབང་ཕྲོགས་རྗེས་དབུས་གཙང་གཉིས་སུ་རྫོང་ཆེན་བཅུ་གསུམ་བརྩིགས་པར་བཤད་པའི་ནང་གི་གཅིག་ཡིན་ནམ་སྙམ་སྟེ་དཔྱད་པར་འཚལ་ལ། འདིའི་སྐོར་ཞིབ་པར་དེབ་དམར་གསར་མའི་ནང་གསལ་ལོ།།

བརྒྱུད་སྐུལ།

མཆན་སྤེལ།