ད) བོད་ཀྱི་ཕྲ་བཟོའི་ལག་རྩལ།

ད) བོད་ཀྱི་ཕྲ་བཟོའི་ལག་རྩལ།

རྡོའི་རིགས་ཀྱི་རིན་པོ་ཆེ་སྣ་ཚོགས་བརྡར་བཟོ་དང༌། གཤག་བཟོ། དབྱིབས་བཟོ། རྫས་འགྱུར་གྱི་ཆུའི་ནང་སྦངས་ནས་འཁྲུ་བ་སོགས་ཀྱི་བཟོ་ལས་ལ་ཟེར། བོད་མི་རིགས་ཀྱིས་རིན་པོ་ཆེའི་རིགས་ལེགས་ཉེས་དབྱེ་འབྱེད་ཤེས་པ་ནི་ཕྱི་ལོའི་དུས་རབས་བརྒྱད་པའི་གཡས་གཡོན་དུ་བོད་ཀྱི་གསོ་རིག་མཁས་དབང་གཡུ་ཐོག་ཡོན་ཏན་མགོན་པོས་བརྩམས་པའི་སྨན་གྱི་རྒྱུད་བཞིའི་ནང་རིན་པོ་ཆེའི་རིགས་མང་པོར་ནད་བཅོས་པའི་ནུས་པ་ཡོད་ལུགས་གསལ་བཤད་གནང་ཡོད་པ་དང༌།

ཕྱི་ལོའི་དུས་རབས་བཅུ་དྲུག་པའི་འགོར་ཀརྨ་ཆག་མེད་ཀྱིས་རིན་པོ་ཆེ་བརྟག་པ་སོགས་ཀྱི་རྩོམ་ཡིག་མི་ཉུང་བ་ཞིག་ཡོད། འོན་ཀྱང་རྡོའི་རིགས་ཀྱི་རིན་པོ་ཆེ་བརྡར་བཟོ་དང་གཤག་ལས་ཀྱི་ལག་རྩལ་ཐད་བལ་པོ་དང་ཁ་ཆེར་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པ་དང༌། ༸རྒྱལ་དབང་ལྔ་པ་ཆེན་པོའི་སྐུ་དུས་སུ་ལྷ་སར་གཞིས་ཆགས་ཏེ་སྡོད་པའི་བལ་པོ་དང་ཁ་ཆེའི་ཚོང་པ་མང་པོ་ཡོད་པ་ནས་པོ་ཏ་ལའི་ཕོ་བྲང་དམར་པོ་གསར་བཞེངས་གནང་སྐབས་བལ་པོ་བཟོ་རྩལ་མཁས་པ་མང་པོ་བསྡུས་པའི་ཁྲོད་ནས་ཕྲ་རྒྱན་བཟོ་རྩལ་ལ་མཁས་པའི་བལ་པོ་ཛ་ན་ཙན་དར་སོགས་མི་གྲངས་བཞི་བཅུ་ཞེ་དྲུག་ཡོད་པ་བཅས་སོ།།   །།

བརྒྱུད་སྐུལ།

མཆན་སྤེལ།