ནག་ཆུ་རྫོང་གི་དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ་བཅས་ཀྱི་སྐོར།

ནག་ཆུ་རྫོང་གི་དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ་བཅས་ཀྱི་སྐོར།

ལེ་ཚན་དྲུག་པ། དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ།

དང་པོ། དགོན་སྡེ།

ཨང་། དགོན་པའི་མིང་། བཞེངས་དུས། བཞེངས་མཁན། ཆོས་བརྒྱུད།
༡ བོན་དགོན་གཡུ་དྲུང་གླིང་།   ཐང་ནག་བླ་མ། བོན།
༢ སོ་དྲུག་ཐོས་བསམ་བྱང་ཆུབ་གླིང་།   ཀརྨ་སྦྱིན་པ་དར་རྒྱས། རྙིང་མ།
༣ བསམ་གཏན་འོད་གསལ་གླིང་། རབ་བྱུང་ ༡༡། གཞུ་ཚེ་རིང་། དགེ་སློང་ཚེ་རིང་། རྙིང་མ།
༤ ཀོ་ཧམ་རི་ཁྲོད། ཕྱི་ལོ་ ༡༨༥༠། ཀོ་ཧམ་མཚམས་པ་རིག་འཛིན། རྙིང་མ།
༥ ཚེས་བཅུ་དབང་གྲགས་ལྕོག ཕྱི་ལོ་ ༡༨༦༣། སྒྲུབ་ཁང་སྐུ་ཕྲེང་བཞི་པ། རྙིང་མ།
༦ རུ་རྙིང་ཚེས་བཅུ་ལྷ་ཁང་། ཕྱི་ལོ་ ༡༨༦༨། དགེ་སློང་དཀོན་མཆོག་ཕན་བདེ། རྙིང་མ།
༧ འབའ་རོམ་བཀའ་བརྒྱུད་བཤད་སྒྲུབ་ཆོས་འཁོར་གླིང་། ཕྱི་ལོ་ ༡༡༥༣། དར་མ་དབང་ཕྱུག བཀའ་བརྒྱུད།
༨ འབྲོང་ངུར་དགོན་ཐུབ་བསྟན་རྣམ་རྒྱལ་གླིང་། ཕྱི་ལོ་ ༡༦༥༢། ཕུར་དགའ་བཀྲ་ཤིས། བཀའ་བརྒྱུད།
༩ བཙུན་དགོན་བཀྲ་ཤིས་བསམ་གཏན་གླིང་། ཕྱི་ལོ་ ༡༨༤༣། སྒྲུབ་ཁང་སྐུ་ཕྲེང་བཞི་པ། བཀའ་བརྒྱུད།
༡༠ ཉན་པོ་ཁྱུང་ཚང་དགོན། ཕྱི་ལོ་ ༡༩༠༡། བླ་མ་གསང་སྔགས་རང་གྲོལ། བཀའ་བརྒྱུད།
༡༡ གནམ་ལྡིང་རི་ཁྲོད། ཕྱི་ལོ་ ༡༧༠༧། མཚམས་ཆུང་མཐོང་བ་དོན་ལྡན། བཀའ་བརྒྱུད།
༡༢ ཀླུ་གླང་རི་ཁྲོད། ཕྱི་ལོ་ ༡༨༤༢། གྲུབ་ཆེན་ཤེས་རབ་རྒྱལ་མཚན། བཀའ་བརྒྱུད།
༡༣ རྟ་སྣ་དགོན།     བཀའ་བརྒྱུད།
༡༤ ཞབས་བརྟན་དགོན་འགྲོ་འདྲེན་བདེ་སྐྱིད་གླིང་། ཕྱི་ལོ་ ༡༧༢༤། སྒྲུབ་ཁང་སྐུ་ཕྲེང་བཞི་པ། དགེ་ལུགས།
༡༥ ཤག་རོང་དགོན་དགའ་ལྡན་དར་རྒྱས་གླིང། ཕྱི་ལོ་ ༡༦༤༠། བློ་བཟང་འཕྲིན་ལས། དགེ་ལུགས།
༡༦ ཨུ་ཏོག་ཐར་གླིང་སྡིག་རྭ་དགོན། ཕྱི་ལོ་ ༡༧༡༨། གྲགས་པ་རྒྱལ་མཚན། དགེ་ལུགས།
༡༧ སྟག་རིང་དགོན་བཀྲ་ཤིས་བདེ་ཆེན་གླིང་།   བསོད་ནམས་དར་རྒྱས། དགེ་ལུགས།
༡༨ བཤད་སྒྲུབ་དགེ་འཕེལ་གླིང་། ཕྱི་ལོ་ ༡༩༣༣། བླ་མ་ངག་དབང་འཕེལ་རྒྱས། དགེ་ལུགས།
༡༩ དཀར་འདེམ་ཐེག་ཆེན་གླིང་། དུས་རབས་ ༡༢། སྒྲུབ་ཁང་བསྟན་འཛིན་རྒྱ་མཚོ། དགེ་ལུགས།
༢༠ འཁོར་ལྡན་རི་ཁྲོད་རིམ་གཉིས་ཐེག་མཆོག་གླིང་།   སྒྲུབ་ཁང་བསྟན་འཛིན་རྒྱ་མཚོ། དགེ་ལུགས།
༢༡ རྣམ་གྲོལ་རི་ཁྲོད། ཕྱི་ལོ་ ༡༩༠༨། མཚམས་པ་ཚེ་འཕེལ། དགེ་ལུགས།
༢༢ སྟོད་སྒོར་བླ་གྲྭ་ཚང་། ཕྱི་ལོ་ ༡༧༤༣། ཆོས་རྗེ་ངག་དབང་བསྟན་འཛིན། དགེ་ལུགས  
༢༣ དགེ་ཕན་བྱང་ཆུབ་གླིང་།     དགེ་ལུགས།  

གཉིས་པ། གྲགས་ཅན་མི་སྣ།

ཨང་། མཚན། འཁྲུངས་ཡུལ། འཁྲུངས་འདས། མཆན།
༡ ཨ་མདོ་སེ་དོར་ཨ་ལྷབ།     ཨ་མདོ་ཤོག་བརྒྱད་ཀྱི་འགོ་དཔོན།
༢ རྫོང་མཁན་མཁན་པོ།     རྫོང་དཔོན་ཡིན།
༣ སེ་དོར་དབང་འཕེལ།     སེ་དོར་དཔོན་ཡིན།
༤ ཆོས་འཕེལ་འཇམ་དབྱངས། ནག་ཆུ། དུས་རབས་ ༡༩། འབྲས་སྤུངས་སྒོ་མང་གི་མཁན་ཐོག་དྲུག་ཅུ་རེ་བརྒྱད་པ།
༥ ཐུབ་བསྟན་མཁས་གྲུབ། ནག་ཆུ། ༡༩༥༥- སྒྲུབ་ཁང་སྐྱེ་ཕྲེང་བདུན་པ།

 

གསུམ་པ། གནའ་ཤུལ།

མཁར། བང་སོ། དུར། གནས།

ས་གནས།

མཆན།

གནས། སྒྲུབ་གནས་ཁྱུང་གཤོག་བྲག   འབའ་རོམ་དར་མ་དབང་ཕྱུག་གིས་ལུང་བསྟན་པའི་སྒྲུབ་གནས།
གནས། སྒྲུབ་ཕུག་གླག་མོ་བྲག   འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོའི་སྒྲུབ་གནས།
གནས། ལྷ་རྫོང་དཀར་པོ་རི།    
གནས། པདྨ་རྫོང་རི།    
གནས། རྒོད་ཆུང་རྣམ་དག་རི།    
གནས། ཐང་སྟོང་བྲག    
གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སྒྲུབ་ཕུག    
གནས། ལྷ་ལུང་ལྷ་མཁར།    

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།