ང) གྲུ་འཛིན་ཞིང་གི་སྒོ་མོ།

ང) གྲུ་འཛིན་ཞིང་གི་སྒོ་མོ།

མཁར་སྣ་གདོང་གྲུ་འཛིན་ཞིང་གི་སྒོ་མོ། དེ་ཡང་མཁར་སྣ་གདོང་ཞེས་པ་ནི་ལྷ་ས་ནས་ཤར་ཕྱོགས་སུ་ཧ་ཅང་ཐག་མི་རིང་བའི་ས་ཆ་ཞིག་གི་མིང་ཡིན། རྒྱ་བཟའ་ཀོང་ཇོ་བོད་དུ་ཕེབས་སྐབས་ས་གནས་དེ་ནས་ལྷ་ས་སྐྱིད་ཆུའི་བྱང་ཕྱོགས་སུ་ཆུ་རབ་བརྒལ་ནས་ཕེབས་པས་ས་གནས་དེ་ལ་རྒྱ་མོ་རབ་ཁ་ཞེས་ཐོགས་ཚུལ་ཆོས་འབྱུང་མཁས་པའི་དགའ་སྟོན་ནང་གསལ་བས་མཁར་སྣ་གདོང་དང༌།
རྒྱ་མོ་རབ་ཁ་ཟེར་བའི་ས་ཆ་དེ་གང་དུ་ཡོད་མེད་བརྟག་དགོས། འོན་ཀྱང་རྩེ་པོ་ཏཱ་ལའི་ཤར་ལྡེབས་སུ་ཡོད་པའི་ལྷ་ཁང་གསར་པ་མཁར་སྣ་གདོང་གྲུ་འཛིན་ཞིང་གི་སྒོ་མོ་དང་པོའི་རང་བྱོན་སར་མཁར་སྣ་གདོང་དང༌། དེའི་མདུན་གྱི་གཞུང་ལམ་ལ་མཁར་སྣ་གདོང་དུ་གྲགས་པ་དེར་རྒྱ་མོ་རབ་ཁ་ཟེར་མིན་ཆ་མ་འཚལ་བས་དེ་ཉིད་ཡིན་མིན་དཔྱད་གཞིར་ཕུལ་བ་བཅས་སོ།།  །།

 

ལྷ་སའི་དངོས་བྱུང་བདེན་དཔང་ལས་བཏུས།

བརྒྱུད་སྐུལ།

མཆན་སྤེལ།