༸རྒྱལ་དབང་རིན་ཆེན་ཚངས་དབྱངས་རྒྱ་མཚོའི་བཀའ་རྒྱ།

༸རྒྱལ་དབང་རིན་ཆེན་ཚངས་དབྱངས་རྒྱ་མཚོའི་བཀའ་རྒྱ།

༄༅། །ཉི་འོག་ཏུ་་འཁོད་པའི་སྐྱེ་འགྲོ་སྤྱི་དང་། ཁྱད་པར་ཞོལ་གཉེར་སྡོད་དང་། ཤུན་རྫོང་སྡོད། བསྐུལ་བརྡའི་སྣེ་སླེབ་སེར་སྐྱ་དྲག་ཞན་རྒན་དམངས་དང་བཅས་པ་མཐའ་དག་ལ་སྤྲིངས་པ།

ཞོལ་དུ་ཞིབ་གཅོད་དུས་ཕྲུག་སམ་ཆེ་པའི་དག་ཁྲར་དམག་དུས་རྐང་བཅུ་གཅིག་དང་། ཁྲལ་དུས་རྐང་ལྔའི་སྒྲུབ་ལང་བྱུང་ཕྱིན་མཐུས་པའི་དག་ཁྲ་སེལ་མ་བཀྲུས་རྒྱབ་འབྱར་བ་ཡོད་འདུག་ཀྱང་། དུ་གཏོང་ལ་བསྙད་པའི་ཁྲལ་རིགས་འགེལ་གཅེར་རྒྱུན་འབྱམས་བྱུང་འདུག་པ་བབས་འབྲེལ་མ་བྱེས་པས། ད་ཆ་འདི་ལོ་ནས་བཟུང་ཁྲི་ཟམ་སོགས་ཀྱིས་མཚོན་པའི་དུ་གཏོང་གི་ཁྲལ་རིགས་ཚང་མ་བསྐུལ་གཅེར་མེད་པར་བདེ་བར་ཡིད་གེ་འཛིན་འཇུག་པ་གྱིས། ཆུ་རྟ་ཟླ་ཚེས་ལ་བྲིས། རྐ་ལྔའི་འཁྲི་སྒྲུབ་ཞ་ཆག་མེད་པ་བྱུང་ཕྱིན་གོང་བཞིན་གྱིས། མཆན་དོན་བཞིན་ལ་རྒྱབ་གནོན་བྱས་པ་ཡིན།།

མཆན། གོང་གསལ་བཀའ་ཡིག་དེ་ནི་ཕལ་ཆེར་ཆུ་རྟ་ཕྱི་ལོ་ ༡༧༠༢ ལོར་རྒྱལ་བ་ཚངས་དབྱངས་རྒྱ་མཚོས་ལྷ་ས་ཞོལ་གཉེར་པ་དང་། དེང་གི་སྟོད་ལུང་རྫོང་ཁོངས་སུ་ཡོད་པའི་དེ་སྔའི་ཤུན་གདོང་དཀར་རྫོང་འོག་གི་སྣེ་མོ་མངགས་སླེབས་ཐ་དག་ལ་མངའ་འོག་ཁྲི་ཟམ་གཙོས་མི་སེར་ཚོར་ཁྲལ་འུལ་གང་བྱུང་འགེལ་གཙེར་མི་ཆོག་པའི་བཀའ་རྒྱ་གནང་བ་ལ། ཕྱིས་༸གོང་ས་བདུན་་པ་མཆོག་ནས་ཀྱང་༸གོང་ས་དྲུག་པའི་བཀའི་མཆན་དོན་རྒྱབ་གནོན་གནང་བ་ཞིག་རེད་འདུག མདོར་ན། བཀའ་ཐམ་ཆེ་བ་དེ་༸གོང་ས་དྲུག་པའི་བཀའ་ཐམ་དང་། ཆུང་དེ་༸གོང་ས་བདུན་པའི་བཀའ་ཐམ་ཡིན་ཚོད་ལ་བརྟག་པར་མཛོད་ཅིག་གུ །

 

བརྒྱུད་སྐུལ།

མཆན་སྤེལ།