ཐོན་མི་སཾ་བྷོ་ཊས་མཛད་པའི་ཡི་གེ་འགྲེལ་པ་རྫོགས་སོ།། དགེའོ།།

ཐོན་མི་སཾ་བྷོ་ཊས་མཛད་པའི་ཡི་གེ་འགྲེལ་པ་རྫོགས་སོ།། དགེའོ།།

 

༄༅། །ཐོན་མི་སཾ་བྷོ་ཊས་མཛད་པའི་ཡི་གེ་འགྲེལ་པ་བཞུགས་སོ། །དགེའོ།།

 

བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །ཀ་སྨད་སུམ་ཅུ་གང་གི་བྱུང་། །མཛད་པ་སློབ་དཔོན་གང་གི་མཛད། །བཅོམ་ལྡན་འདས་ཉིད་ཀྱི་གསུངས་སོ། །འབྱུང་ལུགས་ཀྱི་རྒྱུད་ས་མ་ཡ་འབྱུང་། །བོད་དུ་རྒྱུད་པ་ཐོན་མི་སཾ་བྷོ་ཊས་མཛད་དོ། །མི་མཐུན་པ་གཅིག་ཀྱང་མེད་དོ། །ཀ་ཁ་ག་ང་བཞི་ནི་རྒྱ་གར་གྱི་རྒྱལ་པའི་ཡུལ་ནས་བྱུང་། །ཅ་ཆ་ཇ་ཉ་བཞི་ནི་སྟག་གཟིགས་ནོར་གྱི་རྒྱལ་པོའི་ཡུལ་ནས་བྱུང་། །ཏ་ཐ་ད་ན་བཞི་ནི་རྒྱ་ནག་གཙུགས་ལག་ཁང་གི་རྒྱལ་པོའི་ཡུལ་ནས་བྱུང་། །པ་ཕ་བ་མ་བཞི་ནི་ཨུ་རྒྱན་མཁའ་འགྲོའི་ཡུལ་ནས་བྱུང་། །ཙ་ཚ་ཛ་ཝ་ཞ་ཟ་འ་ཡ་ར་ལ་འདི་རྣམས་ཁ་ཆེའི་ཡུལ་ནས་བྱུང་། ཤ་ཤེས་རབ་ལས་བྱུང་། ས་གསེར་གྱི་ས་གཞི་ལས་བྱུང་། ཧ་མཆོད་པ་ཆེན་པོའི་སྐུ་ཡིན། ཨ་རྫོགས་པ་ཆེན་པོའི་རིགས་བྱུང་། དེ་ལ་ཟབ་མོའི་མངོན་དེ། མ་འགྱུར་པ་ལས་བྱིན་གྱིས་སྒྲ་ལས་ཡི་གེ་འདུད་ཤད་གཅིག་བསྲིད་དེ་ལྟར་ཀ་སྨད་སུམ་ཅུ་ལ་བྱིན་བརླབས་ཏེ། སྣང་ཞེས་སྲིད་པའི་ཆོས་ཐམས་ཅད་བྱུང་། ཀ་ལས་སྒྱུ་ཕྲུལ་བྱུང་། ཁ་ལས་འཕུགས་པ་བྱུང་། ག་ལས་རྒྱལ་པོ་མདོ་ལྔ་བྱུང་། ང་ལས་འཕགས་པའི་སྒོར་བྱུང་། ཅ་ལས་ཆུ་གཏོར་མ་བྲན་བྱུང་། ཆ་ལས་རྩེ་བྱུང་། ཇ་ལས་མངོན་བྱུང་། ཉ་ལས་རྟེན་འབྲེལ་བའི་སྡེ་རྒྱུད་ཐམས་ཅད་བྱུང་། ཏ་ལས་ཡོ་གའི་རྒྱུད་བྱུང་། ཐ་ལས་མངོན་པའི་མཛོད་བྱུང་། ད་ལས་ཤེས་རབ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྱུང་། ན་ལས་ཨུ་ཚངས་བྱུང་། པ་ལས་ཨུ་པ་ཡ་བྱུང་། ཕ་ལས་འཕེལ་བ་བྱུང་། བ་ལས་ཚངས་སྤྱོད་ཀྱི་ཡི་གེ་བྱུང་། མ་ལས་ཏི་ག་བྱུང་། ཙ་ལས་ཨུ་པ་ཡུ་བྱུང་། ཚ་ལས་ཀྲི་ཡ་བྱུང་། ཛ་ལས་ཐུབ་པའི་རིགས་བྱུང་། ཝ་ལས་རང་སངས་རྒྱས་ཆོས་བྱུང་། ཞ་ལས་བསྒྲུབ་པ་ཐམས་ཅད་རིགས་བྱུང་། ཟ་ལས་སྤྱོད་པའི་ཡི་གེ་བྱུང་། འ་ལས་རྒྱས་པའི་ཡི་གེ་བྱུང་། ཡ་ལས་གཤིན་རྗེའི་ཡི་གེ་བྱུང་། ར་ལས་སྒྲའི་ཡི་གེ་བྱུང་། ལ་ལས་ཐག་པ་རེ་དགུའི་སྒོམ་དོན་བྱུང་། ཤ་ལས་མ་རྒྱུད་བྱུང་། ས་ལས་མདོ་དང་འབུམ་བྱུང་། ཧ་ལས་མཆོད་པ་བྱུང་། ཨ་ལས་རྫོགས་པ་རིགས་བྱུང་ དེ་ནི་ཆོས་ཀྱི་བྱུང་ལུགས་ཡིན་ནོ།།

འོ་ན་ཀ་སྨད་སུམ་ཅུ་དང་ཆོས་སྤྱིའི་བྱུང་ལུགས་དེ་ལྟར་ལགས་ན། དེ་ལ་དང་པོ་ཡི་གེ་མགོ་ལ། པེ་རྐ་ཅིག་བྱུང་བ་ཅིའི་བརྟག །ཤད་གཉིས་བྱུང་བ་ཅིའི་བརྟག །བར་དུ་ཚེག་གཅིག་བྱུང་བ་ཅིའི་བརྟག །ཀ་ཤང་བར་དུ་ཚི་གཅིག་བྱུང་བ་ཅིའི་བརྟག །དེ་ནས་ཡི་གེ་བཀོད་པ་ནི་ཅིའི་བརྟག །ཀི་ཀུ་བྱུང་བ་ཅིའི་བརྟག །ཞབས་ཀྱུ་བྱུང་བ་ཅིའི་བརྟག །འགྲེང་བུ་བྱུང་བ་ཅིའི་བརྟག །ན་རོ་བྱུང་བ་ཅིའི་བརྟག །ཡསྠ་བྱུང་བ་ཅིའི་བརྟག །རསྠ་བྱུང་བ་ཅིའི་བརྟག །དེ་ལ་དང་པོ་ཡི་གེའི་མགོ་ལ་བེརྐ་རེའི་བྱུང་བ་དེ། ཆོས་ཉིད་གཡོ་བ་མེད་པའི་བརྟག །དེ་ལས་ཤད་ཅིག་བྱུང་བ་དེ། མཐོ་རིས་གནས་སུ་འདྲེན་པའི་བརྟག །དེ་ནས་ཤད་གཉིས་བྱུང་བ་དེ། ངན་སོང་གནས་ནས་འདྲེན་པའི་བརྟག །བར་དུ་ཀ་རེ་ཤད་ཅིག་བྱུང་བ་དེ། བར་ཆད་ཐམས་ཅད་བསེལ་བའི་བརྟག །བར་དུ་ཚེ་གཅིག་བྱུང་བ་དེ། ཚིག་དོན་སོ་སོར་འབྱེད་པའི་བརྟག །དེ་ནས་ཡི་གེའི་འབྲུ་བཀོད་པ་ནི། དོན་དམིགས་སོ་སོར་སྟོན་པའི་བརྟག །ཀི་ཀུ་བྱུང་བ་དེ། ཐུགས་རྗེ་ལྕགས་ཀྱུས་འཛིན་པའི་བརྟག །ཡསྠ་བྱུང་བ་དེ། ངན་སྟོང་རྟག་པའི་བརྟག །དེ་ནས་ཞབས་ཀྱུ་བྱུང་བ་དེ། །འཁོར་བའི་གནས་སུ་ཕྱིར་མི་ལྡོག་པའི་བརྟག །དེ་ནས་འགྲེང་བུ་བྱུང་བ་དེ། །མི་ནོར་བའི་བརྟག །ན་རོ་བྱུང་བ་དེ། ཐུགས་རྗེས་ལྕགས་ཀྱུ་བཟུུང་བས་བརྟག །རསྠ་ཆོས་ཉིད་མི་འགྱུར་བའི་བརྟག །འབྲེལ་འདོག་བཅུ་གཉིས་ཀྱི་ལན་འདེབས། སྤྱིའི་ཡི་གེའི་སུམ་ཅུ་ཐམ་པ་ལ། གཞན་གྱི་དབང་དུ་མི་གྱུར་ཅིང་། ཞེས་པ་ནི་རང་ཆེན་འབོད་པའི་ཡི་གེ་ཏུ་ཡོད། སའི་དབང་དུ་འགྲོ་བའི་ཡི་གེ་དུ་ཡོད། ར་ལ་བཏགས་པའི་ཡི་གེ་དུ་ཡོད། ཡ་བཏགས་པའི་ཡི་གེ་དུ་ཡོད། རསྠ་ཐོབ་པའི་ཡི་གེ་དུ་ཡོད། ཁ་ཆ་ཐ་ཕ་ཚ་ཞ་ཟ་འ་ཡ་ར་ལ་ཤ་ས་ཨ་འདི་རྣམས་རང་ཆེན་འཇུག་པའི་ཡི་གེ་ཡིན་ནོ། །ཀ་ག་ང་ཉ་ཏ་ད་ན་པ་བ་མ་ཙ་ལ་འདི་རྣམས་ནི་སའི་དབང་དུ་འགྲོ་བའི་ཡི་གེ་ཡིན་ནོ། །རྐ་རྒ་རྔ་རྙ་རྟ་རྡ་རྣ་རྦ་རྨ་རྩ་རྫ་རླ་འདི་རྣམས་རའི་དབང་དུ་འགྲོ་བའི་ཡི་གེ་ཡིན་ནོ། །ཀྱ་ཁྱ་གྱ་ཏྱ་ནྱ་པྱ་ཕྱ་བྱ་མྱ་ཧྱ། འདི་རྣམས་ཡསྠ་ཐོབ་པའི་ཡི་གེའོ། །ཀྲ་ཁྲ་གྲ་ཏྲ་ཐྲ་དྲ་ནྲ་པྲ་ཕྲ་བྲ་མྲ་ཛྲ་ཤྲ་སྲ་ཧྲ། འདི་རྣམས་རསྠ་ཐོབ་པའི་ཡི་གེའོ། །ཡན་བཞི་བཅུ་རྩ་དགུ་ཐོབ་པ། འདི་རྣམས་གཞན་ཡང་ལ་མི་འབྱུང་ངོ་། །འདི་རྣམས་སྔགས་ལ་ཡོད་དམ་སྲིད་དོ། །སྔགས་ཚིག་ལ་ཡོད་མི་སྲིད། ལོག་པའི་ཡི་གེ་དེ་གང་ཡིན། རིང་པོའི་ཡི་གེ་དེ་གང་ཡིན། འཐུག་པོའི་ཡི་གེ་དེ་གང་ཡིན། དྲག་པོའི་ཡི་གེ་དེ་གང་ཡིན། འདྲའི་ཡི་གེ་དེ་གང་ཡིན། མཐར་ཟད་ཀྱི་ཡི་གེ་གང་ཡིན། ཞེས་པ་ནི། ཊ་ཋ་ཌ་ཎ་ཥ་ལྡོག་པའི་ཡི་གེ་འདི་ལྔའོ། །འ་འགས་པ་ཐམས་ཅད་རིང་བའི་ཡི་གེའོ། །ཧ་བཏགས་པ་ཐམས་ཅད་འཐུག་པའི་ཡི་གེའོ། །ཚིག་དྲག་ཅན་ནི་དྲག་པོའི་ཡི་གེ་ནི་འདྲ་ཡི་གེའོ། །མཐར་ཟད་ཀྱི་ཡི་གེ་ཀྵ་ཡིན་ནོ། །ཞེས་པ་ནི། ཡི་གེའི་འབྲས་བུ་འདི་རྣམས་སྐལ་དཔའ་རྩལ་གསང་དང་། ཅོག་རོ་ཀླུའི་རྒྱལ་མཚན་གཉིས་ཐོན་མི་སཾ་བྷོ་ཊས་མཛད་པའི་ཡི་གེ་འགྲེལ་པ་རྫོགས་སོ། །

བོད་དུ་བཅུག་པའི་ཡི་གེ་དྲུག་ནི། རྒྱ་གར་ན་བྷ་གྷ། བོད་བཅོམ་ལྡན་འདས་དགོངས་པས་ཅ་བཅུག །རྒྱ་གར་ན་དྷརྨ། བོད་ན་ཆོས་དགོངས་པ་ཆ་བཅུག །རྒྱ་གར་ན་རུ་པཱ་བོད་ན་གཟུགས། དགོངས་པས་ཟ་བཅུག །རྒྱ་གར་ན་པྲ་ཉྫ་བོད་ན་ཤེས་རབ་ཤ་བཅུག །རྒྱ་གར་རཀྛོ་ཀྟ་བོད་ན་ཞལ་ནས་གསུངས་པའི་དགོངས་པས་ཞ་བཅུག །རྒྱ་གར་ན་ལོ་གི་བོད་ན་འཇིག་དགོངས་པས་ཇ་བཅུག །རྒྱ་གར་ན་རང་བ་ཡིག་ཨས་བྱེད་པའི། བོད་ན་འ་མིན་པས་ལ་འགྱུར་བའི་བཅུག་གོ །འདི་རྣམས་བོད་དུ་བཅུག་པའི་ཡི་གེའོ། །འདི་ཀྱང་རྒྱལ་བ་གཉིས་པའི་བསྟན་པ་རིན་པོ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །བཀྲ་ཤིས།།  །།དགེའོ།།

 

 

 

རྩོམ་སྒྲིག་པའི་མཆན། གོང་གསལ་ཡི་གེའི་འགྲེལ་པའི་ནང་ཡོངས་གྲགས་ཀྱི་དག་ཆ་དང་མི་མཐུན་པ་འགའ་ཞིག་མཆིས་ཀྱང་། ཞིབ་འཇུག་གི་རིན་ཐང་ལ་མཐོང་ཆེན་དང་། དཔེ་རྙིང་ལ་གུས་བརྩི་ཞུས་ཏེ། མ་དཔེ་སོར་བཞག་ཏུ་ཡིག་འཇུག་ཞུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།