དགེ་སློང་རབ་གསལ་གྱི་རྨི་ལམ་ཉམས་སྣང་།
༄༅། །ཨོཾ་སྭ་སྟི། བླ་མ་དང་ལྷ་མོ་དཔྱངས་ཅན་མ་ལ་ཕྱགས་འཚལ་ལོ། །དེ་ཡང་སྤྲུལ་པའི་ལྷ་མོས་རྨི་ལམ་དུ་ལུང་བསྟན་པའི་བསྟན་བཅོས་གཏན་གྲོགས་བཅུད་མེད་ཀྱི་ཟུར་རྩ་རབ་གསལ་ཞེས་བྱ་བ། དེ་ཡང་དུས་རེ་ཞིག་རི་ཁྲོད་དགོན་པར་མཚམས་ཀྱི་བཅད་རྒྱར་བཞུགས་ཡོད་བའི་ཚེ། རྨི་ལམ་ཉམས་སྣང་ལྟ་བུ་ལ་བུ་མོ་གཞོན་ནུ་མཛེས་མ་རིན་པོ་ཆེའི་རྒྱན་དུ་མ་སྤྲས་པ་ཞིག་ཞལ་རས་ལ་བུ་རམ་གྱི་སྨུག་ཙི་སྤུ་རིས་བྲིས་པ་ཕྱག་ཏུ་ཆོས་ཉིད་སྟོང་པའི་རང་སྒྲ་སྒྲོགས་པའི་པི་ཝང་བསྣམས་པ་ཞིག་འཛུམ་པའི་མདངས་དང་ལྡན་པས་ཟུར་མིག་མདའ་བཀང་སྟེ། །བདག་གི་བྱད་བཞིན་པདྨོའི་མེ་ལོང་ལ་བལྟས་ནས་པི་ཝང་གི་སྒྲ་བཅུག་ནས་གསེར་གྱི་འཛུབ་རྐྱུས། ཨིནྡྲ་ནི་ལས་ཁྲ་བཀོད་པའི་ཕྱག་སོར་གྱིས་བསྒྱུར་ཏེ། ཆོས་དང་འཇིག་རྟེན་གྱི་འབྲེལ་གཏམ་བརྗོད་ཅིང་བདག་ལ་དགའ་མགུར་སྤྱོད་པའི་རྣམ་གྱུར་སྟོན་དུ་བྱུང་བ་ལ། འདི་མཁའ་འགྲོ་མ་ཞིག་ཡིན་ནམ། ཡང་ན་བདུད་མོའི་སྤྲུལ་པ་ཞིག་ཡིན་ནམ། ཡང་ན་བདུད་མོའི་སྤྲུལ་པ་ཞིག་ཡིན། ཅི་ཡིན་ཀྱང་བུད་མེད་སྐྱོན་གྱི་རྩ་བ་ཡིན་པས་སྤོང་བ་ལས་འོས་མེད།
བདག་གིས་ཤཱཀྱའི་བསྟན་པ་ལ་རབ་ཏུ་བྱུང་སྟེ་མི་གཙང་བ་སྤྱོད་དུ་སྤོང་བའི་དགེ་སློང་ཡིན་སྙམ་དྲན་པ་རྟེན་ཏེ། དགེ་སློང་གིས་བུ་མོ་ལ་སྨྲས་པ། བག་ལྡན་རྣམ་དཔྱོད་རྒྱལ་རིགས་བཙུན་མོའི་ཚུལ། །ཀུན་གྱི་ཡིད་འཕྲོག་ངག་འཇམ་ཚངས་པའི་དབྱངས། །མཐོང་མཛེས་ལྷ་མོ་གཞོན་ནུ་ཚུར་ཉོན་དང་། བདག་གིས་ཐུབ་པའི་བསྟན་པར་རབ་བཟུང་ནས། ཉི་བརྒྱ་ལྔ་བཅུའི་ཁྲིམ་ནི་ཚུལ་བཞིན་བསྲུངས། །བུད་མེད་སྤངས་པའི་དགེ་སློང་དམ་པ་ཡིན། བུད་མེད་ངན་སོང་གསུམ་རྩ་བ་ཡིན། བུད་མེད་དང་འཕྲད་སྐྱེས་པ་ཐམས་ཅད་ཕུང་། །འཇིག་རྟེན་འདི་དང་ཕྱི་མ་སྡུག་ལ་བཀོད། །སྐྱེ་བོ་བུད་མེད་འདོད་ན་བདེ་བ་མེད། །བདེ་བ་འདོད་ན་བུད་མེད་སྤང་དགོས་པས། །དེའི་ཕྱིར་བུད་མེད་སྤྱོད་ལ་བདག་མི་ཆགས། །ཞེས་སྨྲས་པས། ཡང་བུ་མོས་ལན་སྨྲས་པ། བྱུར་པོ་བཅིང་པའི་དགེ་སློང་ཚུར་སོན་དང་། །མ་གོ་བུད་མེད་སྐྱོན་གྱི་རྩ་བ་ཡིན། །གོ་ན་ཡོན་ཏན་ཀུན་གྱི་གཞི་མ་ཡིན། །ཤེས་རབ་རང་བཞིན་སངས་རྒྱས་སྐྱེས་པའི་ཡུམ། །ཐབས་ཤེས་ཡ་བྲལ་སངས་རྒྱས་གལ་བྱུང་། །ཁ་བ་ཅན་འདིར་སངས་རྒྱས་རྣམ་གཉིས་ཀྱི། །བུད་མེད་ན་འགྲོ་དོན་གལ་མཛད། །སྤྲེའུ་བྲག་སྲིན་སྤུལ་ནས་མི་རྣམས་ལ། །ཐབས་ཀྱི་རང་བཞིན་ཆོས་ལ་ཆུག་པར་མཛད། །འགྲོ་བ་རིགས་དྲུག་ནང་ནས་མི་ནི་ལྷག། །བུད་མེད་པའི་སྐྱེས་པ་གང་ནས་བྱུང་། །མི་ལུས་མ་ཐོབ་ལྷ་ཆོས་ཇི་ལྟར་བྱེད། །བུད་མེད་མི་རྣམས་སྤེལ་བའི་གཞི་མ་ཡིན། །ཆོས་དང་འཇིག་རྟེན་གཉིས་ནས་ལྟོ་གོས་གཙོ། །བུད་མེད་སོ་ནམ་བཀལ་ཐག་ཞིང་ལས་མཁས། །དེ་ཕྱིར་བུད་མེད་མ་དམོད་རྩ་ལྷུང་ཕོག ། ཕྱིན་ཅད་བུད་མེད་སྐྱོན་དུ་མ་བཟུངས་ཤིག ། ཅེས་སྨས་པས། ཡང་དགེ་སློང་གིས་ལན་སྨྲས་པ། ལྷ་མོ་རབ་མཛེས་ཡིད་འོང་ཚུར་གསན་དང་། བུད་མེད་བྱ་བ་སྐྱོན་གྱི་རྩ་བ་སྟེ། །དོན་དམ་སངས་རྒྱས་སྐྱེས་པའི་ཡུམ་དང་བྲལ། །རྒྱལ་བའི་ཡུམ་དེ་བདེ་གཤེགས་སྙིང་རྗེ་བཞི། །སྐྱེས་པ་བུད་འདུས་ཚད་ཐབས་ཤེས་མིན། །བུད་མེད་པའི་བདེ་བ་ཅན་དེ་ན། །ཐམས་ཅད་པདྨ་ལས་སྐྱེས་རྫས་ཏེ་འཁྲུངས། །མི་ཡི་མངལ་སྤངས་ནམ་མཁར་ཐོག་མེད་རྒྱུ། །འདོད་རྒུ་ཐམས་ཅད་ཡིད་ལ་བསམ་པས་འགྲུབ། །དེ་ལྟར་བུད་མེད་པའི་ཡོན་ཏན་ཡིན། །དེ་ལས་གཞན་པའི་ཞིང་ཁམས་གཞན་དག་ན། །བུད་མེད་པའི་ཡོན་ཏན་དེ་ལྟ་བུ། །འཛམ་གླིང་འདི་ན་བུད་མེད་ཡོད་པས་ཕུང། །བུད་མེད་གང་ཡོད་དེ་ན་བདེ་བ་མེད། །ཐུབ་པའི་བསྟན་པ་ལྔ་སྟོང་ལྔ་བརྒྱ་ལ། །སྐྱེ་གུའི་བདག་མོ་རབ་ཏུ་འབྱུང་ཞེས་པའི། །བུད་མེད་སྒྲིབ་ཀྱིས་ལྔ་བརྒྱ་ཕྲག་གཅིག་སྣུབས། །བསྟན་པར་གནོད་པའི་གཙོ་བོ་བུད་མེད་ཡིན། །སྤྲེའུ་བྲག་སྲིན་དང་པོའི་དུས་ལ་བབས། །རྩོད་མཐའི་དུས་འདིར་བུད་མེད་སྤོང་བར་གསུངས། །བུད་མེད་མེད་པར་ལོངས་སྤྱོད་སྐྱོང་བ་མང་། །འཁོར་བར་ལྷུང་བ་བུད་མེད་བྱུང་བས་ལན། །དེང་བས་ཐམས་ཅད་བུད་མེད་སྤང་བ་ལེགས། །ཞེས་སྨྲས་པས། བུ་མོས་སྨྲས་པ། བློན་དམན་བུབ་ཐུམ་དགེ་སློང་ཚུར་གསོན་དང་། །ཀྱཻ་རྡོར་བུད་མེད་མཆོག་རྡོ་རྗེ་ཆེན་པོའི་རྒྱུད། །ཐབས་ཤེས་མི་འབྲལ་ཟུང་འཇུག་གཅེར་བུར་འཁྱུད། །གསང་སྔགས་ལ་ཡང་དེ་འདྲའི་ཁྱད་ཆོས་ཡིན། །དེ་ལ་སུ་ཞིག་བཀུར་པ་བཏབ་མི་རུང་། །རྒྱ་གར་གྲུབ་ཐོབ་བརྒྱད་བཅུ་རྩ་བཞི་ལ། །ཕྱག་བརྒྱ་ཡོད་དེ་དངོས་གྲུབ་རྣམ་གཉིས་ཐོབ། །སངས་རྒྱས་ལམ་ལ་གནོད་པ་སྐྱལ་བ་མེད། །ཨྱོནཔདྨས་ཇོ་མོ་ལྔ་བརྒྱ་བཞེས། །སྒྲུབ་གནས་བརྒྱ་རྩ་རེ་རུ་བཞེས་ནས་ཀྱང་། །སངས་རྒྱས་གྲུབ་ལ་མ་གནོད་གྲོགས་སུ་སོང་། །རྒྱ་བོད་གྲུབ་ཐོབ་ཐམས་ཅད་དེ་དང་འདྲ། །སྔར་གཤེགས་ད་བཞུགས་སླད་ནས་བྱོན་པ་དང་། །སངས་རྒྱས་སྟོང་དང་གཉིས་སུ་མེད་པ་ཡི། །སངས་རྒྱས་གཞན་རྣམ་ཐམས་ཅད་བཙུན་མོའི་སྲས། །མ་དང་མཁའ་ འགྲོ་ཐམས་བུད་མེདཡིན། །བསྟན་པ་སྲུང་ཞིང་ཆོས་མཛད་བུ་ལྟར་སྐྱོངས། །བར་ཆད་སེལ་ཞིང་དངོས་སྒྲུབ་རྣམ་གཉིས་སྟེར། །བུད་མེད་སྐྱོན་རྩ་ཨེ་འདུག་དེ་རུ་ལྟོས། །གསང་སྔགས་ཕར་ཕྱིན་གཉིས་ལས་གསང་སྔགས་ཟབ། །རྒྱུད་སྡེ་བཞི་ལས་བླ་མེད་གོང་ན་མེད། །ཕ་རྒྱུད་མ་རྒྱུད་གཉིསa་ལས་མ་རྒྱུད་ཟབ། །བུད་མེད་སྐྱོན་རྩ་ཨེ་འདུག་དེ་རུ་ལྟོས། །ཆགས་ལམ་ཐོང་ལམ་གཉིས་ལས་ཆགས་ལམ་ཟབ། །དབང་པོ་རབ་འབྲིང་གཉིས་ལས་དབང་རབ་ཟབ། །ཐེག་པ་ཆེ་ཆུང་གཉིས་ལས་ཐེག་ཆེན་གཙོ། །བུད་མེད་སྐྱོན་རྩ་ཨེ་འདུག་དེ་རུ་ལྟོས། །བློ་ཆུང་བུད་མེད་སྐྱོན་དུ་འཛིན་གྱུར་ན། །བུམ་དབང་ཡི་ཤེས་ཚོགས་དབང་བཞི་པ་ལ། །དབང་དོན་གསུམཔའི་དབང་བསྐར་སུ་ལས་ལོན། །རྫོགས་སངས་རྒྱས་ལ་རྣམ་བཞིའི་འཁོར་ཡོད་དེ། །དེ་ན་བུད་མེད་བཀག་པ་བཅད་འདུག་གམ། །ཐེག་པའི་ཡང་རྩེ་གསང་བ་ཕྱི་ནང་རྒྱུད། །དེ་ན་གསང་བའི་ཡུམ་ཆེན་མ་བཞུགས་སམ། །ཞི་ཁྲོ་རབ་འབྱམས་རྒྱལ་བ་རྒྱ་མཚོའི་ཚོགས། །ནང་ལྟར་མཆོད་ན་ཤ་ལྔ་བདུད་རྩི་ལྔ། །མེད་ཐབས་མེད་པ་དག་ཏུ་མི་འདུག་གམ། །ཕྱི་ནང་གསང་བ་མཆོད་པའི་སྐབས་རྣམས་ལ། །རིགས་མ་བཅུ་དྲུག་མེད་པ་ཅང་གཟིགསསམ། །རྡོ་སློབ་དཔོན་ཚོགས་ནས་འཁོར་ན་ཡང་། །བུད་མེད་པའི་ཚོགས་འཁོར་ཅང་འདུག་གམ། །ཐབས་ཤེས་གཉིས་པ་ཡ་བྲལ་མི་ཤེས་པའི། །དེའི་ཕྱིར་བུད་མེད་ཡོན་ཏན་ཀུན་གྱི་གཞིས། །ནམ་ཡང་དམོད་པར་རྒྱལ་བསམ་གནང་ངོ། །དེས་ན་ཁྱོད་ཀྱི་བུད་མེད་དམོད་མི་བྱ། །ཞེས་སྨྲས་པས། །དགེ་སློང་གི་བསམ་པ་ལ། །བུད་མེད་འདི་སྤྱོད་པ་ཐ་མལ་པ་ཞིག་མིན་པར་འདུག་པ་ལ། །འོན་ཀྱང་མོའི་ཚིག་རྣམས་ལ་ལན་གཅིག་བཏབ་དགོས་བསམ་ནས་དགེ་སློང་གིས་སྨྲས་པ། །ལྷ་མོ་གཟུགས་མཛེས་འཛམ་གླིང་རྒྱན་མཐོང་བས། །བདག་གི་སེམས་ཉིད་བདམས་ཤིང་ལུས་ཀྱང་བདེ། །རབ་མཛེས་ཞི་བའི་གར་གྱིས་སྣ་ཚོགས་བསྒྱུར། །མདའ་དང་གར་གྱིས་ཕྱག་རྒྱས་མཁའ་ལ་མཆོད། །མགྲིན་པ་རྡོ་རྗེའི་གླུ་ཡིས་མགུར་ལ་འཁོར། །བུ་མོའི་ཞབས་གཉིས་པར་མོའི་ས་ལ་བགྲད། །ཡིད་འོང་བུ་མོ་མཚན་བཟང་ཚུར་གསན་དང་། །ཀྱེ་རྡོར་བདེ་མཆོག་བླ་མེད་བརྒྱུད་ཡིན་ཏེ། །རྫོགས་སངས་རྒྱས་ལ་ཆུང་མ་ཨེ་འདུག་གམ། །རྒྱ་བོད་གྲུབ་ཐོབ་ཕྱག་རྒྱ་བསྟེན་ཞེས་ཏེ། །གྲུབ་པ་ཐོབ་ནས་ཕག་རགྻས་མི་གནོད་དེ། །ཐ་མལ་བུད་མེད་མ་ཡིན་མཚན་ལྡན་མ། དེ་ལ་འགྲན་པའི་ཡོན་ཏན་ག་ལ་ཡོད། །སློབ་དཔོན་པདྨ་སངས་རྒྱས་སྤྲུལ་པའི་སྐུ། །བུ་མོ་ཐམས་ཅད་ཡེ་ཤེས་མཁའ་འགྲོ་ཡིན། །དེ་ལ་འགྲན་པའི་ཡོན་ཏན་ག་ལ་ཡོད། །སངས་རྒྱས་ལ་ཡང་བཙུན་མོའི་སྲས་ཡོད་དེ། །རབ་ཏུ་མ་བྱུང་གོས་ནས་གནང་བ་ཡིན། །དེ་ལ་སུ་ཡིས་འགྲ་པར་ནུས་སམ་ཅི། །རིགས་མ་བཅུ་དྲུག །ཡི་ཤེས་མཁའ་འགྲོ་ཡིན། །དེ་རྣམས་ཐམས་སྤྲུལ་པའི་རང་གཟུགས་ཡིན། །དེ་དག་འགྲན་པའི་ཡོན་ཏན་ཅང་ཡོད་དམ། །སངས་རྒྱས་ལ་ཡང་རྣམ་བཞིའི་འཁོར་ཡོད་དེ། །ཉོན་ཐོས་རྣམས་ལ་ཆུང་མ་ཅང་འདུག་གམ། །བདུད་རྩ་ལྔ་ལ་རཀྵ་དགོས་ལགས་རེད། །བུད་མེད་གཙང་མ་མཚན་ལྡན་དགོས་པ་ཡིན། །ཐ་མལ་བུ་ད་མེད་རྣམས་ཀྱིས་ཅང་ཡོང་ངམ། །ཚོགས་འཁོར་ལ་ཡང་བུད་མེད་དགོས་ལགས་རེད། །ཐ་མལ་བུད་མེད་མ་ཡིན་མཚན་ལྡན་ཡིན། །སྒས་ན་བུད་མེད་གནོད་དེ་རྣལ་འབྱོར་པས། །ཆུ་དང་འོ་མ་འདྲེས་ཕྱིར་འགྲོ་བ་དང་། །སོར་མོའི་རྩེ་སོགས་གང་དགར་རླུང་འགྲོ་བས། །རྩ་རླུང་ལས་སུ་རུང་བ་རྣམས་ལ་ལྟོས། །གང་བྱུང་མཛད་དང་སུ་བྱུང་བསྟུ་མ་ཡིན། །ཐ་མལ་བུད་མེད་རེར་དུག་ཉིད་དང་མཚུང། །དེ་ཕྱིར་བུད་མེད་སྐྱོན་གྱི་གཞི་མ་ཡིན། །ནམ་ཡང་བསྟེན་པར་མི་བྱ་བསྲུང་བར་བྱ། །ཞེས་གསུང་པ་དང། །ཡང་བུ་མོས་ཞུས་པ། །བསླབ་གསུམ་ལྡན་པའི་དགེ་སློང་ཚུར་གསན་དང་། །ཀླུ་རྒྱལ་གཙུག་གི་ཡིད་བཞིན་ནོར་བུ་དེ། །བྱུང་ན་དགོས་ཏེ་ལེན་མཁན་སུ་ཡི་བྱེད། །ལྗོན་ཤིང་ཚེར་མའི་རྩེ་ལ་སྦྲང་རྩེ་འཁོར། །རོ་མཆོག་ལྡན་ཡང་རྩ་བ་སུ་ཡིས་གཅོད། །གངས་རིའི་ཁྲོད་འདིར་ཨུ་དུམ་ཝ་ར་ལྟར། །མཚན་ཉིད་ལྡན་པའི་རིགས་མ་སུ་ཡིས་རྙེད། །རྙེད་ཀྱང་དེ་ལ་དངོས་གྲུབ་ལེན་ཤེས་པ། །དེང་སང་སྐྱེ་བོའི་ཁྲོད་ན་ཤིན་ཏུ་དཀོན། །དུག་ལ་ལྟོ་བྱེད་རྨ་བྱ་ཙམ་ལས་མེད། །ཅེས་སྨྲས་བཞིན། །དགེ་སློང་གི་བསམས་པ་ལ། །བུ་མོ་འདི་ནི་སྤྱོད་པ་ཐ་མལ་ལ་ཞིག་མིནཔར་འདུག་སྙམ་ནས་སླར་སྤྲོ་བ་བསྐྱེད་བཞིན་དུ་བུ་མོ་ལ་སྨྲས་པ། །བདག་ལུས་འབྱང་བཞིའི་ཕོ་བྲང་ནས། །ཙིཏྟ་སྙིང་གི་གཞལ་ཡས་སུ། །སེམས་ཉིད་རིག་པའི་བྱིའུ་ཆུང་འཁོར། །ཡིད་ཀྱི་གཤོག་སྒྲ་ཅུང་ཞིག་གཡོས། །མཛེས་མའི་བཞིན་གྱི་པད་མཚོ་ལ། །ཆགས་པའི་ཉམས་ཀྱིས་གར་རྩེ་ཞིང་། །བདག་སེམས་ཅུང་ཞིག་མྱོས་པར་གྱུར། །ཞེས་སྨྲས་པས། །བུ་མོ་དེ་དགེ་སློང་ལ་མིག་ཅེར་གྱིས་བལྟས་ནས། །དགེ་སློང་དེ་ཁ་ལ་བུད་མེད་སྐྱོན་གྱི་རྩ་བ་ཡིན་པས་སྤངས་པར་བྱ་ཞེས་ཟེར་ཀྱང་། །ཞེ་ལ་ཁོ་མོའི་གདོང་ལ་ཆགས་ནས་མིག་འཛུམ་མི་ཕོད་པ་འདུག་སྙམ་ནས་ཧ་ཧ་ཧི་ཧི་ཞེས་མོས་ཏིང་ཚང་བྲུས་ཏེ་ཆོས་ལ་བསྐུལ་བའི་ཕྱིར་སྨྲས་པ། །རྣལ་བའི་རྒྱལ་མཚན་དགེ་སློང་ཚུལ་ཆོས་མཁན། །ད་དུང་ཁོ་མོའི་ཚིག་ལ་ཅུང་གསན་དང་། །མཚམས་ལ་བསྡད་པའི་འཁྲུལ་པ་ཆེ་ལུགས་བསམ། །བྱ་བ་བཏང་བའི་འདོད་ཞེན་ཆེ་ལུགས་བསམ། །འཆི་བ་དྲན་པའི་བློ་སྣ་རིང་ལུགས་བསམ། །དུས་ངན་སྙིགས་མའི་བཙུན་པ་དེ་ལ་ནི། །ཁ་ཆོས་ཆེ་ཡང་གཏིང་ལ་སྐྱོན་ཅིག་འདུག །བུ་མོ་ནི་རྨི་ལམ་སྟོང་གཟུགས་ཡིན། །དེ་ལ་བདེན་པར་འཛིན་པའི་མི་དེ་འཁྲུལ། །བུད་མེད་ཟེར་ཀྱང་བདུད་མོ་ཡིན་པ་། །དེ་ལ་ལྷ་མོར་འཛིན་པའི་མི་དེ་འཁྲུལ། །སྐྱེས་གཟུགས་ལེགས་ཀྱང་ཤར་ཕོ་མང་རོག་ཡིན། །ཡིད་དུ་འོང་ཡང་མི་གཙང་རྐྱལ་པ་ཡིན། །དེ་ལ་དགའ་སེམས་སྐྱེ་པའི་མི་དེ་འཁྲུལ། །བརྩེ་གདུང་ཆེ་ཡང་གསར་འགྲོགས་བཞིག་གསུམ་ཡིན། །དེ་ལ་གཏན་དུ་རེ་བའི་མི་དེ་འཁྲུལ། །ལས་ངན་ཁྱིམ་ཐབས་དམྱལ་བའི་ས་བོན་ཡིན། །དེ་ལ་ཚོད་ལྟ་བྱེད་པའི་མི་དེ་འཁྲུལ། །ཅ་གཅིག་རང་གི་ལྟ་གོས་མིང་པྱིས་པས། །ཟ་རོག་བུད་མེད་ཚལ་བའི་མི་དེ་འཁྲུལ། །ཐོབ་བྱ་སྣ་རེ་དགོས་པའི་ཟག་གསོག་མ། །བྱུར་ལ་དགོས་བདག་བྱེད་པའི་མི་དེ་འཁྲུལ། །ཐར་བའི་སྲོག་རྩ་གཅོད་པའི་བུད་མེད་ལ། །ཁ་ཅང་མ་གོ་བསྐོར་བྱད་པའི་མི་དེ་འཁྲུལ། །བུད་མེད་སྐྱོན་རྣམས་འདུ་བའི་རྩ་བ་ལ། །སྙི་ང་གི་དཀྱིལ་དུ་འཆང་བའ་མི་དེ་འཁྲུལ། །མཁས་ཁྲིམས་ཡོན་ཏན་ཀུན་གྱི་གཞི་མ་ལ། །ཐོབ་ནས་ཁྱད་གསོད་བྱེད་པའི་མི་དེ་འཁྲུལ། །ཁྱིམ་ཐབས་ཇི་ལྟར་སྐྱིད་ཀྱང་འཁོར་བའི་གཞི། །དེ་ལ་བློ་སེམས་སྤྲོ་བའི་མི་དེ་འཁྲུལ། །ཆོས་མཛད་རྣམས་ཀྱང་ཆུང་མས་དམའ་སར་འཕེབས། །མི་ཆེན་རྣམས་ཀྱང་ཆུང་མས་བསོད་ནམས་ཆུང་། །ཁས་གྲགས་རྣམས་ཀྱང་དབང་ཆུང་ཆུང་མས་འགྲོ། །དད་པ་ཅན་རྣམས་ཆུང་མས་སྡིག་ལ་བཀོད། །དགེ་སེམས་ཅན་རྣམས་ཆུང་མས་ངན་སོང་སྐྱུར། །ལོ་བརྒྱ་གདེང་པ་ཆུང་མས་སྤྲང་པར་བཏང་། །ཡོང་སར་བསྡད་ཀྱང་ཆུང་མས་དོགས་སར་བསྐྱལ། །ཆུང་མ་རྩ་ལ་ན་སྡུག་གི་གཞི་མ་ཡིན། །བློ་རྣོ་ཐོང་ལས་ཆུང་མ་མ་བསམ་ཞིག ། གོས་ལྷམ་དྲག་ཤོས་ཐམས་ཅད་ཆུང་མས་གྱོན། །ཟས་སྐོམ་བཅུད་ཀྱི་དྲག་ཤོས་ཆུང་མས་འཛིན། །ཁ་བང་ལག་བཅུད་ཐམས་ཆུང་མས་བྱེད། །ལོངས་སྤྱོད་དཔལ་འབྱོར་ཐམས་ཅད་ཆུས་མས་ཉམས། །ཙམ་ནས་དངོས་པོོ་ཐམས་ཅད་ཆུང་མས་རྦད། །འཇིག་རྟེན་བྱ་བའི་སླ་ཤོད་ཆུང་མས་བྱེད། །ཟ་མ་མོས་ཟད་དཀའ་ལས་ཁྱོ་ལ་འགེལ། །ཆུང་མ་བྱས་ཀྱང་སྡུག་གི་དཀྱིལ་འཁོར་ཡིན། །བུ་ཚ་བྱས་ཀྱང་སྡུག་བལྟས་ས་བོན་ཡིན། །ཁང་གཞིས་བྱས་ཀྱང་འཁོར་བར་འཁྱམ་པའི་རྒྱུ། །ཞེས་སྨྲས་པས། །ཕྱི་རབས་ཆོས་མི་དྲན་པའི་བུད་ལ་མངོན་པར་ཆགས་ནས་སྡོད་མི་སྐྱེ་བོ་འདོད་སྲིད་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར་ཡི་གེར་བཏབ་པར་བྱའོ་སྙམ་ནས་དགེ་སློང་གིས་བུ་མོ་ལ་སྨྲས་པ། །ཡིད་འོང་གཟུགས་མཛེས་བུ་མོ་ཚུར་གསན་དང་། །ལེགས་བཤད་གསུངས་པ་རྣ་བའི་དབང་པོ་ཚིམ། །ད་ནི་བུད་མེད་དག་དང་མི་འགྲོགས་ཤིང་། ཕྱི་རབས་རྗེས་འཇུག་སྐྱེ་བོ་འདོད་སྲེད་ཅན། །ཁྱིམ་སྤང་ཆོས་ལ་བསྐུལ་ཕྱིར་ཡི་གེར་བཏབ། །ཁྱིམ་ཐབས་བྱེད་ལ་སྐྱོན་ནི་ཇི་ལྟར་ལགས། །དེ་ལྟར་བུད་མེད་རྣམས་ཀྱི་སྤྱོད་ཚུལ་རྣམས། །ཡིད་འཕྲོག་བུ་མོ་ཁྱོད་ཀྱིས་བཤད་པར་འཚལ། །ཞེས་དགེ་སློང་གིས་སྨྲས་པས། །བུ་མོས་ཞུས་པ། བསླབ་གསུམ་རྒྱན་གྱིས་སྤྲས་པའི་ཤཱཀྱའི་སྲས། །འཕགས་ནོར་བདུན་གྱིས་ཕྱུག་པ་གཏེར་གྱི་མཛོད། །སྟོང་ཉིད་སྙིང་རྗེ་ཟུང་འབྲེལ་ཤེས་རབ་ཅན། །ངུར་སྨྲིག་འཆང་བའི་དགེ་སློང་ཚུར་གསན་དང་། །དུས་ངན་སྙིགས་མ་ལྔ་བརྒྱའི་དུས་འདིར་རུས། །བུད་མེད་སྟོང་ཕྲག་མང་པོ་ཚོགས་གྱུར་ཀྱང་། །བདེ་བ་སྟར་བའི་མཙན་ལྡན་ཙམ། །དེ་དང་འཕྲད་པའི་སྐྱེས་པ་རེད་ཙམ། །དེ་ཡང་ཨུ་དུམ་ཝ་རའི་མེ་ཏོག་བཞིན། །བདུད་མོ་ནག་མོའི་གཟུགས་ཀྱིས་རྒྱལ་ཁམས་འགེངས། །སྙིགས་དུས་ངན་པ་རྩོད་ལྡན་དུས་ཀྱི་མཐའ། །སྐྱེད་པར་མེ་ཤེས་མགོ་སྟོང་ཀླད་མེད་རྣམས། །དང་པོར་ལྷ་མོ་ངག་ན་འཛུམ་ཁ་མོ། །རྣམ་འགྱུར་སྤྱོད་ཚེ་ཡིད་འོང་གདུང་སེམས་ཅན། །ཤ་ཚ་སྙིང་ཉེ་ཁ་བྱིས་བསླུ་བྲིད་མཁས། །གསར་གྲོགས་ཞག་གསུམ་བར་ལ་དུང་སེམས་ཆེ། །དེ་ནས་ལོ་གཅིག་སོང་ནས་རང་ཚང་སྟོན། །བུད་མེད་ཕལ་གྱི་སྤྱོད་པ་དེ་ལྟར་ཡིན། །ཁྱོ་པོ་ལྔ་དྲུག་སོང་བའི་ཡག་རྒན་མ། །ད་དུང་ཁྱོད་པོ་གཅིག་ཉམས་ཨེ་ཁུག་བལྟ། །ན་ཆུང་གཞན་ནུ་རྣམས་ཀྱང་དེ་ལྟར་བྱེད། །འདོད་ཆགས་ཆུ་ལྟར་འཁོལ་བའི་སྡུག་བསྔལ་ཅན། །ཕ་མིང་ཟས་ནོར་འཛོམས་པའི་ཡང། །བླ་མའི་དྲུང་དུ་དམ་པའི་ཆོས་ཞུས་ནས། །སྙིང་རུས་ཆོས་ལ་འབུངས་ཤོག་བྱས་གྱུར་ཀྱང་། །ལྟོ་གོས་མེད་པའི་མི་ནག་དེ་དང་གདོང། །བུད་མེད་འདི་ལ་བསོད་རྣམས་ཨེ་འདུག་ལྟོས། །བླ་མ་སློབ་དཔོན་མི་ཆེན་དཔོན་པོ་ཡི། །ཇོ་མོ་ཐོབ་པའི་བུད་མེད་ཕལ་ཆེར་ཡང་། །ཁྱོ་བཟང་ལྐོག་ཏུ་འཁོར་ངན་གྲོགས་བསྟེན། །བླ་མའི་གདུང་བརྒྱུད་ཉམས་ནས་བྱིན་རླབས་ཆུང་། །མཇེ་ལ་འདམ་ཁ་བྱེ་པའི་བརླ་ཚོང་མ། །བུད་མེད་འདི་ལ་བསོད་ནམས་ཨེ་འདུག་ལྟོས། །བློ་ཕུགས་རྒྱོ་ལ་བྱེད་པའི་སྨད་འབུར་མ། །ཁྱོ་པོའི་རྩ་རུ་ངག་སྙན་སྦུར་ཅོག་མ། །བློ་སྙིང་བྲང་གསུམ་ཁྱོ་མིན་ཤར་ཕོར་གཏད། །ཁྱོ་པའི་རྩ་རུ་མགོ་ནས་ཟ་ལ་མཁས། །ཤར་ཕོའི་རྩ་རུ་ངག་ངན་འཛུམ་ཁམས་རྩ་དཀྲུགས་པའི་ཟག་སོག་མ། །བུད་མེད་འདི་ལ་x། །ཁྱོ་པོ་རྩ་རུ་མགོ་ནས་ཟ་ལ་མཁས། །ཤར་ཕོའི་རྩ་རུ་ངག་ངན་འཛུམ་ཁ་མོ། །སུས་ཁྲིད་རྗེས་སུ་རྟགས་པིའ་བཅོས་ཆུང་མ། །བུད་མེད་འདི་ལ་ཡོན་ཏན་x། །ཞང་ཚོང་བཙོག་གྲིབ་སྦྱར་བས་ལྷ་ཀླུ་འཁྲུགས། །ནད་སྣ་མང་ཞིང་བུ་ཚ་སྐྱོན་ཅན་སྐྱེས། །བསྟུ་གཅིག་མཇེ་གཅིག་ཡོད་ཀྱང་མི་ཆོག་པར། །ཕྱོགས་མེད་མཇེ་རླིག་ཡོད་ཚད་འདབས་སུ་འཇུག །བུད་མེད་འདི་ལ་x། །ཁྱོ་པོའི་རྩ་རུ་ལུས་པོའི་སྟོད་བཅུག་ནས། །སྨད་ཁོག་ཤར་ཕོའི་འདབས་སུ་བསྐྱལབར་བྱེད། །ཁྱོ་པོ་གསར་པ་དགོས་པའི་ཕྱོགས་མེད་མ། །བུད་མེད་འདི་ལ་ཡོན་ཏན་x། ། ཆུང་མ་ལ་ལས་ཁྱོ་པོ་གཉིད་སོང་ནས། །ཤར་པོའི་འདབས་སུ་རྒྱུགས་པར་བྱེད་པ་ཡིན། །བསམ་རྒྱུ་མཇེ་ལས་མེད་པའི་ཁྱོ་འདོད་མ། །བུད་མེད་འདི་ལ་ཡོན་ཏན་x། །ཁྱོ་པོ་འདྲེ་མཐོང་ཤར་པོ་ལྷ་མཏོང་བྱེད། །ཟས་ཆང་ལོངས་སྤྱོད་ཕུད་ཀྱི་ཤར་པོ་མཆོད། །ཁྲེལ་མེད་ངོ་ཚ་འབུད་ནས་ཞང་ཚོང་བྱེད། །རྒྱལ་ཁམས་གྲིབ་ཀྱིས་འགེངས་པི་ཁྲེལ་མེད་མ། །བུད་མེད་འདི་ལ་x། །བུད་མེད་ཕལ་ཆེར་ཆང་དང་སྨད་ལ་རེ། །སྐྱེས་པ་སླད་མེད་སྡུ་ཆང་གཉིས་ཀྱིས་བསླུས། །འབེབས་ཐབས་བྱུང་ན་དགེ་བཤེས་ཡིན་ཀྱང་འབེབ། །བསླུ་ཐབས་བྱུང་ན་ཕ་མ་ཡིན་ཀྱང་བསླུ། །མཇེ་ཅིག་བྱུང་ན་བཤན་པ་ཡིན་ཀྱང་རྒྱོ། །གཡོ་སྒྱུ་ཁྲིམས་ཀྱིས་བསླུ་བའི་རགས་ངན་མ། །དམར་པོ་ཁྲག་འཛག་སྡིག་པའི་བཤས་ར་འདྲ། །བྱོན་དང་ཁྲག་གི་དྲི་མས་ཞེན་པ་ལོག ། །གང་བྱུང་བཟེད་པ་སྤྲང་པོའི་ལྟོ་སྣོད་འདྲ། །ᫍᨓ་ᨵསུངས་པས། དགེ་སློང་གི་ཐུགས་ལའང་ཤིན་ཏུ་ཕན་པ་བྱུང་ཞིང་། སླར་ཡང་བུམོའི་པི་ཝང་གི་སྒྲ་ལ་བཅུག་ནས་ཞུས་པ། །རྒྱོ་དང་ཁྱི་ལ་དགའ་བའི་སྐྱེས་བུ་དང་། དགེ་སློང་ཁྱེད་ཀྱིས་ཁ་མོའི་ཚིག་འཕྲིན་འདི། །མ་བརྗེད་ཡིད་ལ་བཟུང་རྣ་བའི་མདུན་དུ་སྐྱོལ། །ནག་མོ་ངན་པ་རྣམས་ཀྱིས་སྤྱོད་ཚུལ་ནི། །ཁྱོ་མིན་སྐྱེས་པས་ཕྱིན་ཀྱང་ཚོར་དུམ་མེད། །གལ་ཏེ་ཚོར་ཀྱང་ཕལ་ཆེར་གཉིད་བརྫུ་འདེབས། །བྱམས་པོ་བྱེད་ན་ལྟ་བ་ཕལ་ལ་སྐྱེས། །དྲག་པོ་བྱས་ན་བསམ་ངན་ཁོག་ཏུ་སྐྱེས། །ཁ་རོག་བསྡད་ན་རང་གཞན་ཁྲོས་པར་འཛིན། །ཕྲོས་གཏམ་བྱས་ན་ཟིག་ཟུར་སྙིང་ལ་ཕོག །ཡའུ་བྱས་ན་ལུང་པ་ཀུ་ཅོས་འགེངས། །གནས་ལུགས་བརྗོད་ན་ཚང་ལ་ཕོག་ནས་འགྲོ། །དགའ་ན་དཀའ་ཁྱེར་མི་ཤེས་ཁ་ལ་འདོན། །སྙིང་གཏམ་བཤད་ན་ལུང་པ་གཏམ་གྱིས་འགེངས། །ཤར་པོ་མཐོང་ན་རྨ་འགྱུར་དུ་མ་སྟོན། །ནག་མོང་ངན་པ་བྱུར་གྱི་གཉའ་ཤིང་ཡིན། །དེ་འདྲའི་ཁྱོ་བས་ཤི་བ་མི་དགའ་འམ། །ཤེར་པོ་འཚོལ་བའི་སྙིང་ཁམས་ཆེ་མི་ཆེ། །དེ་ལ་སུན་རྒྱུ་མེད་པའི་ཆོད་མེད་མ། །བྱིས་ཕྲུག་ཆེ་བའི་ངོ་ཡི་ཚ་མི་ཚ། །དེ་ལ་གནོང་འགྱོད་མེད་པའི་ཁ་ཁྱེར་མ། །མི་མང་ཁ་ནས་ལབ་ལབ་མང་ན་ཡང་། །དེ་ལ་འཛིན་པ་མེད་པའི་ཁྲེལ་སྤང་མ། །བུ་ཁྱོ་གཉིས་ལས་ལྷག་གཞན་མེད་ཀྱང་། །དེ་ལ་རྒྱབ་ལོག་བྱེད་པའི་སྙིང་རུལ་མ། །རང་མགོ་རང་གིས་སྨྲས་བ་ཤེས་གྱུར་ཀྱང་། །རང་དོན་གང་ཡིན་མེད་པའི་མགོ་སྟོང་མ། །དེ་འདྲ་སྤོངས་སམ་དམ་པའི་ལྷ་མཆོད་མཛོད། །བུད་མེད་རྣམས་ནི་ཕལ་ཆེར་དེ་རུ་འདུས། །ཁ་ཁྲེལ་ཆུང་མ་དྲེ་བའི་སྟོན་པ་འདྲ། །བྱུང་ཆད་འཛེག་པ་སྤྲང་པོའི་ལྟོ་སྣོད་འདྲ། །རྦེད་པ་མི་ཤེས་རོ་ཡི་བསྟུ་དང་འདྲ། །ཤིས་ཁ་ངན་པ་ཁྱི་མོ་ཚང་མོ་འདྲ། །སྨྲ་བམང་བ་མོ་མ་ཟོག་པོ་འདྲ། །བཞག་སར་མི་སྡོད་སྙིང་རླུང་ལངས་པ་འདྲ། །གཙང་གཙོག་མེད་པ་ཕག་གི་སྣ་དང་འདྲ། །ངོ་ཚུལ་ནག་པ་རྫ་པའི་རྒྱབ་དང་འདྲ། །བྱི་དོར་ཆེ་བ་ནིན་བྱུ་ལྷང་འཚེར་འདྲ། །བུ་ཁྱོའི་ཐོག་ཏུ་སྟག་མོ་ངར་བ་འདྲ། །ཨ་ཅང་ཆེ་བ་ཨའུ་ནེ་ཙོ་འདྲ། །འབྱུང་ཁུངས་མེད་པ་ལམ་ཁའི་རྡོ་དང་འདྲ། །མིག་སེར་ཆེ་བ་འདབ་བྱ་གོར་དང་འདྲ། །སྙིང་གཏམ་བཤད་ན་མི་ཐུབ་སྤྲེའུ་དང་འདྲ། །འཕྲད་ཚད་བསླུ་བ་སྐྱུ་མ་མཁན་དང་འདྲ། །ཆོལ་ཁ་ནག་པ་མུ་སྟེགས་བོན་དང་འདྲ། །སྡིག་ལ་དགའ་བ་ཤན་པའི་བུ་དང་འདྲ། །བློ་གཏད་མི་ཐུབ་ལ་ཁའི་སྡོང་གོག་འདྲ། །འདྲ་བ་དེ་དག་རྣམས་ནི་བུད་མེད་སྐྱོན། །དེ་ལ་དུས་ངན་སྐྱེ་བོ་མགོ་སྟོང་རྣམས། །ཧ་ཅང་མི་དགའ་བར། །མི་རྣམས་ཆ་ལ་བཞག་ནས་རང་ཚུགས་བཟུང་། །སྙིང་གིས་ནས་ན་དམ་པའི་ལྷ་ཆོས་མཛོད། །ཅེས་སྨྲས་པས། །དགེ་སློང་གིས་ལན་ཞུས་པ། ཀྱེ་མ་བཞིན་བཟང་མིལས་འདས་པའི་བུ་མོ་གསན། །ཁྱེད་གསུང་ཀླུ་དབང་ལས་བྱུང་པར་མཚེ་ལས། །ཡ་ན་ལག་བརྒྱད་ལྡན་བདག་གི་བུང་བ་ཚིམ། །བདག་བློའི་སྲིད་པ་སྒོམ་པའི་ས་གཞི་ཚིམ། །དགེ་ལེགས་མྱུ་གུའི་མེ་ཏོག་འབྲས་བུ་སྨིན། །ཚོགས་གཉིས་སྐྱེ་རྒུའི་ལང་ཚོ་ལྷ་དང་མཉམ། །ཁྱོད་གསུངས་བུད་མེད་རྣམས་ཀྱི་སེམས་ལ་ཞོག །ཞེས་གསུངས་སོ།།
ཡང་བུ་མོས་སྨྲས་པ། དགེ་བསྐུལ་བུ་མོའི་ཚིག་འདི་རྣ་བར་གསོན། །འཇིག་རྟེན་བྱ་བའི་ལས་ལ་ཟིན་པ་མེད། །ཅུང་ཞིག་སྤྱོངས་ཀྱང་དགོན་པ་མ་སྤོངས་ཞིག ། འགྲོ་སྙིང་འདོད་ཀྱང་གྲོང་ཡུལ་མ་འགྲིམས་ཤིག །བུད་མེད་རྣམས་ཀྱང་འགྲོགས་ཡུན་མ་རིང་ཞིག །ཤ་ཆང་ཞིམ་ཡང་བག་མེད་མ་སྤྱོད་ཅིག ། མཁེ་དཔོགས་ཆེ་ཡང་དམར་མཁེ་མ་བྱེད་ཅིག །འཕྲལ་དུ་ཕན་ཡང་དགོན་གྱིསགཞི་མ་ཡི། །གྲང་ལ་ཕན་ཡང་རྐུན་ཇག་མ་བྱེད་ཅིག །བདེན་པར་འཛིན་ཡང་བརྫུན་ཚིག་མ་སྨྲོས་ཤིག །གནས་ལུགས་ཡིན་ཡང་མ་འགྲུ་མ་འཁྲུལ་ཞིག ། མཉམ་པའི་གསེབ་ཏུ་ཆགས་སྡང་མ་བྱེད་ཅིག །མང་པོ་ཚོགས་སར་རྒྱུ་འཕྲུལ་དཀོན་པར་མཛོད། །སྒྱུ་མའི་ནོར་ལ་ཞེན་ཆགས་ཆུང་བར་མཛོད། །འཕགས་པའི་ནོར་ལ་གཅེས་སྤྲས་ཆེ་བར་མཛོད། །དམ་པའི་ཆོས་ལ་བརྩོན་འགྲུས་ཆེ་བར་མཛོད། །འཁོར་བའི་ཆོས་ལ་ཞེན་པ་ལོག་པར་མཛོད། །ལོག་ལྟ་ཅན་དང་འབྲེལ་ཐག་ཆོད་པར་མཛོད། །མདོར་ན་བྱང་ཆུབ་སེམས་དང་མ་འབྲས་མཛོད། །ཕ་ཡུལ་སྤངས་ནས་རི་ཁྲོད་འགྲིམ་པར་མཛོད། །ཉེ་འཁོར་སྤངས་ནས་བླ་མ་བསྟེན་པར་མཛོད། །བྱ་སྤྱོད་སྤངས་ནས་གདམས་ངག་སྒོམ་པར་མཛོད། །གཡེང་བ་སྤང་ནས་ཉམས་སུ་བླངས་པར་མཛོད། །འཁོར་འདས་སྤངས་ནས་མཆེད་གྲོགས་བསྟེན་པར་x། །བསོད་ནམས་སྤངས་ནས་སེམས་ལ་ལྟ་བར་x། །ལོངས་སྤྱོད་སྤངས་ནས་དཀའ་ཐུབ་སྤྱད་པར་x། །ཆོས་བརྒྱད་སྤངས་ནས་དམན་ས་འཛིན་པར་x། །དབང་སྐུར་ཞུས་ནས་དམ་ཚིག་སྲུང་བར་མཛོད། །རྨི་ལམ་ལྷ་མོའི་བསྟན་བཅོས་དགེ་སློང་གཞོན་ནུ་བར་གསལ་གྱི་དྲིས་ལན་རྫོགས་སོ། །བཀྲིས་པར་གྱུར་ཅིག། །།
རྨི་ལམ་ལྷ་མོའི་བསྟན་བཅོས། དགེ་སློང་རབ་གསལ་གྱི་རྨི་ལམ་ཉམས་སྣང་དུ་མཐོང་སྟེ། ཕྱི་རབས་རྗེས་འཇུག་སྐྱེ་བོ་འདོད་སྲེད་ཅན་རྣམས་ལ་ཆོས་སུ་བསྐུལ་ཕྱིར་ཡི་གེར་བྲིས་པ་འདི་བཞིན་ཁོ་བོ་ལྷ་སྡོད་སྐབས་ལག་སོན་བྱུང་བའང་། བོད་དུ་པར་གཞིར་འཁོད་མིན་ལ་བརྟེན། རབ་བྱུང་བཅུ་དྲུག་པའི་ལྕགས་རྟ་ཟླ་ ༣ ཚེས་ ༣ དབྱིན་ཟླ་ ༥ ཏ་རིག་ ༡ འདས་ ༡༩༣༠ ལོར། ཀ་སྦུག་བོད་ཡིག་པར་ཁང་དུ་ཁུ་ནུ་མཐར་ཕྱིན་པས་པར་དུ་བསྐྲུན་པའོ།།