རྒྱལ་རྩེ་རྫོང་ཁོངས་ནས་བྲག་བརྐོས་རི་མོ་གསར་རྙེད།

རྒྱལ་རྩེ་རྫོང་ཁོངས་ནས་བྲག་བརྐོས་རི་མོ་གསར་རྙེད།
རྒྱལ་རྩེ་རྫོང་གི་དམངས་ཁྲོད་ཀྱི་རིག་གནས་མཁས་པས་རིག་གནས་ཤུལ་བཞག་ཡོངས་བཤེར་ལས་དོན་འགོ་བཙུགས་ནས་ད་བར་ཟླ་ཕྱེད་ཙམ་རྟོག་ཞིབ་བྱས་པ་བརྒྱུད། རྒྱལ་རྩེ་རྫོང་ཁོངས་སུ་བྲག་བརྐོས་ཀྱི་རི་མོའི་ས་ཚིགས་ཤིག་ཐོག་མར་ཤེས་རྟོགས་དང་། མིག་སྔའི་བར་དུས་མཚམས་རང་བཞིན་གྱི་འཕེལ་རིམ་གལ་ཆེན་ཞིག་ཐོན་ཡོད།
“བྲག་བརྐོས་རི་མོའི་ས་ཚིགས་དེ་ནི་ས་བབ་མཚོ་འཕགས་སྨི་ 5200 ཟིན་པའི་རི་འགོའི་སར་གནས་པ་དང་། བྲག་ངོས་ 8 ཀྱི་སར་ཁྱབ་ཡོད་དེ། བྲག་བརྐོས་རི་མོའི་ནང་། རྟ་ཞོན་པའི་མི་ 46 ཡོད་པའི་ཁྲོད་མི་ 22 ཀྱིས་མདའ་གཞུ་ལག་ཏུ་ཐོགས་པ་དང་། མི་ 5 ཡིས་མདུང་ལག་ཏུ་བཟུང་བ། ད་དུང་སྔ་རབས་ཀྱི་མཆོད་རྟེན་ 4 དང་། ཡིག་ཁྲི་མ་ 1 བཅས་ཡོད་ཅིང་། རྔོན་རྒྱག་པ་དང་། འཐབ་རྩོད། དད་མོས་སོགས་གནའ་དུས་འཚོ་བ་དངོས་མཚོན་པར་བྱས་ཡོད། ཞིབ་ཕྲའི་ལོ་རབས་ད་དུང་མུ་མཐུད་དེ་ཞིབ་འཇུག་བྱེད་དགོས་ཀྱི་ཡོད།”

 

དེ་ལྟར་བོད་ལྗོངས་གཞིས་རྩེ་ས་གནས་རྒྱལ་རྩེ་རྫོང་ཁུལ་ནས་གནའ་བོའི་རྡོ་བརྐོས་རི་མོ་གསར་དུ་རྙེད་པར་བཤད་པ་དེ་དག་ཁྲོད། རྡོ་བརྐོས་ལེབ་མོ་གྲངས་བརྒྱད་ཙམ་རྙེད་སོན་བྱུང་བ་རྣམས་ཀྱི་ངོས་སུ། སྲོག་ཆགས་ཀྱི་གཟུགས་བརྙན་སྣ་ཚོགས་ཀྱིས་གཙོས་རི་མོ་དང་། ཡིག་གཟུགས་སྐོར་ཞིག་བྲིས་ཡོད་པར་གསལ་ཞིང་། ཆེད་མཁས་མི་སྣས་ཞིབ་འཇུག་མཐའ་དཔྱོད་ལྟར་ན། གཟུགས་རིས་དེ་རྣམས་ཕྱི་ལོའི་དུས་རབས་བདུན་པ་ནས་བཅུ་གསུམ་ཡས་མས་ཀྱི་གནའ་ཤུལ་ཡིན་པར་བསྒྲགས་འདུག།

བརྒྱུད་སྐུལ།

མཆན་སྤེལ།