ལེ་ཚན་གསུམ་པ། གཞུང་སྒེར་ཆོས་གསུམ་གྱི་ས་ཞིང་བདག་དབང་།
ལྷོ་བྲག་རྫོང་འོག་རྫོང་གཞིས་ཁག་གི་གཞུང་སྒེར་ཆོས་གསུམ་གྱི་ཁྲལ་པ་མི་སེར་གྱི་ས་རིས་ཞིབ་པར་བཀོད་ན། དར་མ་ཁུལ་དུ་གཞུང་རྒྱུག་བན་ཕུ་སྔོ་ལ་སྔོ་ཤོད། གྱ་རྡོར་ལྡིང་། ཕུ་གྲོ་ལྡིང་། འོར་ལྡིང་། ཀླུ་སྟོད་ལྡིང་། བར་རི་ལོག ཀླུང་སྨད་ལྡིང་། སྲིབ་མོ་ལྡིང་། མའད་ཆུང་ལྡིང་། ཁྲོམ་སྟེང་ལྡིང་། སྨོས་ལྡིང་། བདག་སྨད་ལྡིང་། སྤོ་དཀར་ལྡིང་། སྨོན་ལྡིང་། གསེར་ཆེན་ལྡིང་། བར་ལྡིང་། སྟོད་ལྡིང་། འཕྱོང་སྔ་ལྡིང་། བརྒྱུད་ལྡིང་། འཇོད་ལྡིང་།
ཕྱག་སྨད། བྱེ་མ་གྲོང་ཆུང་ལྡིང་། གཡོན་ལུང་ལྡིང་། དར་མ། ལུ། རྡོར་བྲག འཇའ་ས། གདེང་པ། ཞང་ཞུང་། མྱང་ཚ། ཨ་ཀྲོང་། ལབ་པ། ཀོང་མོ་བ། ཞིང་གསར། སྨད་པ། བཙན་སྤྲོ། བན་ལྡིང་། གདེང་ལྡིང་བཅས་དང་། ཆོས་གཞིས་སུ་ཁྱུང་ཚང་ཆོས་གཞིས། བསམ་ཆོས་རྫ་མདའ་སྒོག་ལུང་། སྒེར་ཁོངས་སྒེར་ཡིད་སྤྲོ་བ་བཅས་སོ། ལྷ་ཁང་ཁུལ་དུ་ལྷ་འོར། སྟོངས་སེར། མཐིང་མ། ཤས་མོ། བདག་སྨད། བདག་སྟོད། ལྡིང་ལྷ། པུར། བར་ལག རྒྱལ། བན་ཞབས། བན་སྨད། ཤས་ཞིང་། སྨ་ཤོ་མ་སྟག་སྤྲོ། རྗེ་རིགས་ལྡིང་བཅས་གཞུང་རྒྱུག་ཁོ་ན་དང་། སེང་གེ་རྫོང་ཁུལ་དུ་གཞུང་རྒྱུག་ལ་བྲག་དཀར་རྒན་པོ། ལྡིང་ཞོལ་ཆུང་པ། ཕ་རི་རྒན་འོག ཞོལ། ཡུལ་སྨོན། སྨད་སྟོད། སྨད་མདའ། གུའི་ཚུར། གྲུམ། སྨུ་སྟོད། ལྡིམ་ཁྱིམ། བར་ཚིགས། སྨུག་ཕུག སྨུ་སྨད། སྨུ་རྒྱབ། སེ་ར་གོང་པ། མཐོང་སྐྱིད་འོག་པ། གཡུང་། ལྡིང་ཁ་སྐྱ་བ། ཆ་ལུང་། ཁྲ་སྟོད། མི་ཉག བན་འཁོར། ཁྱིས་བུ། ཁྲ་ཤོད། འབྲས་ཆག ངབ། ཚང་མོ་བཅས་དང་། སྒེར་ཆོས་གཉིས་ལས་སྒེར་རྟ་དཀར་པ། མཁར་ཆུ་བདུད་འཇོམས་གླིང་པའི་ཆོས་གཞིས་དགེ་བཅུ་སྟོད། གསང་སྔགས་མཁར་པའི་ཆོས་གཞིས་རྫི་པ་བཅས་སོ། །
དོ་རྫོང་ཁུལ་གྱི་གཞུང་རྒྱུག་ཏུ་ལ་ལ་བྲག་སྨད། སྔོན་ཐུག དཀར་པོ་སྤེ་ཐོག ཞལ་བྱི་ཕུ་འདེབས། ཝང་ཡུལ། གཙུག་ཕུ། སྐྱིད་སྨད། དོ་ལོ་ཆུང་། རྟ་རྐྱང་། སྒྱིད་སྟོད། ཆུ་སྨད། ཆུ་སྟོད། ལྷ་ལུང་དྲང་སྲོང་། ཡུར་འོག་ཤར་ནུབ། ལྷ་ཁང་ནང་པ། གྲོ་མོ་ཆད་ཁང་། རྔུལ་མ། སྦྱར། དགོན་པ་རི་ཁ། གཡའ་ཞིང་། སྨོན་མདའ་ཡོད་ཆེན། མ་མོ། སྟེང་མོ ལྷ་སྒོར། སྐྱེར། འབྲིང་ས། ཚེར་སྒོ། སྒང་ཀླུ། མདོངས། ཕྱུགས་ཚོ། ཟེ་གསུམ། གད་ཧོར། ཡུལ་གསུ་གནས་ནང་། ཡུལ་བྱི། འབྲས་མོ། ལུང་། རྫིང་མོ་སེ་ཁྲོད། ལྷ་ཁང་ལྡིང་ཁང་པ། ལྡིང་ཀླུ་ར་ནུབ། སྦང་པ་གྲོང་སྨད། བླ་མ་ལྷོ་མ་བ། བླ་ཡེ་བ། ལྷོ་ནང་ཁུལ་གཞོང་། ཟངས་ཀླུབས། རེ་འཕྲེང་། ཚོ་ཡུལ། བསྐུར། ཁང་གསར། ར་ཐོ་སྒང་། རྩེ་ཀན། ཆུས་ཁྱེར། གདང་ཆུ། འབོང་ཕུ། སྦལ་སྐྱིད། གད་སྲིབ། ལྡིང་ཁྱིམ་གསར་བ། ལྡིང་གད་ཁ་བ། ལྡིང་ཤར་ཕྱོགས། ལྡིང་དྲོ་ས་བ། མཁར་ཐོག ས་སྦུག་བཅས་དང་། སྒེར་ཆོས་གཉིས་ལས་སྒེར་གྲོང་སྟོད་པ། སྒེར་ཁྲོན་སྨད་པ། སྒེར་དབེན་རྩ་པ། སྒེར་ལྷ་རལ་ཤར། སྒེར་གད་ཁ་ཁང་གསར་བ། སྒེར་ཆུ་འཁོར་བ། སྒེར་འཕྲེང་ཤར་བཅས་དང་། ཆོས་གཞིས་སུ་གུ་རུའི་ཆོས་གཞིས་སྤྱིལ་བུ། ཉི་ལྡའི་ཆོས་རྔ་མོང་ནུབ། སྒང་ཤར། ཆུ་སྦུག་བཀྲ་ཤིས་དགེ་འཕེལ། ཚེ་ཧྲལ། གསང་སྔགས་བདེ་ཆན་པའི་ཆོས་གཞིས་བཅས་ཡོད་དོ།།
ས་བཅད་གསུམ་པ། ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ།
ལེ་ཚན་དང་པོ། ཡུལ་སྡེ་ཆེ་ཁག
ཚེ་རལ། སྒྱིད་སྟོད། རྫར་ར། གནས་པ། སྤེལ་གསར། ཕྱུག་མཚོ། ཆུ་དཀྱིལ་སྨད། མཁར་རོ། བེན་པ། བཞོན་མ། ལུང་། སྨད་སྟོད། ཕྲེང་། ཨོ་ལུང་། སྣ་མ། སླ་ལུང་། ཀློང་བརྡོལ། བྱེ་རི། ཐིག་ཕྱི། དངོས་ཤོད། མཐིང་། ཚེ་ལམ། གད་སྟེང། སྡུར། བར་རི། འབེན་པ། ཁྲ། མཚོ་ཡུལ། དཀར་པོ། གུར་མཚུར། དགེ་བཅུ། ལ་རྒྱབ། ལྷ་ཁང་། ལྷ་ལུང་། སྨན་ཐང་། མོན་ཆད། ཆོས་གཞིས། ཆོས་གཞིས་ནུབ། ཆོས་གཞིས་ཤར། ཟངས་ཡུལ། སྲས། སེང་གེ སེང་གེ་རི། ཐེངས། བྲག་དཀར། གྲུམ།[1]
ལེ་ཚན་གཉིས་པ། རི་དང་། ལ། མཚོ། གཙང་པོ།
གས་པོ་གངས་རི། གཏམ་གྲགས་གངས་རི། སྨད་གཟར་གངས་རི། འོང་རི། རི་དམར། ཤར་རི། ཤར་ལུང་རི། གཏོར་མ་རི། གླང་དམར་རི། སྨད་ཆུང་རི། སྒང་གངས་རི། སྨད་ལ་རི། ཀུན་ལྷ་གངས་རི། འཕུར་རི། བར་ལ་ཉི་རི། བྱུ་རི། དམའ་རི། ལྷུན་པོ་ཆེ། སྨད་གཟར། གུར་ལྕོག ཀུ་པ། མཐོ་སྣ། བྱ་རྒྱལ། ལྷ་ལུང་ཕུ། རིན་ཆེན་ལྷོ་བྲག སོ་བཀག གཡག་གོང་། ལྷོ་བྲག་ཕུ། ཆུ་ཟུར་ཕུ། སྐྱིད་སྦུག་ཕུ། དགུ་རྩེ་མཚོ་ཕུ། གུག་མཚོ་ཕུ། གསེར་ཀོང་མཚོ་ཕུ། གངས་རྒྱུད་མཚོ་ཕུ། ཟུར་རྒྱུད་མཚོ་ཕུ། པུ་ཤུད། བྲག་ཟེ། ཇོ་མོ། རིན་ཆེན་རྩེ། མོ་ཕུ། ལ་སྤོ། ཆུ་ལ། པུ་ལུང་། སྐྱ་ལ། གདོང་སྦུག་ལ། ངང་དཀར་ལ། རི་ལུང་ལ། ཞོད་ལ། སྨད་ཐང་ལ། རྨོན་དར་ལ། གླང་ཤེལ་ལ། སྐྱི་པོ་འོག་ལ། མཁར་ལ་སྣེ། རྩེ་ལ། སྡེར་ཐང་ལ། ཉ་ལ། མཚོ་དཀར་ལ། མོ་ལ། གཡུ་ལུང་ལ། ཟངས་ཕུག་ལ། སྐྱ་ལ་ལ། སྨན་ཐང་ལ། དཔལ་བདེ་ལ། གཡུ་ལུང་ལ། རྒྱལ་པོ་ལ། རི་ལ། ཤར་ལ་རྩེ། རྨིག་རྨིག་ལ། བྲག་ལ། སྐྱིད་པོ་ལ། མཐུད་ལྕོག་ལ། རྡེའུ་ཆུང་ལ། སྒྲོལ་མ་ལ། ལ་སྒང་སྟེང་། འོག་ཡུལ་ལ། གནམ་ལ། གླང་འདྲའི་ལ། བོད་ལ། ལ་གཟར། སྤྲེལ་ལ། ལུང་ནག་ལ། མནོ་ལ་དཀར་ཆུང་ལ། གནམ་གུང་ལ། ཟངས་ཕུག་ལ་སོགས་ཡོད།
ཁུལ་དེའི་མཚོ་དང་གཙང་ཆུ་ཆེ་གྲས་སུ་དཀར་པོ་མཚོ། ལྷ་མོ་གངས་མཚོ། པདྨ་གླིང་མཚོ། སྐྱིད་ཆུའི་མཚོ། སྡེ་དགའ་ཆུ། ཟིལ་ལུང་ཆུ། ལྷོ་བྲག་ཤར་ཆུ་དང་། ལྷོ་བྲག་ནུབ་ཆུ། གཞུང་ཆུ། ལུང་དབང་ཆུ། གད་མོ་རྒོད་ཆུ། དགའ་སྤྲོ་ཆུ། སྟོད་རི་ཉི་ཤར་ཆུ་སོགས་ལས་ལྷོ་བྲག་ཤར་ཆུ་ནི་ལྷོ་བྲག་རྫོང་ཆགས་ཡུལ་གྱི་ལྷོ་ཤར་དུ་རྒྱུག་ཅིང་། གཙང་ཆུ་དེ་ནུབ་ནས་ཤར་དང་དེ་ནས་ལྷོ་རུ་རྒྱུག་སྐབས་ནུབ་ནས་འབབ་པའིི་ལྷོ་བྲག་ནུབ་ཆུ་དང་འདྲེས་མཚམས་སུ་མུ་མཐུད་ལྷོ་རུ་རྒྱུག་སྟེ་འབྲུག་རྒྱལ་ཁབ་ནང་འབབ། དེ་བཞིན་ལྷོ་བྲག་ནུབ་ཆུ་ནི་རྫོང་གི་ཤར་ཕྱོགས་ནས་ལྷོ་བྱང་དུ་སྔ་རྗེས་རིམ་སྣོལ་གྱིས་རྒྱུག་ཅིང་། དེ་རྗེས་འབྲུག་ཡུལ་འབབ། ཆུ་བོ་དེ་གཉིས་རྒྱུག་ཁུལ་དུ་རྨོ་ཞིང་དང་ནགས་ཚལ་ཐོན་ཁུངས་ཕུན་སུམ་ཚོགས།
དཔྱད་གཞིའི་ཡིག་ཆ།
[1] (1)武振华.西藏地名.中国藏学出版社.1995年.
(2)བོད་ཀྱི་ས་མིང་དཔྱད་གཞིའི་ཡིག་རིགས་བསྡུས་བསྒྲིགས། བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཐིག་རུས་ཅུས། ཕྱི་ལོ་ ༡༩༧༩། ཤོག ༡༡༧།
དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།