ལེགས་བཤད་ལྗོན་དབང།
ལེགས་བཤད་ལྗོན་དབང། ༄༅། །སུམ་ཅུ་པའི་སྙིང་པོ་ལེགས་བཤད་ལྗོན་པའི་དབང་པོ་ཞེས་བྱ་བ་བཞུགས་སོ།། མཛད་པ་པོ། དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེ། ༄༅། །ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། བླ་མ་མཆོག་དང་དབྱེར་མེད་པའི། །འཇམ་པའི་དབྱངས་ལ་གུས་བཏུད་ནས། །ཐོན་མིའི་ལེགས་བཤད་སུམ་ཅུ་པའི། །སྙིང་པོ་མདོར་བསྡུས་བཤད་པར་བྱ། །དབྱངས་ཀྱི་བྱ་བ་གསལ་པོ་རུ།…




