སྦྱར་ལོ་ཚེ་རི ང་དོན་གྲུབ།
ངག་ལ་ངག་གི་དཔལ་གཏེ ར་འཇམ་དཔལ་དབྱངས། །ཡིད་ལ་ཐུགས་བརྩེས་རྗེས་ཆགས་སྤྱ ན་རས་གཟིགས། །ལུས་ལ་མཆོག་གི་སྐྱབས་བྱིན་གདོ ན་བགེགས་སེལ། །མཁྱེན་བརྩེ་ནུས་ལྡན་དགེ་བའི་ བཤེས་གཉེན་མཆོད། །
ཐོབ་པར་དཀའ་བའི་དལ་བའི་རྟེན་ བཟང་འདི། །མི་ཤེས་དབང་གིས་འདི་སྣང་འཁོས་ བུར་འཁྱམས། །མི་རྟག་དགྲ་བོས་རྒོལ་བར་བརྩམ་ པའི་ཚེ། །སྔོན་བསགས་བཟང་པོས་མཇལ་དཀའི་ བཤེས་གཉེན་མཇལ། །ཀ་དག་ཆོས་ཀྱི་དེ་ཉིད་མཁྱེན་ན་ ཡང་། །ཐ་མལ་སྣང་ངོར་ཅི་ཡང་འཆར་བ་ལྟར། །སྣ་ཚོགས་འགྲོ་བློའི་རྨོངས་མུན་ སེལ་སླད་དུ། །གང་ཐུགས་བརྩེ་བའི་འོད་སྣང་འཁྱི ལ་བ་མཚར། །སྙིགས་མ་ལྔ་བདོའི་རང་མདངས་བདོ་ བའི་ཚེ། །ལྟ་སྤྱོད་ངན་པས་འགྲོ་བའི་རང་ཚུ གས་ཤོར། །དུག་གསུམ་གླང་པོས་རང་རྒྱུད་རྙོ གས་པའི་དུས། །ཐབས་མཁས་ཐུགས་རྗེས་དམ་ཆོས་བདུ ད་རྩི་སྦྱིན། །འགྲོ་འདིའི་མ་རིགས་རྨོངས་ཆེན་ སེལ་ཕྱིར་དུ། །གང་ཐུགས་མཁྱེན་བརྩེའི་ཉིན་བྱེ ད་འོད་བརྒྱའི་ཟེར། །མཐོན་ཐིང་ཀུན་གསལ་དབྱིངས་ནས་ འཕྲོ་བ་ལྟར། །ངུར་སྨྲིག་རྣམ་རོལ་བཤེས་གཉེན་ ཁྱེད་སྐུ་མཚར། །དབུས་འགྱུར་འཆང་འདིའི་འགྲོ་བློ འི་རྨོངས་སེལ་ཆེད། །ཤར་ཕྱོགས་མལ་གྲོའི་ཡུལ་གྱི་ས་ ཚིགས་སུ། །གང་སྐུའི་ཉིན་བྱེད་ཆོ་རིགས་ གཙང་མ་ཞིག །ཐ་མལ་སྤྱོད་ལས་འདས་པའི་རིགས་སྲ ས་བལྟམས། །ཆུང་ངུའི་དུས་ནས་དད་བརྩོན་ཤེས་ རབ་བསྐྱེད། །བསམ་སྦྱོར་དག་པས་བཤེས་གཉེན་ཚུ ལ་བཞིན་བསྟེན། །ཕྱོགས་རེ་མ་ཡིན་མདོ་སྔགས་སྤྱི་ ཡི་དོན། །འཆད་རྩོད་རྩོམ་གྱིས་མཁས་པའི་ དབུ་འཕངས་བརྙེས། །འཁོར་བའི་ཕུན་ཚོགས་ཐམས་ཅད་རྡུ ལ་བཞིན་གཟིགས། །ཚད་ལྡན་བླ་མའི་བཀའ་མངགས་སྤྱི་ བོས་ལེན། །བསྟན་པ་གསོ་བའི་དུས་ལ་གཏུགས་ པའི་ཚེ། །སྐུ་ན་ཕྲ་ཡང་བསྟན་འཛིན་ཐུགས་ འགན་བཞེས། །ཤར་ཕྱོགས་དགེ་ལྡན་རྣམ་པར་རྒྱལ་ བའི་སྤོར། །བུ་སློབ་རྣམས་ལ་དམ་ཆོས་བཀའ་དྲི ན་བསྐྱངས། །བཤེས་གཉེན་བཀའ་དགོངས་བྲལ་མེད་ ཡིད་ལ་འཛིན། །ལུང་རྟོགས་བསྟན་པ་ཐབས་མཁས་བརྩོ ན་པས་སྤེལ། །འཆད་རྩོད་རྩོམ་གྱིས་ལྟ་ངན་ལོག་ རྟོག་སེལ། །ཡུལ་དུས་གནས་བབས་གཟིགས་ཏེ་འགྲོ ་དོན་བསྐྱངས། །འདུལ་བྱའི་བློ་མོས་སྣ་ཚོགས་སྣ ང་ན་ཡང་། །དམ་ཆོས་འདུལ་བྱའི་ཁམས་མོས་བསྟུ ན་ཏེ་སྟོན། །རྟོགས་པར་དཀའ་བའི་གསུང་རབ་དགོ ངས་དོན་རྣམས། །རང་རང་སོ་སོར་མ་འདྲེས་ལྷུག་པར་ བཀྲལ། །གཞུང་དོན་དགོངས་པ་ཇི་བཞིན་འགྲོ ་ལ་བསྟན། །ལེགས་བཤད་གསུང་གིས་འདུལ་བྱ་སྨི ན་པར་མཛད། །བསྟན་པ་གསོ་ཕྱིར་མཚན་སྙན་རྩྭ་ བཞིན་འདོར། །འགལ་རྐྱེན་བར་ཆད་རྐྱེན་ངན་ལམ་ དུ་འཁྱེར། །ངོ་བསྟོད་ཆེ་ཚུགས་ཆོས་བརྒྱད་ དགྲ་བཞིན་གཟིགས། །བདེན་པའི་ལམ་སྟོན་བླ་མ་ཁྱེད་ འདྲ་དཀོན། །བཀའ་པོད་གཞུང་ཆེན་གཅིག་ཏུ་སྒྲི ལ་བའི་ལམ། །སྐྱེ་བུ་གསུམ་གྱི་ལམ་གྱི་རིམ་ པའི་གནད། །མ་ཚང་མེད་ལ་སྟོན་པར་ཟླ་བྲལ་བའི ། །ལམ་རིམ་བླ་མའི་རིགས་སྲས་ཁྱེད་ ལ་འདུད། །དུས་ངན་སྙིགས་མར་འགྲོ་བློའི་ཉོ ན་རྨོངས་རགས། །ལེགས་བཤད་སྟོན་ཀྱང་སྤྱོད་ངན་རླུ ང་ལྟར་གཡོ། །ལྟ་ངན་མེ་ལྕེས་བོད་ཁམས་བསྲེགས་ པའི་ཚེ། །དམ་ཆོས་འབྲུ་ཆར་འགྲོ་བློའི་ཡི ད་ངོར་སིམས། །བྱམས་དང་རྙིང་རྗེས་ཁྱེད་ཐུགས་ ཡོངས་བལྟམས་ཀྱང་། །སྲོང་པོའི་ངག་ཀྱིས་འཁྱོག་པོའི་ བྱེད་སྤྱོད་སོགས། །མ་རབས་སྐྱོན་ལ་གོམས་པའི་ཉམ་ཐག་ ཚོར། །སྐྱོན་འཚང་དྲང་ནས་བདེན་པའི་ལམ་ སྣེ་དཀྲིས། །འདི་ཕྱིའི་སྐྱབས་གནས་འཛོལ་བའི་ སྐྱེ་འགྲོ་རྣམས། །ཕྱི་ནས་ནང་པར་རློམས་པའི་སེམས་ ཙམ་ལས། །དོན་དུ་ཕྱི་ནང་གར་འཐད་མི་འཐེ་ ཚེ། །ཕྱི་ནང་དབྱེ་ཆོས་སྐྱབས་འགྲོའི་ ངོས་འཛིན་བསྟན། །རང་སེམས་སངས་རྒྱས་ཡིན་པར་ངོ་སྤྲོ ད་ཆེད། །གློ་བུར་སེམས་ངོར་སྦག་པའི་ཉོན་ རྨོངས་སྐྱོན། །རྒྱལ་སྲས་སྤྱོད་དང་རིམ་གཉིས་རྣ ལ་འབྱོར་སོགས། །ཚད་ལྡན་གཞུང་ལ་བསྟེན་ནས་སེམས་ ངོ་སྤྲད། །མི་ཚེ་ཟད་ཁར་བཅར་བའི་རྒན་རྒོན་ ཚོར། །འཆི་ཁར་སྐབས་བསྟུན་རང་འཁོས་སྡོ མ་ཁྲིམས་དང་། །འཆི་འཕོའི་ཉམས་ལེན་བདེ་ཅན་ཞིང་ སྒྲུབ་སོགས། །འཆི་ཆོས་བསྒོམ་བཟླས་བླང་དོར་ཚུ ལ་བཞིན་བསྟན། །ལྷ་འདྲེ་རྒྱལ་འགོང་གསོལ་བར་ དགའ་བ་དང་། །མོ་སྤྲ་ཤོ་ལ་མི་ཚེ་བཅོལ་བ་ཚོར། །ཤེས་རབ་མཚོན་ཆས་རང་ཐག་གཅོད་པ་ ལས། །རང་རྨོངས་གཞན་རྨོངས་ཆོས་མིན་ དགོས་མེད་གསུངས། །ས་ཆུ་རི་བྲག་ལྷ་གསོལ་བཙན་གསོལ་ དང་། །ཕོ་ལྷ་དགྲ་ལྷ་ཡུལ་ལྷ་ནོར་ལྷ་སོ གས། །ཆོས་སྐྱོང་སྲུང་མར་དངོས་སྒྲུབ་ ཞུ་མི་ཚོར། །འཁོར་བའི་ལྷ་ལ་འདི་ཕྱིའི་སྐྱ བས་བཅོལ་འཁྲུལ། །འདི་ཕྱིའི་སྐྱབས་གནས་དཀོན་མཆོ ག་རྣམ་གསུམ་ལས། །སྐྱབས་གཞན་འཚོལ་བ་སངས་རྒྱས་ཆོ ས་ལ་མེད། །ལྷ་འདྲེ་རྒྱལ་འགོང་འཇིག་རྟེན་ དྲེག་པའི་ལྷ། །མཐུ་སྟོབས་ཆེ་ཡང་སྐྱབས་འགྲོའི་ གནས་ལ་མེད། །འཁོར་འདས་རང་བཞིན་རྡུལ་ཙམ་མེད་ པ་དང་། །རྒྱུ་འབྲས་རྟེན་འབྲེལ་བསླུ་བ་ མེད་པ་སོགས། །སངས་རྒྱས་བཀའ་གསུང་དྲི་མེད་དགོ ངས་དོན་རྣམས། །གསལ་བར་བཀྲལ་བའི་མཁས་དབང་ཁྱེད་ འདྲ་དཀོན། །རང་རང་རྒྱུ་ལས་བྱུང་བའི་བདེ་སྡུ ག་ཀུན། །རང་སེམས་ཆགས་སྡང་མ་རིག་དབང་ལས་ བྱུང་། །བྱེད་པོ་གཞན་གྱིས་བསྐུལ་ནས་བྱུ ང་མིན་ཞེས། །སྟོན་པའི་བཀའ་དགོངས་རིགས་པའི་ ལམ་ནས་བསྟན། །ཉེར་གཅིག་དུས་འདིར་འཛམ་གླིང་ལྟ ་སྒྲུབ་མང་། །བོད་མི་ཕལ་ཆེར་རི་ཆུ་བསྐོར་ནས་ ལུས། །སྟོན་པའི་དམ་ཆོས་ལུང་རྟོགས་བསྟ ན་པ་རྣམས། །གཅིག་ཏུ་བོར་ནས་ལྷ་སྲུང་སྐྱབས་ བཅོལ་འཁྲུལ། །རབ་བྱུང་སྡེ་ལ་འཆད་རྩོད་སློབ་ གཉེར་མེད། །བཤད་གྲྭའི་སྲོལ་རྒྱུན་ཉམས་ཉེའི ་དུས་སྐབས་འདིར། །ཁྱེད་ཐུགས་ཟབ་མོས་བསྟན་པའི་འཁུ ར་ཆེན་བཞེས། །སེར་སྐྱ་ཀུན་ལ་འཆད་རྩོད་སློབ་ གཉེར་མཛད། །རབ་བྱུང་ཆ་ལུགས་གཞིས་དགོན་འགྲི མ་པའི་མིར། །གཞུང་ཆེན་སློབ་གཉེར་འདུལ་ཁྲི མས་སྲུང་ཚུལ་དང་། །ཚུལ་གནས་ཞི་འདུལ་བག་ཡོད་བསྟེན་ ཚུལ་སོགས། །ཁྱིམ་འཛིན་ཆོས་མིང་ཉེས་སྐྱོན་ བཅས་པ་གསུངས། །བསྟན་པ་ཉག་ཕྲ་རླུང་གསེབ་མར་མེ འི་དུས། །མིག་ལྟོས་ངན་པས་བསྟན་པ་རླུང་ལ་ བཀུར། །བསླབ་ལྡན་ཆོས་བྱེད་ཚུལ་ལྡན་མང་ ན་ཡང་། །དམ་ཉམས་གཅིག་གིས་སྡོམ་ལྡན་ཁྲི་ སྟོང་འཛད། །ལ་ལ་འདི་ཕྱིར་ཆོས་བརྒྱད་སྒྲུབ་ ལ་བརྩོ་། །ལ་ལ་འདི་ཕྱིར་དགྲ་འདུལ་གཉེན་སྐྱོ ང་བྱེད། །ལ་ལ་འདི་ཕྱིར་མཚན་སྙན་དོན་གཉེ ར་བྱེད། །ཁྱེད་ཐུགས་ཞི་བས་འདི་སྣང་སྒྱུ་ མར་གཟིགས། །ཐོགས་མེད་དུས་ནས་བསགས་པའི་བག་ ཆགས་དང་། །བདག་འཛིན་དགྲ་བོས་བཅིངས་པའི་ རང་རེ་རྣམས། །ཉོན་རྨོངས་བློ་ལ་ཡེ་ཤེས་བཟང་པོ འི་རྐྱེན། །སྦྱིན་པའི་བཤེས་གཉེན་ཐར་པའི་རྒྱ ན་མཚན་རྒྱལ། །ཟོག་རྫུ་བླ་མར་བཀུར་བའི་སྙིགས་ དུས་འདིར། །མཐོང་ཚད་ལད་མོར་དགའ་བའི་རང་ཅག་ རྣམས། །ལུགས་སྲོལ་ཆོས་ལ་བཟུང་བའི་རྨོ ངས་དད་པར། །ཆོས་དང་ཆོས་མིན་སོར་འབྱེད་རྣམ་ དཔྱོད་བསྟན། །སྲོག་ལས་གཅེས་པའི་སྟོན་པའི་དམ་ ཆོས་འདི། །སྔོན་བྱོན་རྒྱལ་བློན་རིམ་པའི་ བཀའ་གཙིགས་ལྟར། །མི་རབས་རྒྱུད་བཅས་རྒྱུན་འཛིན་ སྤེལ་སླད་དུ། །བྱོན་བའི་བཤེས་གཉེན་ཁྱེད་དང་ཕྲ ད་པ་དགའ། །མི་ཚེ་མི་རྟག་རྩྭ་སྟེང་ཟིལ་པ་ འདི། །ཇི་ཙམ་སྐྱོང་མཐར་བྱས་ཀྱང་ཐ་མར་ ཕུངས། །ཚེ་རབས་གཏན་བདེའི་བརྩན་ས་ཟིན་ པ་ལ། །དཀྲི་བའི་བཤེས་གཉེན་ཁྱེད་འདྲ་ འཕྲད་པ་སྐྱིད། །སྐྱེ་བ་ཀུན་ཏུ་ལས་འབྲས་སྲུང་པ་ དང་། །རང་གཞན་སྙོམས་པར་གཟིགས་ལས་ལྷག་ མེད་ཀྱང་། །ཁྱེད་ཐུགས་བདག་པས་གཞན་གཅེས་འཛི ན་པའི་སྤུན། །བྱམས་སེམས་བཤེས་གཉེན་ཁྱེད་འདྲ་ ཕྲད་པ་སྐྱིད། །དམན་པས་ཁྱེད་ལ་མི་ཁ་སྒྲོག་ཀྱང་ རུང་། །རྨོངས་པས་ཁྱེད་ལ་མཐོ་འཚམ་བྱེད་ ཀྱང་རུང་། །ཁྱེད་ནི་སྙིང་རྗེའི་གཞན་དབང་སོ ང་བ་ཡིས། །ལན་དུ་མི་སྨྲའི་བརྟུལ་ཞུགས་འཛི ན་པ་མཚར། །སྙིགས་མའི་སེམས་ཅན་གཞན་སྐྱོན་ གླེང་ལ་དགའ། །ཇི་ཙམ་བརྩེ་བར་དགོངས་ཀྱང་སྐྱོ ན་འདོགས་མང་། །བཟང་ངན་གོ་བཟློག་རང་སྐྱོན་གཞན་ མཐོང་ཚོར། །སྙིང་གཏམ་རྣར་སོན་གྱུར་ལ་ཅིས་ མི་བཟོད། །བདག་བློ་བདག་ལ་ལྐོག་འགྱུར་མེད་ པ་ཡི། །ཁྱེད་ལ་བསྟེན་ནས་རང་སྐྱོན་མཐོ ང་བ་ཡང་། །བཤེས་གཉེན་གང་གི་བཀའ་དྲིན་ཡིན་ བསམ་ནས། །བསྟོད་སྤྲིན་རྒྱ་མཚོའི་བསྟོད་ ཚིག་མེ་ཏོག་སྤེལ། །ལྷག་བསམ་ཡིད་ཀྱི་བསྟོད་ཚིག་མེ་ ཏོག་འདི། །ཚིག་གི་སྲད་བུར་དྲང་ནས་ཕུལ་བ་ ཡང་། །རང་གཞན་ཀུན་གྱི་བཤེས་གཉེན་བསྟེ ན་ཚུལ་དུ། །ཅུང་ཟད་ཕན་རེའི་ལྷག་བསམ་བསྐྱེ ད་པ་ལགས། །བདག་གཞན་སེམས་ཅན་རེ་རེའི་ཆེད་ དུ་ཡང་། །ཁྱེད་ཀྱིས་རླབས་ཆེན་སྤྱོད་ལས་ མི་འདའ་བར། །འདི་ནས་རྣམ་མཁྱེན་རྒྱས་པའི་མགོ ་འཕངས་བར། །མགོན་པོ་གང་གིས་ཐུགས་རྗེས་བཟུ ང་བར་ཤོག །སྭམངྒལཾ།
2022 ལོའི་བོད་ཟླ 9 ཚེས 10 ཉིན། སྦྱར་ལོས་རང་ཤག་ཏུ་སྦྱར།