ཐོན་མི་སམ་བྷོ་ཊའི་ལོ་རྒྱུས་དང་། བོད་ཀྱི་ཡི་གེའི་བྱུང་ཚུལ་སྐོར་རགས་ཙམ་དཔྱད་པ།
ཐོན་མི་སམ་བྷོ་ཊའི་ལོ་རྒྱུས་དང་། བོད་ཀྱི་ཡི་གེའི་བྱུང་ཚུལ་སྐོར་རགས་ཙམ་དཔྱད་པ། མཁས་དབང་ནོར་བྲང་ཨོ་རྒྱན། དཀར་དཀར་གངས་རིས་བསྐོར་བའི་ཞིང་མཆོག་འདིར། །ཉུང་ཉུང་མཚོ་ཡོན་དབྱངས་གསལ་པིར་རིས་ཀྱིས། ། ཟབ་ཟབ་དོན་ཀུན་གསལ་བའི་ཤིང་རྟ་ཆེ། །མང་མང་མཁས་པའི་ཏོག་གྱུར་སམ་བྷོ་ཊ། ། ཞེས་ཤིས་བརྗོད་ཀྱི་ཚིག་སྔོན་དུ་འགྲོ་བའི་སྒོ་ནས། རང་ཅག་ཁ་བའི་ལྗོངས་ཀྱི་སྐྱེ་འགྲོ་རྣམས་ལ། བཀའ་དྲིན་ཅན་ཐོན་མོ་སམ་བྷོ་ཊའི་ལོ་རྒྱུས་མདོར་བསྡུས་དང་སྦྲགས། ཁ་བའི་ལྗོངས་འདིར། སྔ་རྗེས་སུ་དར་བའི་ཡི་གེའི་སྐོར་དཔྱད་པའི་ཐོག་མའི་ལྟ་ཚུལ་ཙམ་ཞིག་སྤྲོ་བར་འདོད་པ་འདི་ལྟ་སྟེ།




