ཁྲ་འབྲུག་གཙུག་ལག་ཁང་གི་ངོ་སྤྲོད་སྙིང་བསྡུས།
ཁྲ་འབྲུག་གཙུག་ལག་ཁང་གི་ངོ་སྤྲོད་སྙིང་བསྡུས། ༡༽ ཁྲ་འབྲུག་གཙུག་ལག་ཁང་ཡུལ་གང་དུ་སུས་ནམ་ཞིག་དགོས་པ་གང་གི་ཆེད་དུ་བཞེངས་པ་ནི། དེང་སང་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་གི་ཁོངས་ཀྱི་རྩེད་ཐང་གོང་པོ་རིའི་ལྷོ་ནུབ་མཚམས་སུ་ཆགས་པའི་རྩེད་ཐང་གྲོང་ཚོའི་ཤར་ལྷོའི་མཚམས་སུ་རྐང་ཐང་ལ་ཆུ་ཚོད་གཉིས་མ་ཟིན་ཙམ་སོང་བའི་ཐང་དཀྱིལ་དུ་ (རྩེད་ཐང་ནས་ཡར་ཀླུངས་ཕྱོགས་སུ་འཁོར་ལམ་དེད་སྤྱི་ལེ་བཞི་ཙམ་སར།) ཁྲ་འབྲུག་གྲོང་དབུས་སུ་གཙུག་ལག་ཁང་དེ་ཆགས་ཡོད།




