ས་སྐྱའི་ཆོས་དུང་དཀར་པོ་རྒྱང་གྲགས་ཀྱི་ངོ་སྤྲོད།

ཆོས་དུང་དཀར་པོ་རྒྱང་གྲགས་འདི་ནི་སངས་རྒྱས་སྐུ་དངོས་ཀྱིས་བེད་སྤྱོད་མཛད་ཅིང་རབ་གནས་གནང་བའི་རྟེན་བྱིན་རླབས་ཅན་ཞིག་ཡིན། ས་ལུགས་ཐུན་མོང་མ་ཡིན་པའི་བསྟན་རྩིས་ཀྱི་དགོངས་པ་ལྟར་ན་སྟོན་པ་མྱ་ངན་ལས་འདས་ཚུལ་བསྟན་པའི་དུས་ནས་བརྩིས་ན་ཡང་ད་བར་ལོ་ངོ་བཞི་སྟོང་ལྷག་ཙམ་གྱི་ལོ་རྒྱུས་མངའ་ཡོད། ཞིབ་པར་བརྗོད་ན་སྟོན་པ་ཐུབ་པའི་དབང་པོ་མཆོག་གིས་གདུལ་བྱ་ཐུན་མོང་བའི་ངོར་ལོ་དྲུག་དཀའ་བ་སྤྱད་ནས་མཐར་མངོན་པར་རྫོགས་པ་སངས་རྒྱས་རྗེས། ཡང་དག་པའི་དམ་པའི་ཆོས་བདུད་རྩི་ལྟ་བུ་ཞིག་ཐུགས་ལ་མངའ་བར་མཛད་མོད། འོན་ཀྱང་དུས་དེའི་སེམས་ཅན་སྤྱི་མཐུན་གྱི་ཚོགས་ཡོངས་སུ་མ་རྫོགས་པའི་དབང་གིས། ཟབ་བཞི་སྤྲོལ་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོར་བརྙེད། །སུ་ལ་བསྟན་ཡང་གོ་བར་མི་ནུས་པས། །མི་མེད་ནགས་ཀྱི་ཚལ་དུ་གནས་པར་བྱ། །
གཙང་གི་ཁ་བྱང་གཅིག་པའི་སྙན་རྩོམ་འདོན་ཐེངས་བཅུ་བདུན་པ།

༄༅།  །གཙོ་སྒྲིག་པའི་གཏམ། དེ་ཡང་དད་མོས་དང་དགའ་ཞེན་གཅིག་ཏུ་ཕྱོགས་པའི་གཙང་ཕྱོགས་སྨྱུག་འཛིན་པ་མང་པོས། རང་རང་གི་བསམ་བློའི་ཚོར་འདུ་མང་པོ་བཙོ་སྦྱངས་གང་ལེགས་གནང་བ་བརྒྱུད་ནས་གྲུབ་པའི་༼དབྱར་དུས་ཀྱི་སྣང་བ།༽ཞེས་པ་ཁ་བྱང་གཅིག་པའི་མཉམ་བྲིས་སུ་སྤེལ་པ་ལ། སྤྱིར་ན་དབྱར་དུས་ནི་རྩོམ་འབྲི་བ་ཚོར་སྙན་ངག་གི་རྒྱུ་ཆ་ཕུན་སུམ་ཚོགས་པའི་དུས་ཤིག་ཡིན་ཏེ། ཕྱི་དངོས་པོའི་ཤུགས་རྐྱེན་ལ་བརྟེན་ནས་ནང་སེམས་ལ་ཚོར་འདུའི་སྣང་བ་རྒྱས་པར་བྱེད་ཅིང་། ཆར་ཞོད་དང་འབྲེལ་ནས་རིག་པ་གསལ་བའི་དུས་ཤིག་ཀྱང་ཡིན་དུ་ངེས། དེས་ན་ད་ཐེངས་ང་ཚོས་གཙང་ཕྱོགས་ཀྱི་སྨྱུག་འཛིན་པ་ཚོས་མཛད་པའི་སྙན་རྩོམ་མང་པོ་གཅིག་ཏུ་བསྡུ་སྒྲིག་བྱས་ཤིང་། རྒན་རིག་པའི་རྗེས་འགྲོ་ལགས་དང་། འབྲོག་བུ་ཡོན་ཏན་ལགས། གུས་སྨིན་རུང་འབྲས་བུ་བཅས་གསུམ་ནས་ཕན་ཚུན་གྲོས་བསྡུར་གྱིས་སྒོ་ནས་ཅུང་ཟད་ཞུ་དག་བྱས་པ་བརྒྱུད། སྙན་རྩོམ་དག་བརྒྱ་ཆ་བརྒྱ་ཡི་བསྟོད་འོས་སུ་མ་འགྱུར་ཡང་། སྨད་དགོས་པའི་སྐྱོན་ཆ་དེ་ཙམ་རང་མི་སྣང་བས་དགའ་ཚོར་ཆེན་པོས་རྗེས་སུ་ཡིད་རངས་ཞུ་བཞིན་མཆིས། ཐེངས་འདིའི་རྩོམ་ཡིག་གི་གོ་རིམ་ནི་ཐོག་མར་མཆོག་དམན་གྱི་གོ་རིམ་ལྟར་བཀོད་སྙམ་ནའང་། གཅིག་ནས་རང་ཉིད་ཤེས་རབ་དམན་པས་མཆོག་དམན་གྱི་དབྱེ་བ་འབྱེད་དཀའ་ཞིང་། ཡང་སྒོས་ཞིབ་ཏུ་དཔྱད་པའི་དུས་ཁོམ་མི་གདའ་བས། གཙོ་སྒྲིག་པ་གསུམ་སྔོན་ལ་བཀོད་ནས་ལྷག་མ་སྐུར་དུས་སྔ་རིམ་སོགས་གང་གབ་ཀྱི་སྒོ་ནས་བཀོད་པའོ། ། ཞེས་སྨིན་རུང་འབྲས་བུས་བོད་ཟླ་ ༧ པའི་ཚེས་ ༡ ཉིན།
དབུ་གཙང་གི་གནའ་ཤུལ་གྲགས་ཅན་འགའ་ངོ་སྤྲོད།

ཡུམ་བུ་བླ་སྒང་། ༡.ཡུམ་བུ་བླ་སྒང་ནི་(བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང)རྫོང་ཕོ་བྲང་ཤང་ཁོངས་ཇོ་མོ་(ཀྲ་ཤིས་ཚེ་རིང་ཞེས་པའི་རི་བོའི་)ཐོག་ཏུ་བཞེངས་ཡོད།  དེ་ནི་བོད་རྒྱལ་ཐོག་མ་(གཉའ་ཁྲི་བཙན་པོའི)སྐུ་དུས་སུ་བཞེངས་ཤིང་།   ཕོ་བྲང་དེ་ནི་བོད་ཀྱི་(མཁར)སྔ་ཤོས་ཡིན།  ཕོ་བྲང་དེ་(རྒྱབ་མདུན)གཉིས་སུ་དབྱེ་བ་སྟེ་མདུན་དུ་(མཆོད་ཁང་སྟེང་འོག་)དང་རྒྱབ་ཏུ་(མཁར་རྫོང་རྩེ་མོ་གསེར་ཟངས་རྒྱ་ཕིབས)ཀྱིས་བརྒྱན་པ་ཞིག་ཡོད། ༢. འདུ་ཁང་ནང་དུ་རྟེན་གཙོ་(གསེར་ཟངས)ལས་གྲུབ་པའི་ཇོ་བོ་(ནོར་བུ་བསམ་འཕེལ་)ལ་སོགས་བཞུགས་ཡོད་པ་དང་།  སྟེང་ཁང་དུ་(ཙན་དན)ལས་གྲུབ་པའི་(འཕགས་པ་ལོ་ཀེ་ཤྰ་རེའི་)སྐུ་བརྙན་སོགས་བཞུགས་ཡོད།
འཕགས་པ་ལྷ་ཁང་། ཇོ་བོ་ཝ་ཏི་བཟང་པོ། རྫོང་དཀར་ཆོས་སྡེ།

སྔོན་གྱི་ཚེ་མངའ་རིས་སྨད་དམ་མང་ཡུལ་གུང་ཐང་གི་ཆར་གཏོགས་པའི་སྐྱིད་རོང་ཇོ་བོའམ་ཇོ་བོ་ཝ་ཏི་བཟང་པོའི་བཞུགས་གནསསྐྱིད་རོང་འཕགས་པ་ལྷ་ཁང་། དེང་གི་གཞིས་ཀ་རྩེའི་སྐྱིད་གྲོང་རྫོང་གི་སྐྱིད་རོང་གྲོང་ཚོའི་དཀྱིལ་དུ་ཆགས་ཤིང་། ལྷ་ཁང་འདི་ནི་དུས་རབས་བདུན་པའི་དུས་དཀྱིལ་ལ་སྲོང་བཙན་སྒམ་པོས་བལ་བཟའ་ཁབ་དུ་བསུ་དུས་བཞེངས་པར་གྲགས་ཤིང་། ལྷ་ཁང་གི་ཕྱི་ནང་གཉིས་སུ་བལ་ལུགས་འཛུགས་སྐྲུན་གྱི་ཁྱད་ཆོས་གྱ་ནོམ་པོ་ཡོད། ནང་རྟེན་ལ་དེང་སྐབས་སྐྱིད་རོང་ཇོ་བོའི་སྐུ་ཚབ་ལས་ལས་གཞན་ལྡེབས་རིས་རྩ་ཆེན་དང་བལ་བཟའི་རྡོ་ཤེལ་སོགས་མང་དུ་མཇལ་རྒྱུ་འདུག པར་ཐ་མ་དེ་ཇོ་བ་ཝ་ཏི་བཟང་པོའི་སྐུ་ངོ་མ་འདི་ག་གྲྭ་ཚང་ནས་རྒྱ་གར་དུ་གདན་འདྲེན་ཞུས་ཏེ་ད་ལྟ་༸གོང་ས་མཆོག་གི་གཟིམ་ཆུང་དུ་བཞུགས་བཞིན་པ་རེད།

དཔལ་ལྡན་འབྲས་དཀར་སྤུངས་པའི་དགོན་གྱི་རྟེན་གཙོ་བྱམས་པ་མཐོང་གྲོལ་མ། དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་སྡེ་འདི་ནི་གྲོང་ཁྱེར་ལྷ་སའི་ནུབ་ངོས་མཚམས་ཀྱི་རི་འདབས་སུ་ཆགས་ཡོད། མཚན་རྒྱས་པར་བཀྲ་ཤིས་དཔལ་ལྡན་འབྲས་སྤུངས་དགོན་ནམ། དཔལ་ལྡན་འབྲས་སྤུངས་དགོན་ཞེས་ཞུ།   གྲོང་ཁྱེར་ལྷ་ས་ནས་ནུབ་ངོས་སུ་འཁོར་ལམ་བརྒྱུད་སྤྱི་ལེ་དྲུག་ཙམ་སོང་ན་དན་བག་ཏུ་འབྱོར་ཞིང་། དེ་ནས་རི་ལྡེབས་སུ་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་གསུམ་བཞི་ཙམ་འཛེགས་ན་དགོན་དེར་སླེབས།  འབྲས་སྤུངས་ཞེས་པ་ནི།  སངས་རྒྱས་བཅོམ་ལྡན་འདས་ཀྱིས་དཔལ་དུས་ཀྱི་འཁོར་ལོའི་གསང་སྔགས་ཀྱི་རྒྱུད་སྡེ་གསུང་སའི་གནས་རྒྱ་གར་ལྷོ་ཕྱོགས་དཔལ་གྱི་རི་དང་ཉེ་བར་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ཞེས་བྱ་བ་ཞིག་ཡོད་པས་དེའི་མཚན་བཏགས་པའམ་འཇམ་དབྱངས་ཆོས་རྗེ་དན་བག་ཏུ་བཞུགས་ཡོད་པ་ལ།    རྗེ་ཙོང་ཁ་པ་སྟོད་ལུང་ཆུ་ཚན་ནས་མར་ཕེབས་པ་དང་མཇལ་བས་རྗེ་ཙོང་ཁ་པས་ཁྱེད་ཀྱི་དགོན་པ་གང་འདྲ་བཏབ་ཡོད་ཅེས་གསུངས་པར།
འབྲས་སྤུངས་ཞོ་སྟོན་གྱི་ལོ་རྒྱུས་ཕྱོགས་བསྡུས།

དེ་ཡང་ཞོ་སྟོན་ཞེས་པའི་གོ་དོན་དང་། ཞོ་སྟོན་གྱི་དུས་ཚོད་དང་བྱེད་སྒོ་ཁག  ཞོ་སྟོན་ནོར་བུ་གླིང་ཁར་ཚུགས་ཚུལ། ལྷ་མོའི་འཁྲབ་གཞུང་བརྒྱད་ཀྱི་ནང་དོན་རགས་བསྡུས་བཅས་ཀྱི་སྒོ་ནས་ཞུ་གི་ཡིན། ཞོ་སྟོན་ཞེས་པའི་དོན། གནའ་སྔ་མོ་རྒྱ་གར་ལ་དགེ་འདུན་རྣམས་དབྱར་གནས་ལ་བཞུགས་པའི་ཚེ་བསོད་སྙོམས་ལ་ཕེབས་མི་དགོས་པར་བརྟེན་སྦྱིན་བདག་ལ་སོགས་པས་ཞོ་དང་འོ་མ་ལ་སོགས་པའི་བསྙེན་བཀུར་ཞུ་སྲོལ་ཡོད་པ་ལྟར། གདན་ས་ཆེན་པོ་སེ་འབྲས་དགེ་གསུམ་སོགས་སུ་དབྱར་གནས(དགེ་འདུན་རྣམས་དབྱར་ཁའི་རིང་ཕྱི་རོལ་དུ་གང་བྱུང་དུ་འགྲོ་མི་ཆོག་པའི་དུས་ཅིག)ཚུགས་པའི་སྐབས་སུ་ཞོ་ཡི་སྟོན་མོ་སྟེ་ཞོ་ཡི་ཞལ་ལག་སོགས་འབུལ་བས་ན་ཞོ་སྟོན་ཞེས་ཐོགས་པ་ཡིན།
དབུ་རུ་ཀླུང་ཤོད་ཀྱི་རྩ་བ་སྲ་བརྟན་མི་འགྱུར་ཕོ་བྲང་།

དབུ་རུ་ཀླུང་ཤོད་ཀྱི་རྩ་བ་སྲ་བརྟན་མི་འགྱུར་ཕོ་བྲང་། (སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ཕོ་བྲང་། ) དེ་ཡང་གནས་ཡིག་ལས། ༼དབུ་རུ་ཀླུང་ཤོད་རྩེ་བ་རྡོ་རྗེ་ཕོ་བྲང་ནི། སློབ་དཔོན་མཚོ་སྐྱེས་རྡོ་རྗེས་མཛད་པའི་རྒྱལ་པོ་བཀའ་ཐང་ལས།  དབུ་རུ་ཀླུང་ཤོད་གཙུག་ལག་ཁང་། །རྗེ་ལ་དབུ་རུ་ཀླུང་ཤོད་གཙུག་ལག །སྐར་མ་གཅིག་གི་རྒྱ་ཁྱོན་དཔེ་རུ་བླངས། །སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བཞེངས། །དབུས་ཀྱི་ལྟེ་བ་རྒྱལ་ཁང་བཟོ་ཐོག་ལ། །ཕྱོགས་མཚམས་བརྒྱད་དུ་བཀའ་རྟགས་མཆོད་རྟེན་བཞེངས། །རྩིས་ཀྱི་རྡོ་རིང་ལ་སོགས་གཙུག་ལག་ཁང་། །སྟོང་སྡེའི་མི་བྲན་ས་རྡོ་ཤིང་གཤོག་དང་། །ཕྱོགས་རེ་དག་ནས་བཟོ་བོ་བརྒྱ་བརྒྱ་ཡི། །རྡོ་ཡི་རྨང་བཏིང་ཤིང་དང་འདམ་བག་བརྩིགས། །

—མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་མཆོག་ལ་བཅར་འདྲི་ཞུས་པའི་ཟིན་ཐོ། དེ་ཡང་《རླངས་ཀྱི་པོ་ཏི་བསེ་རུ》ལས། “ལར་སྐྱེས་པའི་མིས་རང་གི་སྐྱེ་རྒྱུད་མ་ཤེས་ན། ནགས་ཁུང་གི་སྤྲེའུ་འདྲ། མི་རང་གི་ཆོ་འབྲང་མ་ཤེས་ན། གཡུ་འབྲུག་ཟོལ་མ་འདྲ། ཡབ་མེས་ཀྱི་ཆེ་དགེ་ཡིག་ཚང་མ་ཤེས་ན། མོན་ཕྲུག་ཡལ་བོར་དང་འདྲ་”ཞེས་གསུངས་པ་བཞིན་ཁྱིམ་ཚང་བྱེ་བྲག་པ་དང་། ལྷག་པར་རང་རེ་བོད་མི་རིགས་དང་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་པོའི་ཆབ་སྲིད་དང་། རིག་གནས། དཔལ་འབྱོར་བཅས་ཀྱི་བྱུང་བ་དང་། འཕེལ་འགྲིབ་ཀྱི་ལོ་རྒྱུས་གཏན་ཚིགས་དང་མཐུན་པ་ཞིག་མ་ཤེས་ན་གཞན་སྡེའི་ཁྲོད་དུ་དགུན་གྱི་ཁུ་བྱུག་བཞིན་སྨྲ་བའི་སྤོབས་པ་དང་ཡོངས་སུ་འབྲལ་བར་ངེས་ན་ཁྱིམ་ཚང་ཆེན་པོ་འདིའི་འཕེལ་འགྲིབ་ཀྱི་ལོ་རྒྱུས་ཀྱང་དྲང་དོན་གྱི་བཞེད་ཚུལ་ལྟར་མ་ཡིན་པར་ཅི་ནས་ཀྱང་དོན་ངོ་མའི་ཐོག་རྐང་ཚུགས་ཐུབ་བྱེད་དགོས་པ་དེ་རེད།
སྟོད་མངའ་རིས་ས་ཁུལ་གྱི་གནའ་ཤུལ་འདི་དག་ཁྱེད་ཀྱིས་མཐོང་མྱོང་ངམ།

ལྷག་ལུས་བཟོ་སྐྲུན་གྱི་བརྗིད་ཉམས།      སྟོད་མངའ་རིས་ས་ཁུལ་ནི་བོད་བརྒྱུད་ནང་བསྟན་གྱི་རིག་གནས་ཧ་ཅང་དར་རྒྱས་ཆེན་ཞིང་།  རིག་གནས་དེ་དང་འབྲེལ་བའི་བཟོ་བསྐྲུན་དང་། བྲིས་འབུར་སྒྱུ་རྩལ་སོགས་ཀྱི་ཁྱད་ཆོས་ཐུན་མིན་ཡོད་སའི་གནས་ཡུལ་ཁྱད་པར་ཅན་ཞིག་ཡིན་ལ། དེང་དུས་ཀྱང་སྒྱུ་རྩལ་གྱི་ཉམས་འགྱུར་འབུམ་གྱིས་ཕྱུག་པའི་རིག་དངོས་གང་མང་ཞིང་མཇལ་རྒྱུ་ཡོད་པས། རྒྱ་མཚོའི་ཆུ་ཐིགས་ཀྱི་དཔེར་དང་མཚུངས་པའི་གཤམ་གྱི་པར་རིས་རིན་ཐང་ལྡན་པ་འདི་དག་ལ་གཟིགས་པར་འཚལ། མཐོ་ལྡིང་དགོན་པའི་འདུ་ཁང་འཛམ་གླིང་རྒྱན་ནང་གི་ལྡེབས་རིས་ལོ་ཆེན་རིན་ཆེན་བཟང་པོ། རྩ་མདའ་རྫོང་ཁོངས་སུ་ཡོད་པའི་དྲུ་སའི་མཛེས་ལྗོངས། གུ་གེའི་གནའ་ཤུལ་ཡོད་སའི་བསྐྱོད་ལམ་གྱི་མཛེས་ལྗོངས། གུ་གེའི་གནའ་ཤུལ་ལམ་རྩ་རངས་མཁར་གྱི་ཤུལ་ལུས། རྩ་རངས་མཁར་ཤུལ་དུ་ཡོད་པའི་ས་ཕུག ཤིང་བརྐོས་ཀྱི་ཉམས་འགྱུར། འཇིམ་བཟོ་ཡི་ལག་རྩལ། མཛེས་རིས་ཀྱི་ཉམས་སྣང་། ལྡེབས་རིས་ཀྱི་འོད་སྣང་། མཐོ་ལྡིང་དགོན་བརྒྱ་རྩ་ལྷ་ཁང་ངམ་དཀྱིལ་འཁོར་ལྷ་ཁང་ཡང་ཐོག་གི་མཚམས་བཞིར་ཡོད་པའི་མཆོད་རྟེན་ཞིག མཐོ་ལྡིང་དགོན་བརྒྱ་རྩ་ལྷ་ཁང་ངམ་དཀྱིལ་འཁོར་ལྷ་ཁང་ནང་དུ་ལྷག་པའི་ལྡེབས་རིས། ལོ་རྒྱུས་ཀྱི་གཉེར་རིས་དོད་པའི་ལྡེབས་རིས། ལྕགས་རིའི་མཆོད་རྟེན་བཞིའི་ནང་དུ་བཞུགས་པར་གྲགས་པའི་ལྡེབས་རིས་ཀྱི་ཟུར་ཙམ་ཞིག གླང་ཆེན་ཁ་འབབ། ཡོང་ཁུངས། སུམ་པའི་རིག་གནས།
རྭ་སྟོད་བསྡུས་གྲྭ་རྩོམ་པ་པོ་སུ་ཡིན་མིན་སྐོར།

༡༽གླེང་གཞི།   དེ་ལ་ཤེས་བྱའི་སྒོ་འབྱེད་དམ་ཡོངས་གྲགས་སུ་རྭ་སྟོད་བསྡུས་གྲྭ་ཞེས་འབོད་པ་འདི་ནི་དགེ་ལུགས་ཕྱོགས་ཀྱི་བསྡུས་གྲྭ་ཆ་ཚང་ཞིང་ཆེས་སྔ་ཤོས་དེ་ཡིན་པ་རེད།  དགེ་ལུགས་པ་རྣམས་ཀྱིས་ཐོག་མར་བསྡུས་གྲྭའི་སློབ་གཉེར་གནང་སའི་གཞུང་ཡང་འདི་ནས་གཏན་ཁེལ་པ་ཡིན་ནམ་སྙམ་སྟེ།  འདིའི་གོང་ན་བསྡུས་གྲྭའི་ངག་རྒྱུན་སྣ་ཚོགས་ལས་ཡིག་ཐོག་ཏུ་འཁོད་པ་ཆ་ཚང་བ་ནི་མེད་པའི་ཚོད་དུ་སྣང་ངོ་། ཕྱིས་སུ་འདི་ལ་བརྟེན་ནས་སོ་སོའི་རིགས་ལམ་གྱི་རྩལ་དེ་ཇེ་རྒྱས་སུ་སོང་བའི་དབང་གིས་འདི་ལས་ཅུང་བསྡུས་ཏེ་ཁ་གསལ་ཞིང་གོ་བདེ་བ་ཡོངས་འཛིན་བསྡུས་གྲྭ་དང་།  དེ་དང་རིགས་པའི་འགྲོས་ཅུང་མི་མཐུན་པ་བསེ་བསྡུས་གྲྭ་སོགས་ཕན་ཚུན་འགྲན་བཞིན་དུ་ཆར་རྗེས་ཀྱི་ཤ་མོ་རྡོལ་བ་བཞིན་དུ་བྱུང་བ་ཐམས་ཅད་ཀྱང་ཕར་དེད་ན་རྭ་སྟོད་བསྡུས་གྲྭ་འདི་ལ་ཐུག་པ་ཡིན་སྟབས།