དབུ་རུ་ཀླུང་ཤོད་ཀྱི་རྩ་བ་སྲ་བརྟན་མི་འགྱུར་ཕོ་བྲང་།

དབུ་རུ་ཀླུང་ཤོད་ཀྱི་རྩ་བ་སྲ་བརྟན་མི་འགྱུར་ཕོ་བྲང་།

དབུ་རུ་ཀླུང་ཤོད་ཀྱི་རྩ་བ་སྲ་བརྟན་མི་འགྱུར་ཕོ་བྲང་། (སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ཕོ་བྲང་། ) དེ་ཡང་གནས་ཡིག་ལས། ༼དབུ་རུ་ཀླུང་ཤོད་རྩེ་བ་རྡོ་རྗེ་ཕོ་བྲང་ནི། སློབ་དཔོན་མཚོ་སྐྱེས་རྡོ་རྗེས་མཛད་པའི་རྒྱལ་པོ་བཀའ་ཐང་ལས།  དབུ་རུ་ཀླུང་ཤོད་གཙུག་ལག་ཁང་། །རྗེ་ལ་དབུ་རུ་ཀླུང་ཤོད་གཙུག་ལག །སྐར་མ་གཅིག་གི་རྒྱ་ཁྱོན་དཔེ་རུ་བླངས། །སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བཞེངས། །དབུས་ཀྱི་ལྟེ་བ་རྒྱལ་ཁང་བཟོ་ཐོག་ལ། །ཕྱོགས་མཚམས་བརྒྱད་དུ་བཀའ་རྟགས་མཆོད་རྟེན་བཞེངས། །རྩིས་ཀྱི་རྡོ་རིང་ལ་སོགས་གཙུག་ལག་ཁང་། །སྟོང་སྡེའི་མི་བྲན་ས་རྡོ་ཤིང་གཤོག་དང་། །ཕྱོགས་རེ་དག་ནས་བཟོ་བོ་བརྒྱ་བརྒྱ་ཡི། །རྡོ་ཡི་རྨང་བཏིང་ཤིང་དང་འདམ་བག་བརྩིགས། །

ཞེས་བཙན་པོས་ཁྲི་སྲོང་ལྡེ་བཙན་གྱི་སྲས་མུ་ཏིག་བཙན་པོའམ་མཚན་གཞན་སད་ན་ལེགས་འཇིང་ཡོན་གྱིས་བཞེངས་པ་གསལ་བ་མ་ཟད། གཞུ་སྟོད་ཏི་སྒྲོའི་གནས་ཡིག་ཏུ་ཨོ་རྒྱན་པདྨ་འབྱུང་གནས་ཀྱི་གཏེར་ཁ་ལས་ལྷ་སྲས་འཇིང་ཡོན་གྱིས་དབུར་སྟོད་རྩེ་བ་རྡོ་རྗེའི་ཕོ་བྲང་དུ་བགྱིས་པའོ་ཞེས་དང་། ༽ ཞེས་པ་འདི་གནས་ཡིག་ལས་དྲངས།

པར་པ། Hugh E. Richardson པར་བཏབ་ལོ། 1948 East Kyichu Valley Region > Tsa phodrang

པར་ལྔ་པ་དང་དྲུག་པ་རྒྱབ་མདུན་འཁྲུག་འདུག

བརྒྱུད་སྐུལ།

མཆན་སྤེལ།