དུང་དཀར་གྲུབ་མཐའ། ས་བཅད་བཞི་པ།
ས་བཅད་བཞི་པ། སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་སོ་སོའི་འདོད་ཚུལ། སངས་རྒྱས་ཆོས་ལུགས་ལ་རྒྱ་གར་དུ་བྱེ་བྲག་སྨྲ་བ་དང༌། མདོ་སྡེ་པ། སེམས་ཙམ་པ། དབུ་མ་པ་བཅས་གྲུབ་མཐའ་བཞི་དང༌། བོད་དུ་རྙིང་མ། བཀའ་གདམས་པ། ས་སྐྱ། བཀའ་བརྒྱུད། ཞི་བྱེད། ཇོ་ནང༌། དགེ་ལུགས་སོགས་བྱུང་བ་ཚང་མའི་གཞི། ལམ། འབྲས་བུ་བཅས་ལ་འདོད་ཚུལ་མི་འདྲ་བ་ཕྲན་བུ་ཡོད་ཀྱང་རྩ་བའི་འགལ་བ་ཆེར་མེད་ཅིང༌། གྲུབ་མཐའ་མི་འདྲ་བའི་ཁྱད་པར་ཆེན་པོ་འབྱུང་སའི་རྩ་བ་ཐུག་ས་ནི་ལྟ་བ་མི་འདྲ་བའི་སྒོ་ནས་འཇོག་པ་ཡིན་པས་འདིར་དེའི་སྐོར་གནད་བསྡུས་བརྡ་མཚོན་ཙམ་ཞིག་དོན་ཚན་གསུམ་དུ་བསྡུས་ནས་འཆད་རྒྱུར།




