བཞད་དངུལ་ཆུའི་ལོ་རྒྱུས་དང་འབྲེལ་བའི་འཁྲུལ་སེལ་ཁག་དང་པོ།
བཞད་དངུལ་ཆུའི་ལོ་རྒྱུས་དང་འབྲེལ་བའི་འཁྲུལ་སེལ་གདོང་ལྔའི་སྒྲ་དབྱངས་ཞེས་བྱ་བ་ལས་ཁག་དང་པོ། རྗེ་ཙོང་ཁ་པ་མཆོག་བཞད་དངུལ་ཆུའི་ཆོས་རྫོང་དུ་ཆིབས་བསྒྱུར་གནང་མྱོང་ཡོད་མིན་བཤད་པ། མི་འཇིགས་གསུང་གི་ང་རོ་གཅིག་གིས་ཀྱང་། །སྨྲ་ངན་ཝ་སྐྱེས་སྙིང་རྩ་འདར་བྱེད་པ། ། འཇམ་མགོན་སྨྲ་བའི་སེངྒེ་གང་དེ་ཡི། །ངོ་མཚར་རྨད་བྱུང་རྣམ་ཐར་སླར་ཡང་དྲན། ། སྙན་སྙན་ཚིག་གི་སྦྱོར་བ་མི་ལྡན་ཞིང་། །ཟབ་ཟབ་གཞུང་གི་དཀའ་གནད་མ་མཆིས་མོད། ། འཁྲུལ་བ་རགས་པ་སེལ་བའི་འཁྲུལ་སེལ་གཏམ། །གཟུར་གནས་གྲོགས་ལ་གཟུ་བོའི་ལམ་ནས་སྨྲ། །




