Featured on མཛོད།

སྤེལ་ཞིབ་ཕྲ།

མཆིམས་མཛོད་མངོན་པའི་རྒྱན། (གནས་དང་པོ།)

༄༅། །ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པའི་འགྲེལ་པ་མངོན་པའི་རྒྱན་སོགས་ཕྱོགས་བསྒྲིགས་བཞུགས་སོ།།     མཛད་པ་པོའི་རྣམ་ཐར་མདོར་བསྡུས། ༄༅། །གཞུང་འདིའི་མཛད་པ་པོ་མཆིམས་འཇམ་དཔལ་དབྱངས་མཆོག་ནི། གངས་ཅན་མཁས་གྲུབ་རིམ་བྱོན་མིང་མཛོད་ལས། མཆིམས་འཇམ་དཔལ་དབྱངས་ནི་མཆིམས་ནམ་མཁའ་གྲགས་དང་མི་གཅིག་ཡིན་ཞེས་འཁོད་ལ། རྣམ་ཐར་དངོས་ནང་མཆིམས་འཇམ་དཔལ་དབྱངས་མཆོག་ནི། བོད་རབ་བྱུང་བཞི་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་ ༡༢༡༠ ལོར་མྱང་སྟོད་སྨོན་འགྲོའི་ཁའུར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་བློན་པོ་མཆིམས་རྡོ་རྗེ་སྤྲེལ་ཆུང་གི་རྒྱུད་དུ་སྐུ་འཁྲུངས། ཁོང་སྐུ་གཞོན་ནུའི་དུས་སུ་རབ་ཏུ་བྱུང་ཞིང་། དཔལ་ལྡན་གྲོ་མོ་ཆེ་ལས་བསྙེན་པར་རྫོགས། དཔལ་ལྡན་གྲོ་དང་། ཞང་སྟོན། མཆིམས་བློ་བརྟན་མཉམ་མེད། སངས་རྒྱས་སྒོམ་པ་སེངྒེ་སྐྱབས་བཅས་རྣམ་པ་བཞི་ལས་བཀའ་གདམས་པའི་ཆོས་སྐོར་རྣམས་ཀྱི་བཀའ་དྲིན་མནོས།
མཆིམས་མཛོད་མངོན་པའི་རྒྱན། (གནས་ལྔ་པ་དང་དྲུག་པ།)

གནས་ལྔ་པ་ཕྲ་རྒྱས་བསྟན་པའི་ས་བཅད། གནས་ལྔ་པ་ཕྲ་རྒྱས་བསྟན་པ་ལ་གསུམ། ༡ ཕྲ་རྒྱས་ཀྱི་རང་བཞིན།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༌༌༌༌་་་་་་་་་་་་་་་་་་་་་་་་་་་་་་་་་་1 ༢ ཕྲ་རྒྱས་ཇི་ལྟར་སྤོང་ཚུལ་བཤད་པ།་་་་་་་་་་་་་་་་་་་་་་་་་་་་་་་་༌༌༌་་་་་་་་་་་་་་་་་་་་་་་་་་་་་94 ༣ སྤང་པའི་འབྲས་བུ་ཡོངས་ཤེས་བཤད་པ།་་་་་་་་་་་་་་་་་་་་་་་་་་་་་༌༌་་་་་་་་་་་་་་་་་་་་་་་101 དང་པོ་ཕྲ་རྒྱས་ཀྱི་རང་བཞིན་བཤད་པ་ལ་གཉིས། ༡ ཕྲ་རྒྱས་ཀྱི་དབྱེ་བ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༌༌༌་་་་་་་་་་་་་་་་་་་་་་་་་1 ༢ ཕྲ་རྒྱས་ཀྱི་རྣམ་པའི་རབ་དབྱེ་བཤད་པ།་་་་་་་་་་་་་་་་་་་་་་་་་་་་་༌༌༌་་་་་་་་་་་་་་་་་་་་་་་་་28 གཉིས་པ་ཕྲ་རྒྱས་ཀྱི་རྣམ་པའི་རབ་དབྱེ་བཤད་པ་ལ་བཅུ། ༡ ཀུན་འགྲོ་དང་ཀུན་འགྲོ་མ་ཡིན་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༌༌་་་་་་་་་་་་་་་་་་་་་་་28 ༢ ཟག་བཅས་ཟག་མེད་ལ་དམིགས་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༌༌་་་་་་་་་་་་་་་་་་་་་33 ༣ རྒྱས་པ་དང་མི་རྒྱས་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༌་་་་་་་་་་་་་་་་་37…
མཆིམས་མཛོད་མངོན་པའི་རྒྱན། (གནས་བདུན་པ་དང་བརྒྱད་པ།)

གནས་བདུན་པ་ཡེ་ཤེས་བསྟན་པའི་ས་བཅད། གནས་བདུན་པ་འཆད་པ་ལ་གསུམ། ༡ བཟོད་པ་དང་ཤེས་པ་དང་ལྟ་བའི་ཁྱད་པར་བཤད་པ།་་་་་་་་་་་་་་་༌༌་་་་་་་་་་་་་་་་་་་་271 ༢ ཤེས་པ་བྱེ་བྲག་ཏུ་བཤད་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་272 ༣ དེ་དག་གི་ཡོན་ཏན་བཤད་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་319 གཉིས་པ་ཤེས་པ་བྱེ་བྲག་ཏུ་བཤད་པ་ལ་བརྒྱད། ༡ ཤེས་པའི་ངོ་བོའི་དབྱེ་བ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་272 ༢ ཤེས་པའི་གྲངས་ངེས་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་281 ༣ ཤེས་པའི་རྣམ་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་284 ༤ ས་དང་བརྟེན་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་296 ༥ དྲན་པ་ཉེར་གཞག་ཏུ་བཞག་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་298 ༦…
མཆིམས་མཛོད་མངོན་པའི་རྒྱན།  (སྐབས་གསུམ་པ་དང་བཞི་པ་གཉིས།)

  ༄༅། །ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པའི་འགྲེལ་པ་མངོན་པའི་རྒྱན། (སྐབས་གསུམ་པ་དང་བཞི་པ་གཉིས།) ད་ནི་འཇིག་རྟེན་བསྟན་པའི་མཛོད་འཆད་པ་ན་ཁམས་བསྟན་པར་འདོད་ཁམས་གཏོགས་པ་ཐམས་ཅད་དོ་ཞེས་བྱ་བ་ལ་སོགས་པ་དང༌། དབང་པོ་བསྟན་པར་དྲི་མེད་མ་གཏོགས་འདོད་པ་གཏོགས་ཞེས་བྱ་བ་ལ་སོགས་པས་ཁམས་གསུམ་གྱི་མིང་ཙམ་ཞིག་བཤད་པས་དེའི་དོན་བསྟན་པའི་ཕྱིར་འཇིག་རྟེན་བསྟན་པའི་མཛོད་འཆད་པར་བྱེད་དོ།། (ཡང་ན་གནས་དང་པོ་གཉིས་ཀྱིས་ཇི་ལྟ་བ་དང་ཇི་སྙེད་པའི་དམིགས་པ་ཐུན་མོང་དུ་བཤད་ནས། འདི་མན་ཆད་ཀྱིས་གཙོ་ཆེར་ཇི་ལྟ་བའི་དམིགས་པ་སྟོན་ནོ། །དེ་ཡང་བདེན་པ་བཞི་ཡིན་པ་ལས་ཐོག་མར་སྡུག་བདེན་འཆད་པའི་མཚན་གཞི་ནི་གང་སྐྱེ་བ་སེམས་ཅན་དང་གང་དུ་སྐྱེ་བ་སྣོད་ཀྱི་འཇིག་རྟེན་དང་གཉིས་ཏེ། ཐུན་མོང་མིན་པ་དང་ཐུན་མོང་གི་ལས་གྲུབ་པའོ། །མཚན་ཉིད་ནི་སྡུག་བསྔལ་གསུམ་གྱིས་ཅི་རིགས་སུ་སྡུག་བསྔལ་བའོ། །

༅། །རྒྱུད་བླ་མའི་ཊཱི་ཀ་རྒྱན་གྱི་མེ་ཏོག་བཞུགས་སོ། །   བཅོམ་ལྡན་རིག་པའི་རལ་གྲི།   རྒྱ་གར་སྐད་དུ། མ་ཧཱ་ཡཱ་ན་ཨུད་ཏྲ་ར་ཏན་ཏྲ་ཤཱསཏྲ་ཨ་ལཾ་ཀཱ་ར་པུཥྤ་ན་མ། བོད་སྐད་དུ། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་རྒྱན་གྱི་མེ་ཏོག་ཅེས་བྱ་བ། འཕགས་པའི་ཚོགས་ཐམས་ཅད་ལ་ཕྱག་འཚལ་ལོ། །སྐྱེ་གཅིག་མངོན་པར་བྱང་ཆུབ་འཚང་རྒྱ་བ། །དགའ་ལྡན་བཞུགས་པ་དེ་ལ་ཕྱག་འཚལ་ནས། །ཐུབ་པའི་དབང་པོའི་ཐེག་ཆེན་གསུང་རབ་ཀྱི། །མཐར་ཐུག་ངེས་པའི་དོན་འདི་བདག་གིས་བཤད། །

༄༅། །ཐེག་པ་ཆེན་པོ་མདོ་སྡེ་རྒྱན་རྣམ་པར་བཤད་པའི་མེ་ཏོག་ཅེས་བྱ་བ་བཞུགས་སོ། །   བཅོམ་ལྡན་རིག་པའི་རལ་གྲི།   རྒྱ་གར་སྐད་དུ། མ་ཧཱ་ཡཱ་ན་པཱུ་ཏྲ་ཨ་ལཾ་ཀཱ་ར་བི་དོ་ཤ་པུཥྤ་ནཱ་མ། བོད་སྐད་དུ། ཐེག་པ་ཆེན་པོ་མདོ་སྡེ་རྒྱན་རྣམ་པར་བཤད་པའི་མེ་ཏོག་ཅེས་བྱ་བ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བསྐལ་བཟང་འདི་ལ་མཛད་པ་མཐར་ཕྱིན་པ། །རྫོགས་པའི་སངས་རྒྱས་སྟོང་ལ་ཕྱག་འཚལ་ནས། །མ་བྱོན་སངས་རྒྱས་བྱམས་པས་མཛད་པ་ཡི། །ཐེག་ཆེན་མདོ་སྡེ་ཀུན་གྱི་རྒྱན་འདི་བཤད། །