གངས་ལྗོངས་བོད་ཆོས་སྲིད་གཉིས་ལྡན་རྒྱལ་ཁབ་ཆེན་པོའི་སྲིད་བློན་བཤད་ཞོལ་ཆང་གསུམ་ལས། འཕྱོངས་རྒྱས་ཆང་ཁྱིམ་བཀྲ་ཤིས་ཁང་གསར་རམ། སྲིད་བློན་ཆང་ཁྱིམ་ངག་དབང་དཔལ་བཟང་གི་ཚ་བོ། བཀའ་བློན་བླ་མ་བཀྲས་ཁང་ཐུབ་བསྟན་ཤཱཀྱ་ནས་ཤིང་ཁྱི་ ༡༩༣༤ ནས་ ༡༩༣༩ ས་ཡོས་ ༡༩༣༩ བར་བཀའ་བློན་བླ་མའི་མཛད་ཁུར་བླངས།
བཀའ་བློན་ཕྱག་སྦྲེལ་སྔ་ཕྱིར་ཁྲི་སྨོན་པ་ནོར་བུ་དབང་རྒྱལ།
ཞྭ་རྗེ་བོན་གྲོང་ཤོད་པ་ཚེ་བརྟན་རྡོ་རྗེ། གནང་བྱུང་བ་པདྨ་དོན་གྲུབ། བཀྲས་མཐོང་འགྱུར་མེད་རྒྱ་མཚོ། ཕུན་ཁང་བཀྲ་ཤིས་རྡོ་རྗེ་ཡིན། ས་ཡོས་ ༡༩༣༩ ལོར་བཀའ་བློན་གྱི་མཛད་འགན་འཕོས་ཚབ་ཏུ། སྲིད་སྐྱོང་རྭ་སྒྲེང་རིན་པོ་ཆེ་ནས་སེར་མོ་བ་བསྟན་པ་འཇམ་དབྱངས་བཀའ་བློན་བླ་མར་བསྐོ་གཞག་མཛད།

འབྱུང་ཁུངས། སྔ་མོའི་བོད་དང་བོད་མིའི་ངོ་དེབ་ལས་བཏུས།