བོད་ཀྱི་སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་ཀྱི་བསྟན་པ་རྒྱས་པའི་སྨོན་ཚིག

བོད་ཀྱི་སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་ཀྱི་བསྟན་པ་རྒྱས་པའི་སྨོན་ཚིག

བོད་ཀྱི་སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་ཀྱི་བསྟན་པ་རྒྱས་པའི་སྨོན་ཚིག

 

ཐེག་པ་གསུམ་གྱིས་འགྲོ་ཀུན་ཐར་པར་འདྲེན། ། རྒྱུད་སྡེ་བཞི་ཡིས་གསང་ཆེན་ཉེར་ལམ་སྟོན། །

གྲུབ་མཐའ་བཞི་ཡིས་བདེན་དོན་ལེགས་གཏན་འབེབས། ། འཕགས་ཡུལ་བསྟན་པའི་མངའ་བདག་རྣམས་ལ་འདུད། །

རྙིང་མ་བཀའ་གདམས་ལམ་བཟང་ས་སྐྱ་བ། ། བཀའ་བརྒྱུད་ཤངས་པ་གྲུབ་པའི་སྲོལ་འཛིན་དང་། །

ཞི་བྱེད་ཇོ་ནང་ཨོ་རྒྱན་བསྙེན་སྒྲུབ་སྟེ། ། གངས་ཅན་ཤིང་རྟ་བརྒྱད་ཀྱི་སྲོལ་འདི་བཤད། །

རྒྱ་གར་མཁས་གྲུབ་ཞལ་གྱི་ལུང་བཟང་པོ། ། བོད་ཀྱི་ཤིང་རྟ་བརྒྱད་ཀྱི་སྲོལ་དུ་བཀྲོལ། །

གངས་ཅན་བསྟན་པའི་སྙིང་པོ་རིས་མེད་པ། ། ཀུན་གསལ་མེ་ལོང་བཞིན་དུ་འདིར་བསྒྲིགས་བྱ། །

 སྔགས་ཀྱི་བཀའ་བབ་གསང་ཆེན་རྙིང་མ་བ། ། ནུས་པའི་དབང་ཕྱུག་རིག་འཛིན་བརྒྱུད་པའི་སྲོལ། །

ལྟ་བ་མཐའ་བྲལ་རྫོགས་པ་ཆེན་པོའི་གནད། ། འཇའ་ལུས་འཕོ་ཆེན་གྲུབ་པའི་བསྟན་པ་རྒྱལ། །

བཤད་པའི་བཀའ་བབ་ཀུན་མཁྱེན་ས་སྐྱ་བ། ། མཁྱེན་པའི་དབང་ཕྱུག་གསུང་ངག་ལམ་འབྲས་བདག །

བསྙེན་སྒྲུབ་ཆོས་སྤྱོད་ཕྱག་ལེན་གནད་དུ་ཆེ། ། འཁོན་གདུང་རིགས་རྒྱུད་དྲི་མེད་བསྟན་པ་རྒྱལ། །

བསྒྲུབ་པའི་བཀའ་བབ་དྭགས་པོ་བཀའ་བརྒྱུད་པ། ། རྟོགས་པའི་དབང་ཕྱུག་ཕྱག་རྒྱ་ཆེན་པོའི་བདག །

སྒོམ་པ་ནན་ཏན་སྒྲུབ་བརྒྱུད་བསྟན་པའི་རྒྱལ། ། རི་ཁྲོད་ཉམས་བཞེས་སྙིང་པོའི་བསྟན་པ་རྒྱལ། །

མདོ་ཡི་བཀའ་བབ་འཇམ་མགོན་དགེ་ལྡན་པ། ། སྨྲ་བའི་དབང་ཕྱུག་ལུང་རིགས་སྨྲ་བའི་གཙོ། །

སྤྱོད་པ་ཕུན་ཚོགས་བསླབ་གསུམ་རྣམ་པར་དག ། ལམ་རིམ་བསྟན་པའི་སྙིང་པོ་འཛིན་པ་རྒྱལ། །

མཁས་གྲུབ་ཁྱུང་པོའི་གདམས་ངག་ཤངས་པ་བ། ། ནི་གུ་ཆོས་དྲུག་གསེར་ཆོས་རིན་ཆེན་གཏེར། །

སྒྱུ་ལུས་རྨི་ལམ་བར་དོའི་གནད་ལ་མཁས། ། གྲུབ་པའི་གོ་འཕང་མངོན་དུ་བྱེད་པ་རྒྱལ། །

སྡུག་བསྔལ་ཞི་བྱེད་དམ་པའི་ཆོས་ཀྱི་སྲོལ། ། མ་ཅིག་ལབ་སྒྲོན་གཅོད་ཀྱི་གདམས་པ་ཟབ། །

ཕ་དམ་སངས་རྒྱས་དགོངས་པའི་མཉམ་ཉིད་དོན། ། སྙིང་རྗེ་ཕར་ཕྱིན་དོན་ལ་གནས་པ་རྒྱལ། །

དུས་ཀྱི་འཁོར་ལོ་སྦྱོར་བ་ཡན་ལག་དྲུག ། གཞན་སྟོང་དབུ་མའི་ལྟ་བ་གསལ་བར་མཛད། །

རྡོ་རྗེའི་རྣལ་འབྱོར་ཟབ་མོའི་ལམ་ལ་བརྟེན། ། དག་པའི་ཞིང་ཁམས་བགྲོད་པའི་བསྟན་པ་རྒྱལ། །

གྲུབ་ཆེན་ཨོ་རྒྱན་པ་ཡི་བསྙེན་སྒྲུབ་སྲོལ། ། རྡོ་རྗེ་གསུམ་གྱི་གནད་ལ་གོམས་པ་ཆེ། །

རྩ་རླུང་ཐིག་ལེའི་ལམ་ནས་འབྲས་བུ་སྒྲུབ། ། ཟབ་མོའི་གནད་ཀྱི་སྙིང་པོ་འཛིན་པ་རྒྱལ། །

དེ་ལྟར་རིས་མེད་བསྟན་པའི་ཤིང་རྟ་བརྒྱད། ། ཕྱོགས་ལྷུང་མེད་པར་འཛིན་སྐྱོང་སྤེལ་བ་ལས། །

གངས་ཅན་བསྟན་པ་ཡུན་དུ་གནས་པ་དང་། ། འགྲོ་ཀུན་བདེ་སྐྱིད་དཔལ་ལ་སྤྱོད་པར་ཤོག །

 

བརྒྱུད་སྐུལ།

མཆན་སྤེལ།