གསུམ་པ། མངའ་རིས་སྒར་དཔོན་དང་སྤྱི་ཁྱབ་རིམ་བྱུང་།
དང་པོ། སྒར་སྤྱི་རིམ་བྱུང་།
ཕྱི་ལོ་ ༡༦༨༡ ལོའི་ཡས་མས་ནས་མངའ་རིས་སྐོར་གསུམ་དུ་སྒར་དཔོན་གྱི་ལམ་ལུགས་གསར་དུ་བྱུང་བ་གོང་སྨོས་བཞིན་དང་། ཕྱི་ལོ་ ༡༩༥༤ ལོར་སྔར་ཡོད་སྒར་དཔོན་གྱི་གོ་མིང་སྤྱི་ཁྱབ་ཏུ་བརྗེ་བསྒྱུར་བྱས་པ་ནས་བཟུང་། སྐོར་གསུམ་གྱི་ཆོས་སྲིད་ལ་དབང་ལུང་བསྒྱུར་བའི་སྒར་དཔོན་དང་སྤྱི་ཁྱབ་ཀྱི་གོ་གནས་ལ་སྤྱོད་པའི་སྒར་རབས་བདུན་ཅུ་ལྷག་ཡོད་པར་བཤད་ཀྱང་།
དུས་ངན་གྱི་འགྱུར་འགྲོས་དང་བསྟུན་སྒར་དཔོན་རིམ་བྱུང་གི་མཚན་དང་ལོ་ཚིགས་སོགས་འཁོད་པའི་ཡིག་ཚགས་བོར་སྟོར་རྩ་བརླག་ཏུ་གྱུར་བས། སྒར་དཔོན་མི་ཉུང་བ་ཞིག་གིས་སྲིད་དབང་བསྐྱངས་པའི་ལོ་ཚིགས་ལྟ་ཅི་མཚན་ཡང་ཇི་བཞིན་རྙེད་དཀའ་བར་གྱུར། འོན་ཀྱང་། ད་ཡོད་དཔྱད་གཞིའི་ཡིག་རིགས་ཁག་ནས་བྱུང་བའི་སྒར་སྤྱི་རིམ་བྱུང་རེའུ་མིག་གི་ལམ་ནས་ངོ་སྤྲོད་ཞུས་ན།
| མཚན། | གནས་རིམ། | ལོ་ཚིགས། | ཟུར་མཆན། |
| དགའ་ལྡན་ཚེ་དབང་། | སྒར་གོང་འོག | ཁོང་ལ་སྐོར་གསུམ་གྱི་རྒྱལ་པོ་ཞེས་ཀྱང་མཚན་གསོལ། | |
| ཁང་ཆེན་པ་བསོད་ནམས་རྒྱལ་པོ། | -༡༧༢༧། | ཕྱིས་བཀའ་བློན་གནང་མྱོང་ཞིང་ང་ལུམ་སྦྱར་གྱིས་བཀྲོངས། | |
| དགའ་བཞི་བ་ཚེ་བརྟན་བཀྲིས། | -༡༧༢༧། | མེ་ལུག་དབུས་གཙང་སྡེ་གཟར་སྐབས་དམག་ཐོག་ཏུ་གྲོངས། | |
| འགྱུར་མེད་ཚེ་བརྟན། | སྒར་དཔོན། | ༡༧༤༧ -༡༧༥༡ | ཕོ་ལྷ་བའི་སྲས་རྒན་པ། རང་གཅུང་གི་བཀྲོངས། |
| སྒར་དཔོན་འབྱོར་རྒྱས། | སྒར་གོང་། | -༡༨༤༥། | སྒར་དཔོན་གྲུབ་རྗེས་གཉའ་ཤོད་ཀྱི་རྫོང་དཔོན་དུ་འཕོས། |
| སྒར་དཔོན་མཚོ་སྒོ། | སྒར་འོག | -༡༨༤༦། | དགོངས་ཞུས། |
| སྒར་དཔོན་ལྡིང་བྱ་བ། | སྒར་གོང་། | ༡༨༤༥-༡༨༤༦། | |
| སྒར་དཔོན་བསམ་གླིང་བ། | སྒར་འོག | ༡༨༤༦-༡༨༤༨། | དགོངས་ཞུས། |
| སྒར་དཔོན་སྟག་སྣ། | སྒར་གོང་། | ༡༨༤༦-༡༨༥༤། | |
| སྒར་དཔོན་སྣེ་སྟོད་པ། | སྒར་འོག | ༡༨༤༨-༡༨༥༤། | མི་དཔོན་དུ་འཕོས། |
| སྒར་དཔོན་ཉིན་མཁར་བ། | སྒར་གོང་། | ༡༨༥༡-༡༨༥༧། | དགོངས་ཞུས། |
| སྒར་དཔོན་ལྡིང་བྱ་བ། | སྒར་འོག | ༡༨༥༤-༡༨༥༨། | མི་དཔོན་དུ་འཕོས། |
| སྒར་དཔོན་སྐལ་བཟང་འཇིགས་མེད། | སྒར་གོང་། | ༡༨༥༧-༡༨༥༩། | རུ་རྫོང་སྐལ་བཟང་འཇིགས་མེད་ཀྱང་ཞུ། |
| སྒར་དཔོན་སྣོ་སྡོད་པ། | སྒར་འོག | ༡༨༥༨-༡༨༦༡། | |
| སྒར་དཔོན་རྒྱལ་རྩེ་དགའ་བོ། | སྒར་གོང་། | ༡༨༥༩-༡༨༦༤། | རྒྱལ་རྩེ་རྫོང་དཔོན་དུ་འཕོས། |
| སྒར་དཔོན་བཀྲིས་གཤོངས་པ། | སྒར་འོག | ༡༨༦༡-༡༨༦༤། | སྐྱིད་གྲོང་རྫོང་དཔོན་དུ་འཕོས། |
| སྒར་དཔོན་དགེ་ལེགས་རྣམ་རྒྱལ། | སྒར་གོང་། | ༡༨༦༤-༡༨༦༤། | རྩེ་དྲུང་དགེ་ལེགས་རྣམ་རྒྱལ་ཞེས་ཀྱང་ཞུ། |
| སྒར་དཔོན་སྙེ་ལུང་པ། | སྒར་འོག | ༡༨༦༤-༡༨༦༧། | |
| སྒར་དཔོན་སྔོ་རུང་པ། | སྒར་གོང་། | ༡༨༦༤-༡༨༦༧། | ཤེལ་དཀར་སྔོ་རུང་པ་ཞེས་ཀྱང་ཞུ། |
| སྒར་དཔོན་སྣང་དཀར་བ། | སྒར་གོང་། | ༡༨༦༧-༡༨༦༨། | |
| སྒར་དཔོན་ཁྱུང་རམ་པ། | སྒར་འོག | ༡༨༦༧-༡༨༧༠། | རྒྱལ་རྩེ་རྫོང་དཔོན་དུ་འཕོས། |
| སྒར་དཔོན་ལྡུམ་ར་ཁང་གསར་པ། | སྒར་གོང་། | ༡༨༦༨-༡༨༧༢། | སྒར་དཔོན་ནང་བཞིན་པའི་སྐབས་སྐུ་ཚེ་འདས། |
| སྒར་དཔོན་ཚ་རྟི་བདེ་ཆེན། | སྒར་འོག | ༡༨༧༠- | |
| སྒར་དཔོན་བཀྲས་གཤོངས་པ། | སྒར་གོང་། | ༡༨༧༢-༡༨༧༨། | |
| སྒར་དཔོན་བཀྲས་མཐོང་པ། | སྒར་འོག | -༡༨༧༩། | གཞིས་རྩེ་བཀྲས་མཐོང་པ་ཞེས་ཀྱང་འབོད། |
| སྒར་དཔོན་ཐང་སྨད་པ། | སྒར་གོང་། | ༡༨༧༨-༡༨༨༣། | ལས་གནས་ནས་གནས་དབྱུང་བཏང་། |
| སྒར་དཔོན་བསམ་གྲུབ་གླིང་པ། | སྒར་འོག | ༡༨༧༩-༡༨༨༣། | ལས་གནས་ནས་གནས་དབྱུང་བཏང་། |
| སྒར་དཔོན་གཡུ་ཐོག་སྲས། | སྒར་གོང་། | ༡༨༨༣-༡༨༩༡། | གཙང་མདའ་དཔོན་དུ་བསྐོས། |
| སྒར་དཔོན་ཁེ་སྨད་པ། | སྒར་འོག | ༡༨༨༣-༡༨༩༣། | བཀའ་བློན་དུ་འཕོས། |
| སྒར་དཔོན་བླ་མ་བྱ་རིགས་པ། | སྒར་གོང་། | ༡༨༩༡-༡༨༩༧། | སྐྱིད་གྲོང་རྫོང་དཔོན་དུ་འཕོས། |
| སྒར་དཔོན་ལྷ་གཉེར་སྐྱིད་སྟོད་པ། | སྒར་འོག | ༡༨༩༢-༡༩༠༠། | གཙང་མདའ་དཔོན་དུ་འཕོས། |
| སྒར་དཔོན་ལྷ་གཉེར་ཕུན་ཁང་གུང་། | སྒར་གོང་། | ༡༨༩༧-༡༩༠༠། | གཙང་མདའ་དཔོན་དུ་འཕོས། |
| སྒར་དཔོན་ལྕགས་སྦྲག་པ། | སྒར་གོང་། | ༡༩༠༠-༡༩༠༤། | ལྷ་གཉེར་དུ་འཕོས། |
| སྒར་དཔོན་སྙན་གྲོང་པ། | སྒར་འོག | ༡༩༠༠-༡༩༠༦། | དགོངས་ཞུས། |
| སྒར་དཔོན་གནས་གསར་བ། | སྒར་གོང་། | ༡༩༠༤- | |
| སྒར་དཔོན་སྨན་སྟོད་པ། | སྒར་འོག | ༡༩༠༦- | |
| སྒར་དཔོན་སྣང་དཀར་བ། | སྒར་གོང་། | – | |
| སྒར་དཔོན་མཁར་རྒྱ། | སྒར་འོག | – | |
| སྒར་དཔོན་རག་རྩིས་པ། | སྒར་གོང་། | -༡༩༢༦། | |
| སྒར་དཔོན་སྨོན་འཚོ། | སྒར་འོག | ༡༩༡༨-༡༩༢༨། | |
| སྒར་དཔོན་གནང་བྱུང་པ། | སྒར་གོང་། | ༡༩༢༨-༡༩༣༣། | བཀའ་བློན་དུ་གནས་སྤར་བྱུང་། |
| སྒར་དཔོན་ཆུ་ལུ་བ། | སྒར་འོག | ༡༩༢༨-༡༩༣༡། | |
| མཉའ་ཤོད་འཇུན་པ། | སྒར་འོག | ༡༩༣༡-༡༩༣༦། | སྣེ་གདོང་རྫོང་དཔོན་དུ་འཕོས། |
| སྒར་དཔོན་ལྕང་ཅན་སྲས། | སྒར་གོང་། | ༡༩༣༣-༡༩༣༥། | གནས་དབྱུང་བཏང་། |
| སྒར་དཔོན་སྡིང་ཡོན། | སྒར་གོང་། | ༡༩༣༥-༡༩༤༠། | |
| སྒར་དཔོན་ས་འོག་སྐྱིད་སྨད། | སྒར་འོག | ༡༩༣༦-༡༩༤༠། | རིམ་བཞིར་སྤར། |
| སྒར་དཔོན་བཀའ་ཤོད་ངོ་ཚབ། | སྒར་གོང་། | ༡༩༤༠-༡༩༤༣། | དགོངས་ཞུས། |
| སྒར་དཔོན་སྔོ་ལུང་པ་རྡོ་རྗེ་རྣམ་རྒྱལ། | སྒར་འོག | ༡༩༤༠-༡༩༤༩། | སྤུ་ཧྲེང་རྫོང་དཔོན་དུ་བསྐོས། |
| སྒར་དཔོན་སྦྲུམ་པ་སྲས། | སྒར་གོང་། | ༡༩༤༧-༡༩༥༡། | |
| སྒར་དཔོན་རྨར་ལམ་པ། | སྒར་འོག | ༡༩༤༩-༡༩༥༤། | |
| སྒར་དཔོན་ཁྲི་སྨོན་སྲས། | སྒར་གོང་། | ༡༩༥༡-༡༩༥༤། |
གཉིས་པ། མངའ་རིས་སྤྱི་ཁྱབ་རིམ་བྱུང་།
| མཚན། | གནས་རིམ། | ལོ་ཚིགས། | ཟུར་མཆན། |
| སྤྱི་ཁྱབ་བློ་བཟང་ཚེ་དབང་། | སྒར་གོང་། | ༡༩༥༤-༡༩༥༨། | བསེ་ནང་པ་བློ་བཟང་ཚེ་དབང་ཞེས་ཀྱང་ཞུ། |
| སྤྱི་ཁྱབ་ཚེ་བརྟན་དོན་གྲུབ། | སྒར་འོག | ༡༩༥༤-༡༩༥༨། | སྐྱར་སྲིབ་པ་ཚེ་བརྟན་དོན་གྲུབ་ཅེས་ཀྱང་ཞུ། |
| སྤྱི་ཁྱབ་ཐུབ་བསྟན་མཁྱེན་རབ། | སྒར་གོང་། | ༡༩༥༨-༡༩༥༩། | ཞོལ་པར་ཁང་མཁན་ཆུང་ཐུབ་བསྟན་མཁྱེན་རབ་ཅེས་ཀྱང་ཞུ། |
| སྤྱི་ཁྱབ་པདྨ་རྡོ་རྗེ། | སྒར་འོག | ༡༩༥༨-༡༩༥༩། | རྒྱལ་རྩེ་གླང་མཐོང་པདྨ་རྡོ་རྗེ་ཞེས་ཀྱང་ཞུ། |
དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།