ལྷ་ས་ཁུལ་གྱི་ཁ་སྐད།
ལ་མོ་བཀྲ་ཚེ།
འཚོ་བའི་ཁྲོད་ཉམས་དང་ཉམས་བཞིན་པའི་ལྷ་སའི་ཁ་སྐད་ཁག་ཅིག་འདིར་དྲན་གསོས་ཚུལ་དུ་བཀོད་ཡོད་པས་དོ་སྣང་ཡོང་བའི་རེ་བ་དང་ཆབས་ཅིག་དོན་དང་དག་ཆར་ནོར་འཛོལ་ཡོད་ཚེ་དགོངས་འཆར་ལྷུག་སྩོལ་ཡོད་པ་ཞུ།
ལན་པར། 牌子, ༼ཚོང་རྟགས།༽
ཐ་མག་རྔ་མོང་ལན་པར། རྐང་གྷ་རིལ་རྨ་བྱ་ལན་པར། འབྱོར་ལྡན་(乔丹)ལན་པར་གྱི་གྱོན་ཆས། སྣད་ཁེ་ལན་པར་གྱི་གྱོན་ཆས།
ཨ་ཏི་ཏའ་སི་ལན་པར་གྱི་གྱོན་ཆས།
སྦུག་སུད། ༼ཁོག་པ་རྒྱོང་བ། ངན་ལབ་རྒྱག་པ།༽ 唆使,刁唆。ཞེ་སྡང་དང་ཕྲག་དོག་གིས་མི་བཟོད་པར་གཞན་ལ་དམའ་འབེབ་ཆེད་སྦུག་སུད་རྒྱག་འདོད་གི་བློ་སྐྱེས་པ།
ང་ཚོ་ད་ལྟ་འཆམ་ཐག་ཆོད་ཡིན།རང་གིས་སྦུག་སུད་བརྒྱབ་སྟེ་ཡིན་པ་དེ་མིན་པ་མ་བཟོ་རོགས།
གཡོ་ཟོལ། ༼མ་སྒྱིད་པའི་རྣམ་པ།༽ 偷懒。
མི་ཁག་ཅིག་ལྟོ་གཏོང་དུས་ཁྲིག་ཁྲིག་ལ་ཡོང་གི་རེད། ཡིན་ནའི་ལས་ཀ་བྱེད་དུས་རྦད་དེ་གཡོ་ཟོལ་རེད། མི་དགོས་པའི་གཅིན་པ་གཏོང་ལ་མང་བ་ཅི་འགྲོ་གི་རེད།
རྒོད་པོ། ༡ . ༼བྱ་རྒྱལ་རྒོད་པོ།༽ རྒོད་པོས་ལྡིང་སྐོར་བརྒྱབ།
༢ . ༼ལས་ཀ་འཇོན་པོ་དང་ཧུར་པོ།༽ 能干,
ལས་ཀ་རྒོད་པོ། མི་དེ་ལས་ཀ་རྒོད་པ་ལ་ཤོད་དགོས་ཡས་མེད།
རང་གཞན་མེད་པར་སུའི་ལས་ཀར་ཡོང་ནའི་རྒོད་ཐག་ཆོད་རེད།
རྒྱག་རེས་རྒོད་པོ།
༣. ༼མི་དྲན་མི་དགུ་དྲན་ཚ་པོ།༽ 心思敏捷灵活,དྲན་རྒྱུ་རྒོད་པོ།
ལག་ཀོ། ༼ཚེར་མ་བརྔ་བྱེད་ཀོ་བས་བཟོས་པའི་ལག་ཤུབས།༽
མི་ལག་པ་འཁོབ་ཏོ་དེ་རིགས་ལ་དཔེ་སྦྱར་ཏེ་ཤོད་ཀྱི་ཡོད། དཔེར་ན། ད་དུང་ཚར་རྒྱུ་མེད་པ་དེ་འདྲ་རང་ལག་ཀོ་གོན་ཡོད་པས།
ཨུ་ལུག་རྐུབ་ལུག ༼ཟས་ཧ་ཅང་རྒྱགས་དྲགས་པའི་རྣམ་པ།༽ སྦྱིན་བདག་གིས་ཨུ་ཚུགས་བྱས་ན། མིན་ད་ཡིན་ན་ཟ་ས་ཙང་ནས་མེད། ཨུ་ལུག་རྐུབ་ལུག་ཆགས་སོང་།
མག་༼དམར༽རྟགས། ༼ཧམ་པ་ཚ་པོའམ་མ་རུང་བ། དམར་ཤེད་ཚ་པོ།༽
རང་ལ་དགོས་པ་དེ་ལེན་མག་རྟགས་མ་བྱེད།
ལག་པ་ཤོགས་པོ། ༼ལག་པ་ལྷུག་པོའམ་སེར་སྣ་མེད་པར་གཏོང་ཕོད་པ།༽慷慨,好施。
ལག་པ་ཤོགས་པ་ལ་ག་རེ་ཉོས་ནའི་ཁོ་རང་གིས་དངུལ་སྤྲོད་རྐྱང་རེད།
ཆར་རྡུང་། ༼ལུས་ལ་ཆར་པ་ཕོག་པ།༽ 遭受雨淋,དེ་རིང་ལམ་བར་ལ་ཆར་རྡུང་ཕོག་བྱུང་།
ན་ཏིག་པོ། ༼ཚ་གེ་ཚིག་གེ་མེད་པར་དོ་དོ་ནན་ནན་བྱེད་མཁན་གྱི་མི།༽ ཁོང་གིས་ང་ན་ཏིག་པོ་ཞིག་འདུག་གསུངས་ཀྱིས།
མི་ན་ཏིག་པོ།
ཏན་ཏན་ཏིག་ཏིག ༼ལས་ཀ་གང་བྱས་ཀྱང་ཟབ་ཟབ་བྱེད་པ།༽ ད་རེས་གནས་ཚུལ་དེར་ཏན་ཏན་ཏིག་ཏིག་བྱས་ན་མ་གཏོགས་གཞན་གྱི་མགོ་བསྐོར་འོག་ཚུད་ཡོང་།
རྫབ་ཆེན། ༼ཡ་མེད་ཚ་པོའམ་ཉེས་པའི་ལས་ལ་མི་འཇིགས་པ།༽ 荒唐,荒谬,乖张,
རྐུན་མ་རྫབ་ཆེན། 惯盗恶贼。
འུ་ཟུག ༼སྐྱོ་བའི་རྣམ་པ།༽ འུ་ཟུག་མ་སྡོད། སྦི་ལ་སིལ་ཙམ་བྱེད་དང་། ”
ས་རུབ་སྦི་སིལ། ནམ་ལངས་འུ་ཟུག
སྲང་ལམ་སྐད་དཀར་ར། དོ་རྭའི་འུ་ཟུག་པ། ༼དགོས་དུས་མེད་ཅིང་། མི་དགོས་དུས་ངས་འཇོན་གྱི་ཡོད་མདོག་བྱེད་མཁན།༽
ལག་པ་ཡང་མོ། ༼ལག་པ་བདེ་པོ།༽ མི་དེ་ལག་པ་ཡང་བ་ལ་སྐད་ཆ་བཤད་མ་བཤད་ནས་གང་ཐེབས་གཞུ་རྐྱང་རེད།
སྦི་གསང་། རྫི་གསང་། ༼མངོན་ཆུང་གི་ངང་ནས་གནས་ཚུལ་བལྟ་རྟོག་བྱེད་པ། ཨམ་ཅོག་གསང་པོ་བྱེད་པ།༽ 机灵,机警,嗅觉灵敏。
སྦི་གསང་དོད་པོ་བྱས་ན་གནས་ཚུལ་ཤེས་རྟོགས་ཡོང་གི་རེད།
མི་ཁྱོད་རྫི་གསང་བ་ལ་ཁྱི་ནང་བཞིན་རེད་འདུག
སྦི་སྡི། ༼བོད་མདའི་མེ་ལེན་གྱི་སྐུད་རྫས་ཤིག༽导火线,鸟抢火绳。
སྐད་ཆའི་ནང་དཔེ་སྦྱར་ན་རང་གིས་དཀའ་ལས་བརྒྱབ་རྗེས་འབྲས་བུ་གཞན་གྱིས་ལོངས་སུ་སྤྱོད་པ་ལ།
རྫས་རྫོངས་ངས་བརྒྱབ། སྦི་སྡི་གཞན་གྱིས་སྤར།
ཡང་ན་གཤེ་གཤེ་བཟེད་དུས་རྐྱེན་སློང་མཁན་ལའང་སྦྱར་སྲོལ་ཡོད། དཔེར་ན། ད་རེས་ང་ཚོ་དོན་མེད་གཤེ་གཤེ་བཟེད་ཡས། སྦི་སྡི་སྤར་མཁན་ལྟས་ངན་ཁོ་རེད།
རྒྱག་རེས་སློང་མཁན་ལ། སྦི་སྡི་མ་སྤར་ཨ་ཟེར་སྲོལ་ཡོད།
ནར་གཏོང་། ༼ཐེ་ཚོམ་མེད་པའམ་གཏོང་ཤག་ཤག༽ 无疑,
བོད་སྐད་ལྟད་མོ་༼ཅིས་ཀུང་༽ཟམ་རིན་བསྡུ་བའི་ལེའུའི་ནང་། མཆོད་སེམས་ཆེ་བའི་དད་ལྡན་མང་ཚོགས་ཚོ། བྱམས་ཚང་དགོན་པར་ཕྱག་མཆོད་འབུལ་གནང་མཁན་ཟམ་པ་འདི་ནས་ཐད་རྐྱང་གནང་རོགས། ཟམ་རིན་ག་ཚོད་ཐོབ་གི་ཡོད་ནའི། གྲྭ་པ་ང་རས་ནར་གཏོང་ཞུ་གི་ཡིན།
དེ་རིང་ཞལ་ལག་མཆོད་པར་སུ་ཕེབས་པ་ཡིན་ནའི་ང་རས་ནར་གཏོང་ཞུ་གི་ཡིན།
ཕྲུ་སློག་པ་ཡང་ན་ཕྲུ་ལོག་པ། ༼ཟིང་རྒྱག་པ་དང་དོན་མཚུངས།༽搞乱,མི་དེས་ལས་ཀའི་འཆར་གཞི་ཕྲུ་སློག་སོང་། འཆར་གཞི་རྦད་དེ་ཕྲུ་ལོག་སོང་།
1.ས་ཞིང་རྨོ་བའི་དོན་ཏེ། (དཔེར་ན།) དཔྱིད་ཀ་ཕྲུ་སློག་སོན་འདེབས་དང༌། སྟོན་ཁ་བཙས་མ་རྔ་བ། ཞིང་པས་ཕྲུ་སློག་ཅིང་འདུག་ཅེས་པ་ལྟ་བུ། 2.ས་ཞིང་གསར་དུ་སློག་པ།
ཚང་ལ་ཚང་འཁོར། ༼འཁོར་ལ་འཁོར་བཅས།༽
ལས་ཁུངས་དེའི་ནང་སྒང་མ་འོག་མ་དང་སྤུན་མཆེད་གང་ལྟར་ཚང་ལ་ཚང་འཁོར་རེད།
སྦ་ལེན། 承包 ༼ལས་ཚང་མ་ཁས་ལེན་པ་འགན་ལེན།༽
ད་ཡིན་ན་ལས་ཀ་མང་པོ་འདི་འདྲ་རང་གཅིག་པུས་སྦ་ལེན་པ་ཡིན་ནམ།
ནམ་རྒྱུན་ལས་ཀར་མི་མང་ཐག་ཆོད་རེད། དེ་རིང་ང་གཅིག་པུས་སྦ་ལེན་འདུག
ཐོད་རྒལ། 超级
གནས་རིམ་པ་ལས་བརྒལ་ནས་ཡར་འཕར་བའི་ལས་དོན་གྱི་མིང་སྟེ། (དཔེར་ན།) དམག་པོན་ཐོད་རྒལ་བ། གོ་གནས་ཐོད་རྒལ་བྱས་ལྟ་བུ།
རྩེར་སོན། 顶级 རྒྱལ་རབས་ལོ་རྒྱུས་ཐོག་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སྐབས་ནི་བོད་ཀྱི་སྲིད་འབྱོར་རིག་གསུམ་རྩེར་སོན་པ་རེད།
འཇུ་བསོད། ཨ་བསོད། 福气 ,福份༼འཇུ་བའི་བསོད་ནམས།༽
འཇུ་བསོད་འཕེལ། མི་འདི་ལ་ཨ་བསོད་འདུག་ཀ
མགོ་སློག་རྩེད། 惹祸 ༼རྙོག་དྲ་བཟོས་པ།༽ ཕྲུ་གུ་འཚུབ་ཏེར་དེས་སློབ་གྲྭའི་ནང་རྦད་དེ་མགོ་སློག་རྩེད་ཤག
ཁ་ཟུར། 临时 ༼གནས་སྐབས་ཙམ།༽
ཤོ་བཤད་ནང་། ཁ་ཟུར་བཞུ་མར་བཞུ་རྫས། ཊམ་ཀ་བརྒྱ་ལས་ལྷག་ཀ
ཁ་ཟུར་ཨ་མས་འགྲིག་ཀ ཕུགས་ལ་མནའ་མ་ལེན་ཆོག ༼མནའ་མའི་ཨ་མ་ལྟ་བུ།༽
ཆར་མིག་འཐིབ། ༼མཚན་མོ་དྲག་ཆར་འབབ་ཁར་ལམ་མི་གསལ་བ། ལེགས་ཉེས་མི་དཔྱོད་མཁན་གྱི་མི་དེ་རིགས་ལ་དཔེ་སྦྱར་བ།༽ དཔེར་ན། དགའ་རོགས་འགྲིག་སྐབས་དགའ་རོགས་མདོག་ཉེས་ཤིག་གམ་གཤིས་ཀ་ངན་པ་དེ་འདྲ་ནང་དུ་འཁྲིད་ན། ཕ་མ་སོགས་ཀྱིས་རང་གི་ཕྲུ་གུར། རང་ཆར་མིག་འཐིབ་སོང་ངམ། ལུང་པར་མོ་ཟད་ཐེབས་ཏེ་བུ་མོ་དེ་ལས་དྲགས་ཀ་མི་འདུག་གམ། ཞེས་གཤེ་གཤེ་གཏོང་སྲོལ་ཡོད།
ཁ་བཟོ་འཕེར་པོ། ༼ཁ་བདེ་ལ་གཏམ་ཤོད་མཁས་པ། ༽ 善于措词,能说会到。༼ནུབ་ཕྱོགས་སུ་བསྐྱོད་པའི་རྣམ་ཐར་༽ནང་སྤྲེའུ་དེ་སྤྱང་པོ་དང་གྲུང་པོ། ཁ་བཟོ་འཕེར་པོ་ཞིག་ཡོད། ཅེས་པ་ཅད་ཀྱིས་ངོ་བསྟོད་བྱེད།
ཁ་གསལ་གཏིང་གསལ། ༼སེམས་ལ་གང་ཡོད་ཤོད་མཁན༽ 直言无隐,
ང་ནི་རྒྱབ་མདུན་མེད། ལས་ཀ་ག་རེ་བྱས་ནའི་ཁ་གསལ་གཏིང་གསལ་ཡིན།
གཏིང་ནད། ༼འཁོན་འཛིན།༽ 深仇大恨,
སུ་དང་སུ་ཡིན་རུང་གནས་ཚུལ་ཆུང་ཙག་གིས་ཞེ་འགྲས་འཁོན་འགྲས་ཀྱིས་གཏིང་ནད་བྱ་མི་ཉན།
སྦོ་ལུག ༼རྩིག་པའི་སྦོ་ལུག་པའམ་སྐད་ཆ་སོགས་རྫུན་རྐུབ་བརྡོལ་བ། ཡང་ན་མི་ཞིག་སྐལ་པ་བཟང་པོ་ནས་ཐབས་སྐྱོ་བོ་ཆགས་པ།༽ དཔེར་ན། ད་གིན་གཏན་གཏན་ཏིག་ཏིག་བྱས་ཏེ་ཚང་མས་ཁ་གཅིག་གྲགས་ཀྱིས་ཁས་ལེན་མི་བྱེད་རྒྱུའི་ཁ་ཆད་བྱས་ཚར་བ་རེད། ཡིན་ནའི་ཁོ་མགོ་སླ་པོ་དེས་སྔོན་ལ་ཁས་ལེན་ཙང་ད་རྦད་དེ་སྦོ་ལུག་སོང་།
སྔོན་མ་ཁོ་དངོས་གནས་ཕ་མ་ཡོད་དུས་སྐྱིད་ཤར་རེད། ད་ཆ་ཕ་མ་གཉིས་ཀྱང་མེད་ལ་ལྟོ་གོས་མཇིང་པར་འཁྲིལ་དུས་སྔོན་གྱི་ཉམས་ཤོར་ཏེ་སྦོ་རྦད་དེ་ལུག་འདུག
ལག་འཕོས། ༼གཞན་གྱིས་རོགས་བྱས་པ་ལ་ལན་སློག་པ།༽ བྱས་པའི་བྱས་ལན་མ་སློག་ན། བྱེད་མཁན་ཉུང་རུ་ཉུང་རུ། གང་ལྟར་མི་ལ་ལག་འཕོས་འགྲོ་དགོས་ངེས་རེད།
ཤར་རེ་ཤར་རེར་རྒྱུགས། ༼མགྱོགས་པོ་རྒྱུགས་ཞེས་པའི་དོན།༽ ལམ་ཁ་ལ་མགོ་གཡེང་མ་བསྡད་པར་སློབ་གྲྭར་ཤར་རེ་ཤར་རེར་རྒྱུགས་ཨ།
སྤམ་པོ། ༼འབྲིང་ཙམ་མམ་ཚོད་བཟུང་པོ།༽ 老实 ,མི་དེ་སྤམ་པོ་ཞིག་འདུག ཚོད་བཟུང་ནས་ལས་ཀ་གང་བྱས་ཀྱང་སྤམ་པོ་ཞིག་ལ་ཞོག
ཡ་རེད་མ་རེད་མེད་པར་སྤམ་པོའི་ངང་བསྡད་ན་ཡག་ཤོས་རེད།
འོད་པ། ༼ཆུ་ལོག་གི་མིང་།༽ 洪水,山洪。དྲག་ཆར་བབས་རྗེས་འོད་པ་ཆེན་པོ་ཞིག་རྒྱུགས་ཏེ་ལུང་ཤུར་ཆུས་ཁྱེར།
ཨ་ཅང་ཅང་། ༼སྨོས་མི་དགོས༽ ལས་ངན་དེ་འདྲ་བྱས་ན་སོ་སོ་རང་ཉིད་ལ་མིང་ཆད་ངན་པ་ཕོག་རྒྱུ་ཨ་ཅང་ཅང་། ཕ་མ་སྤུན་མཆེད་ལའང་གཉའ་དམའ་པོ་ཡོང་རྒྱུ་རེད།
འཁོས་དཔག ༼རང་གི་འཇོན་དཔག་ཚོད།༽量力,斟酌能力。སོ་སོའི་འཁོས་དཔག་གིས་ལས་འགན་འཁུར་རྒྱུ། 斟酌个人能力,担负工作任务。
དཔའ་སྐྱེད་ཚ་པོ། ༼འཕེར་ཤ་ཚ་པོའམ་འཇོན་མདོག་གི་ཚུལ།༽ 冒充行家,假装精灵。ཅང་མ་ཤེས་པར་མིའི་མདུན་ལ་དཔའ་སྐྱེད་ཚ་པོ་མ་བྱེད། སུས་བལྟས་ནའི་ལན་པོ་ཡོད་མ་རེད།
ཕྲུ་མདའ། འཕང་ཏོ། ༼སྤེན་པད་ལས་བཟོས་པའི་ལྟོ་སྣོད་འཁྲུ་ཆས་ཤིག༽ 刷子,
གཡོལ་བ། སྐྱོག་པ། ༼གཡས་གཡོན་དུ་བསྐྱོགས་པ།༽ 让路,躲开,逃避。ཚ་གཡོལ། ལས་གཡོལ། གཡོལ་ཐབས་མེད་པ། 无法逃避, དཀའ་གཡོལ་སླ་འཚང་། 避难就易,
ལམ་བཀག་ནས་གཡོལ་ཙམ་ཡང་བྱེད་ཀྱི་མི་འདུག
ཁོང་མགོ་སྐྱོག་ཙམ་གནང་དང་ང་ལྟད་མོ་སྒྲིབ་འདུག
མི་བབ་སྤྱན་ཞུ། 面试
སྔོན་ཚུད། 提前 སྔོན་ཚུད་ནས་ལས་ཀ་གྲ་སྒྲིག་བྱེད་དགོས།
དབྱིངས། ༡. དབྱིངས་ཚ་བོ། 个性, སྟོད་གོས་ཀྱི་བཟོ་ལྟ་གཞན་དང་བསྡུར་ན་དབྱིངས་ཚ་བོ་འདུག 衣服比起其他款式很有个性。
༢. ནམ་མཁའི་དབྱིངས། ༣. དབྱིངས་ཚུད་པའམ་དབྱིངས་ཞུགས་པ། ཐ་མག་དང་ཆང་རག་ལ་དབྱིངས་ཚུད་པ་སོགས་རྒྱ་སྐད་ཀྱི་ཟུར་ཆགས་པ་སྟེ་དོན་ནི་ཧ་ཅང་དགའ་པོའམ་ལང་ཤོར་བ།
上瘾,此系汉语借词音变,意为十分爱好或具某种习惯性。
སྦག་གཞོང་། 三轮摩托车
ཅ་ཟིང་པོ། 麻烦,དོན་དེས་ཁྱེད་རང་ལ་ཅ་ཟིང་པོ་བཟོས་སོང་།
ཅ་མ་ཟིང་། 讨厌 。 དོན་མེད་རྣ་ལྕོག་སུན་པོ་དེ་འདྲ་ཡང་ཡང་ཅ་མ་ཟིང་། 喋喋不休,无端聒耳,实在讨厌。
འབམ་ཚོང་། (强销)དངོས་པོ་ངན་ངོན་ལ་རིན་ཐང་ཆེན་པོ་བརྒྱབ་སྟེ་མི་འདོད་བཞིན་དུ་བཙན་ཤེད་ཀྱིས་ཉོ་རུ་འཇུག་པ། 以高价强销劣质商品。
འབམ་ཚོང་སྤུས་སྒྱུར། སྔརམངའ་བདག་ཚོས་བཙན་ཤེད་ཀྱིས་མི་དམངས་ཚོར་ཚོང་ཟོག་གམ། དངུལ་བཀྲམ་ནས་ཁེ་བཟང་ཆེན་པོ་ཟ་བའི་བཤུ་གཞོག་བྱེད་ཐབས་ཤིག
ཕམ་ཚོང་། (处理)ཚོང་ཟོག་ལྷག་མ་རྣམས་ཕམ་ཚོང་སྐུལ་བ་ཡིན།
ཁ་རྒྱུན་དུ་ཚོང་གཞུག་ལྷགས་པར་སྐུར་ཡང་ཟེར།
འབར་གཏག གཤེ་གཤེ་དམ་རྫིག་རྫིག (责骂,责备)རང་སྣང་གང་ཤར་གྱིས་གཞན་ལ་འབར་གཏག་བཏང་བ། (肆意责骂)
པར་སློག(复印)
ཅ་དག་གཅུ་རིལ། ༼ ཅ་ག་བྱས་པའམ་ཞིབ་ཚགས། ཡང་ན་བསེ་རག ༽ བཅོལ་བའི་དངོས་པོ་ཅ་དག་གཅུ་རིལ་གྱིས་ཉར་ཚགས་གནང་བ། ལས་ཀ་ཅ་དག་གཅུ་རིལ།
མི་ཅ་དག་གཅུ་རིལ།
ཅི་སི་པི་སི། ༼དོ་ནན་མ་བྱས་པ་ལྟ་བུ།༽ དེ་རིང་ཅི་སི་པི་སི་བྱས་ནས་དོན་དག་ཅང་སྒྲུབ་ཐུབ་མ་སོང་།
ཕྲ་ལ་ཕྲན་བུ། ༼ཆུང་ཙག༽
རང་ལ་གྲུབ་འབྲས་ཕྲ་ལ་ཕྲན་བུ་ཐོབ་པ་ཙམ་གྱིས་བློ་ཡིད་ཁེངས་མི་རུང་།
ཡུལ་པོ། ༼ཉོབ་པོའམ་ཁེར་རྐྱང་། སེམས་སྟོང་ལྷང་ལྷང་།༽ 空虚,空洞洞的,不惯。རང་གཅིག་པུ་རྒྱུས་མེད་ལུང་པར་ཡུལ་པོ་ཡོང་།
སྣང་འཇོག (关注)
སྤྲོ་ཞག་ཉམས་པ། ༼སྔར་དོན་དང་ལྡན་པ་ད་ཆ་ཆོ་མེད་དུ་འགྱུར་བ་ལྟ་བུ། ༽ དགོས་པའི་ཡ་རབས་ཀྱི་གྱོན་ཆས་མ་གོན། མི་དགོས་པའི་ཆས་ཡ་མ་གཟུགས་དེ་འདྲ་སྤྲས་ན་སྤྲོ་ཞག་མི་འདུག
ཡག་ཐོག་ཡག་བརྩེགས། (良心循环)
བལྟ་ལ་ཡ་འཛེམས། ༼ཕམ་མ་ཁུར་བའི་དོན། ༽ མི་དེའི་བྱེད་སྟངས་ངན་པོ་དེ་འདྲར་བལྟས་ན་ད་ནི་བལྟ་ལ་ཡ་འཛེམས་བྱེད་ཡས་མི་འདུག
ཐེབས་བཅག ༼མངགས་པའི་ལས་མ་སྒྲུབ་པའམ་མ་ལྕོགས་པ། ལག་ཐོགས་པོ་བཟོས་པ།༽ 临时变卦,弃信。བློ་མེ་འདྲ་བ་བཀལ་ནས། ཐེབས་ཆུ་འདྲ་བ་བཅག་བྱུང་། 相望热似火,弃信冷于水。
སྐྱིད་མིན་སྡུག་ཟད། སྐྱིད་མིན་སྡུག་ཟད་མི་ཚེ།
འདོད་ནས་སྐྱེལ་བ་མིན་དའི། སྔོན་བསགས་ལས་ངན་དབང་གིས། བསྐོས་ནས་སྐྱེལ་དགོས་འཁེལ་སོང་།
ངོ་མ་གཅོག། ༼གཞན་གྱི་ངོ་ལ་མ་བསྟུན་ཀ་མེད་བྱུང་བ། ༽ གྲོགས་པོས་མངགས་པའི་དོན་དེ་སྒྲུབ་ཁག་ཀྱང་ངོ་མ་གཅོག་པར་ཁས་མ་ལེན་ཀ་མེད་བྱུང་།
མི་ལྕོགས། ༼མི་ཁོམས་པ། ༽不空。 བསམ་ཚོད་ཀྱི་བྱ་བ་ནུས་སྟོབས་ཀྱིས་མི་ལྕོགས་པ། 力不从心。
ལས་ཀ་མང་པོ་འདོམས་ནས་མི་ལྕོགས་པ།
ཐ་ཉེས། ༼འཕྲོ་བརླག་བཏང་བ།༽ ཉམ་ཐག་པའི་བུ་མོ་དེ་སྡོད་སྡོད་ལྷོད་ལྷོད་མེད་པར་ཁྱིམ་ཚང་དེའི་གཡོག་མོ་ལྟ་བུར་གྱུར་ཏེ་མི་ཚེ་ཐ་ཉེས་བཏང་སོང་།
རྫིག་སྐྲག. ༿ཕྱིའི་རྣམ་འགྱུར་དྲག་པོ།༾ ༼霸气༽ཕྱི་རྫིག་སྐྲག་ཚ་ཡང་ནང་བློ་ཁོག་མེད།
ནང་རུལ་བ། ༿གསང་བ་ཕྱི་ལ་གྱར་མཁན་ནམ་མགོ་གཉིས་མ།༾ རང་ཡང་སྙིང་སུའི་ཕྱོགས་རེད། ཡིན་ཙམ་མིན་ཙམ་དེ་འདྲ་ནང་རུལ་བའི་བཟོ་ལྟ་མ་སྟོན།
འཇལ་ལེ་འཇོལ་ལེ། འཇལ་འཇོལ། ༿གོས་སོགས་འཛར་བའམ་ཟི་ལིང་དགུ་ལིང་གོན་པ།༾ གོས་འཇལ་ལེ་འཇོལ་ལེ་དེ་འདྲ་བདེ་པོ་འདུག་གམ།
པད་ཅལ་ལངས། ༿དང་དོད་དང་དོན་གཅིག༾ ང་པད་ཅལ་ལངས་ནས་ལས་ཀ་དེ་བྱས་མེད།
འཕར་རི་འཕུར་རི། ༿བརྙས་བཅོས་ཀྱིས་བསུན་དུ་འཇུག་པ།༾ འཕར་རི་འཕུར་རི་ཞེ་དྲག་མ་གཏོང་དང་ང་བསུན་གྱིས།
ཟོན་བྱེད། (小心) ༿དོགས་ཟོན་བྱེད་པ།༾ ལས་ཀ་བྱེད་དུས་རྐང་ལག་སོགས་ལ་ཟོན་བྱེད།
རང་ཚོད། ༿རང་གི་བབས་ཚད།༾ རང་ཚོད་ཟིན་ན་མཁས་པ་ཡིན། རང་ཚོད་མ་ཟིན་ན་སྡུག་ཉོས་ཡོང་།
འཐུང་ཤེད། ༿ཇ་ཆང་འཐུང་བའི་ཚད།༾ ཆང་འཐུང་ཤེད། (酒量)
ཨ་རག་འཐུང་ཤེད་ཆེ་ན་གཟུགས་པོར་གནོད།
ཆབ་བེ་ཆོབ་བེ། ༿བཟང་ངན་དབྱེ་འབྱེད་མེད་པར་རིགས་མི་མཐུན་པ་སྣ་ཚོགས་མཉམ་དུ་བསྲེས་པ། གང་བྱུང་མང་བྱུང་།༾ གོས་ཆབ་བེ་ཆོབ་བེ་ཚང་མ་མཉམ་དུ་བཀྲུས་འདུག
སྐད་ཆ་ཆབ་བེ་ཆོབ་བེ་ལུང་པ་གང་བཤད་དེ་མགོ་འཁོར་སོང་།
ར་ལང་ཆ་ལང་། ༿མགོ་མཇུག་གམ་སྒྲིག་ཁྲིམས་མེད་པ།༾ ཚུལ་མིན་ར་ལང་ཆ་ལང་། མཆོད་མཇལ་འགྲོ་དུས་བང་འགྲིག་དགོས་པ་ལས་ར་ལང་ཆ་ཆ་ལང་མ་བྱེད། མི་སེམས་སྐྲག་ན་ཆོས་ལ་མི་འགྲོ།
གཞུང་བཞེས་བཏང་། (没收)༿སྒྲིག་ཁྲིམས་ལས་འགལ་ཏེ་ཆད་པ་སྤྱད་པ།༾ གྲོང་ཁྱེར་དོ་དམ་མི་སྣས་ངའི་ཚོང་ཟོག་ཚང་མ་གཞུང་བཞེས་བཏང་སོང་།
ཁ་འཐོར་དགུ་འཐོར། ༿ལྷུའམ་སྡེ་ཚན། ཁྱུ་གྲངས་སོགས་གྱར་ཚབས་ཆེ་བ།༾ ཕྲུ་གུས་རྩེད་ཆས་ཚང་མ་ཁ་འཐོར་དགུ་འཐོར་བཟོས་འདུག
ཆ་འཇོག. ༿བརྩི་འཇོག་དང་ཡིད་རྟོན།༾ འཐུས་མི་གོ་ཆོད་ཆ་འཇོག་འཕེར་བ་ཞིག་འདེམས་བསྐོ་བྱེད་དགོས། སྐད་ཆ་གང་བྱུང་བཤད་ན་གཞན་གྱིས་ཆ་འཇོག་བྱེད་མི་སྲིད།
ངོ་སོ། (面子,体面)1.ཡུས་སམ་བརྩི་མཐོང་། གཞན་གྱི་ངོ་སོར་བལྟ་བ། རའི་རིལ་མར། ལུག་གི་ངོ་སོ། 2. བྱས་རྗེས། ངོ་སོ་ངོམ་པ།
བྱས་ཤེས། ༿ལས་ཀ་བྱས་པར་བྱས་པའི་དྲིན་བསམ་པ།༾ ཁ་སྐད་དུ་བྱས་ཤན་ཟེར།
མི་དེ་ལ་རོགས་པ་ག་ཚོད་བྱས་ཀྱང་། བྱས་ཤེས་རྐང་གཅིག་མི་འདུག
སྔོ་ལོ། ༿ཞབས་འདྲེན་ནམ་སྐྱོན་དུ་གྱུར་བའི་དཔེ།༾ སྤྱོད་ངན་བྱས་ནས་ཞབས་འདྲེན་ཞུས་སོང་། སྔོ་ལོ་ཕྱར་སོང་། དེ་རིང་མི་མང་པོ་དེའི་དཀྱིལ་ལ་སྔོ་ལོ་རྦད་དེ་འཕྱར་སོང་།
འབ་སྒྲ། ༿མ་གུས་པའི་སྐད་ཆ་རྩུབ་པོ།༾ སྐད་ཆ་འབ་སྒྲ་ཚ་པོ། མི་དེ་འབ་སྒྲ་ཚ་ལ།
མིག་རྣོན་པོ། ༿མིག་གསལ་པོ།༾ཁོ་རྒྱང་རིང་གི་ཡུལ་ཡང་མཐོང་བའི་མིག་རྣོན་པོ་ཡོད།
མིག་གཟིར་པོ། ༿གནད་འཁེལ་པོ།༾ མིག་གཟིར་བ་ལ་ནི་ཅ་ལག་མང་པོ་དེའི་དཀྱིལ་ནས་ཡག་ཤོས་དེ་མཐོང་འདུག. བུ་མོ་མང་པོའི་ནང་ནས་མཛེས་ཤོས་དེ་གདམས་འདུག. དེ་འདྲའི་མིག་གཟིར་པོ་ཞིག
དཀྲིག་ཅར། ༼འཆར་ཅན༽ ཁ་ལག་ཟས་ཚར་རྗེས་དཀྲིག་ཅར་སོ་སོའི་ཕོར་པ་སོ་སོས་འཁྲུ་དགོས། དཀྲིག་ཅར་གྱི་ལས་ཀ་དང་སློབ་སྦྱོང་ལ་འཐུས་ཤོར་གཏོང་མི་ཉན།
ཏང་ཀ་རང་ཀ་ཤོར། ༿དོ་མི་མཉམ་པའམ་ཆ་མི་མཚུངས་པ།༾སྐད་ཆ་ཏ་ཀ་ར་ཀ་ཤོར། ཕྱུགས་མཁལ་ཏང་ཀ་རང་ཀ་ཤོར།
ཁ་ཚོགས་མ་བསགས། ༿གང་བྱུང་ཤོད་མཁན།༾ང་ནི་ཁ་ཚོགས་མ་བསགས་དེ་འདྲ་ཡིན། གསང་ཐུབ་ཀྱི་མེད།
སྔ་གྲོང་བཅོལ། ༿སྔོན་བརྡ་བཏང་བ།༾གནངས་ཉིན་ཨར་པོ་རྒྱག་མཁན་ཡིན། རྡོ་བཟོ་ཆེན་མོར་སྔ་གྲོང་བཅོལ་པས།
ལས་གོ་ཆོད་པ། ༿ལས་ཀ་བྱེད་ཐུབ་མཁན།༾དེ་རིང་སྤྱི་ལས་ལ་ཕྲུ་གུ་མ་གཏོང་རོགས།ཡིན་ཅིག་ལས་གོ་ཆོད་པ་རེ་ཡོང་རོགས།
ཛ་སི་ཛུ་སི། ༿དོ་ནན་མ་བྱེད་མཁན་ནམ་བརྗེད་ཆར་ལངས་པོ།༾ཁ་སང་ངས་བཤད་ཡག་བྱས་པ་ཡིན། དེ་རང་ཡང་བརྗེད་འདུག འ་ཙི་མི་དེ་ཛ་སི་ཛུ་སི་ཚ་ལ།
དབྱེ་འབྱེད་བཏང་། ༿ཕྱོགས་རིས་བྱས་པ།༾ཕ་མ་གཅིག་གི་ཕྲུ་གུར་དབྱེ་འབྱེད་གཏོང་རྒྱུ་མེད།
གཅེས་གཅེས་ཀོང་ཀོང་། ༿བྱམས་པོ་བྱས་པ།༾ངས་གཅེས་གཅེས་ཀོང་ཀོང་བྱས་ཁྱོད་ད་ལྟ་བར་གསོས་པ་ཡིན།
བཀྲག་བཀྲག. ༿བུད་མེད་གཟུགས་བྱད་ལེགས་ལ་སྐྱེས་འབྲས་མཚར་པོ།༾ དངོས་གནས་བུ་མོ་དེ་བཀྲག་བཀྲག་ཅིག་འདུག
ཁ་ཙང་རྡོག་ཙང་། ༿གཅིག་པུར་ལོགས་སུ་བཞག་པ།༾ གཞན་དང་ཁ་མ་མཐུན་པར་རང་གཅིག་པུ་ཁ་ཙང་རྡོག་ཙང་གི་བསམ་པ་ཞིག་འཁྱེར་ནི་གང་ཡོང་། དེ་ལས་སྤྱི་ལ་བསྟུན་ན་དགའ།
གྱ་ངེ་གྱོང་ངེ་། ༿མ་ཐུལ་བའི་གྱོང་ཚུལ།༾
མི་གྱ་ངེ་གྱོང་ངེ་དེར་སྐད་ཆ་ཤོད་ཁག་པོ་འདུག
ཨ་ལ་པ་ལ། ༿འཕྲལ་མངོན་སླ་བཅོས། དམན་པ། ཐེབས་ཆག༾ཡིག་གཟུགས་ཨ་ལ་པ་ལ། ཁ་པར་བཟོ་བཅོས་ཡག་པོ་བྱས་མི་འདུག. ཨ་ལ་པ་ལ་ཁྲལ་འཁྱོལ་ཙམ་རེད།
ཙོག་རིལ་ལེ། ༿འགུལ་མེད་ཙོག་པོར་གནས་པ།༾འཁྱག་ནས་ཙོག་རིལ་ལེར་ཉལ་ཟན་དཀྲིས་ནས་བསྡད་འདུག
སྟོ་བ་མི་འདུག. སྟོ་མི་ཡོང་། ༿སྐྱོན་མི་འདུག༾རྨོངས་པའི་དབང་གིས་བྱ་བ་ཅུང་ཟད་འཕྱུགས་ཀྱང་སྟོ་མི་ཡོང་།
ཧ་རི་ཧུ་རི། ༿ལས་ཀ་ཞིབ་ཚགས་སམ་རུ་ངར་པོ་མི་བྱེད་པ།༾ལས་ཀ་ཧ་རི་ཧུ་རི།
རུ་ངར་པོ། 1.༿དོ་ནན། ཞིབ་ཚགས།༾སློབ་སྦྱོང་རུ་ངར་པོ། 2.༿ཁོང་ཁྲོ་སྐྱེ་སླ་པོ།༾གཤིས་ཀ་རུ་ངར་པོ། 3.སེར་སྣ་ཅན་ལ་ཡང་གོ།
ཚ་འདྲི། ༿ཁྲིམས་ཁང་གིས་ཉེས་ཅན་ལ་དྲག་ཤུགས་སྤྱད་དེ་ཞུ་བ་ལེན་པ།༾ རྟ་ལྕགས་གཞུས་ཏེ་ཚ་འདྲི་བྱས།
སྐད་ཆས་དམར་ནི་བསྡད་འདུག. ༿སྐད་ཆ་རྫོགས་རྒྱུ་མེད་པ།༾ ཁོ་གཉིས་ལས་ཀ་མ་བྱས་པར་སྐད་ཆས་དམར་ནི་བསྡད་འདུག
ཅོ་ཡོར་པོ་ཡོར། ༿གཡོ་ཟོལ་གྱི་རྣམ་པ།༾ ཅོ་ཡོར་པོ་ཡོར་ངང་ཉི་མ་མ་བསྐྱལ།
སོ་སོས་མགོ་ཐག་ཕུད། ༿རང་མགོ་རང་ཐོན།༾རང་གིས་བརྩམས་པའི་ལས་གང་ཡིན་ཡང་སོ་སོས་མགོ་ཐག་ཕུད་རྒྱུ་རེད་མ་གཏོགས་གཞན་ལ་ཁག་དཀྲི་མ་བྱེད་ལྟ་བུ།
གཏི་ཐུག་ཚ་པོ། 1.༿མི་བློ་རྒྱ་ཆུང་ཆུང་།༾ བློ་ཆུང་གཏི་ཐུག་དབང་གིས་བྱ་བ་གང་ཡང་བྱེད་མི་ཕོད།2.ཨུ་ཚུགས་ཚ་པོ།3.སེར་སྣ།
ཟམ་མི་ཆད་པ། ༿རྒྱུན་ཆད་མེད་པ།༾དེ་རིང་ལྟད་མོར་ཡོང་མཁན་མི་ཟམ་མི་ཆད་པ་འདུག
རྩ་༼ཛ༽འཚོས། ༿བརྩད་ཆོད་པ།༾གནས་ཚུལ་དེ་ངས་གཞི་ནས་ཛ་འཚོས་བྱུང་།
དབྲེ་པོ། ༿ཙོག་པོའམ་སྐྱུག་བྲོ་པོ།༾མི་དེ་དེ་འདྲའི་དབྲེ་བ་ལ། བྱེད་སྟངས་དབྲེ་པོ་དེ་འདྲ་ང་ཧ་ལས་སོང་།
བྲོད་པོ། ༿སྣང་བ་སྐྱིད་པོའམ་སེམས་དགའ་པོ།༾ མི་བྲོད་པོ་ཞེ་གཅིག་འདུག
ག་ཕྱི་ག་ལོག. ༿ཕྱིན་ཅི་ལོག་པ།༾ མི་དེ་ཡིན་པ་ཞིག་མ་བྱེད་ག་ཕྱི་ག་ལོག་རྐྱང་རེད།
བསེ་རག ༿སེར་སྣ།༾ མི་བསེ་རག་ཞེ་ཅིག་འདུག
ལག་རུ། ༿ལམ་དང་ས་བཀག་པ།༾ ལག་རུ་བཀག་ནི་ང་ལས་ཀ་གང་འདྲ་བྱེད།
ག་བཏང་གོ་ཆོད། ༿བཏང་འགྲོ་བཞག་སྡོད་འཕེར་བ།༾ གཡོག་ག་བཏང་གོ་ཆོད།
གང་ཐུབ་ཅི་ཐུབ། (尽量) ༿རང་ནུས་ཅི་ལྕོགས།༾ མངགས་པའི་དོན་དེ་གང་ཐུབ་ཅི་ཐུབ་ཞུས་ཆོག.
འགབ་ཟོར་ཡང་པོ། ༿ལས་ཀ་རྒོད་པོའམ་གཡོ་ཟོལ་མེད་པ།༾ ང་ཚོའི་གཉེར་པ་ཁོང་འགབ་ཟོར་ཡང་པོ་ཞིག་རེད།
ལོད་པོ། ལོད་པ། ༿སྡུག་པོའམ་ངན་པོ།༾ ནད་གཞི་ལོད་པོ། མི་དེ་ཚོ་ལས་མ་སྒྱིད་ཟ་རྒྱུར་དགའ་བ་གཅིག་ལས་གཅིག་ལོད་པ་འདུག
ཁམས་གཤིས་དྭངས་པོ། ༼རུས་བཟོ་ཡག་པོ། ཁ་ངོ་ལེགས་པོའམ་སྐྱེ་འབྲས་མཚར་པོ།༽
ཁོང་ཚོའི་མི་རྒྱུད་ཁམས་གཤིས་དྭངས་པོ་རྐྱང་རེད།
མི་དེ་ཁམས་གཤིས་དྭངས་པོ་ཞིག་འདུག
སྣ་སུན། 警告 ༼སྔར་ཕམ་ཉེས་བྱུང་མྱོང་བ།༽
ད་རེས་སྣ་སུན་སྤྲད་ནས་བཞག་ཡོད། ད་དུང་གནས་ཚུལ་དེ་རིགས་ལྷག་ན་ལས་སླ་པོར་ཞོག་གི་མིན།
སྣ་སུན་ཕོག་པ། 受到打击,受挫折,遭受失败,有过教训。ཕམ་ཉེས་བྱུང་ཡང་ད་དུང་སྣ་སུན་ཕོག་རྒྱུ་མེད།
ཐོས་པ་བརྒྱ་ལས་སྣ་སུན་གཅིག་དགའ།
༡ རྫོངས། ༼ཐེར་གའི་ནང་ཚར་མ་གྲལ་འགྲིག་པ་ལྟ་བུ།༽ ཐེར་རྫོངས། ༼འགྲོ་ཆས་འགྲིག་པ།༽འགྲོ་རྫོངས། 程议,赆仪。འགྲོ་རྫོངས་བརྒྱབ་ནས་འགྲོ་གྲ་སྒྲིག
༢ ཕེབས་རྫོངས། ཕེབས་སྐྱེལ་ཞུས་པ།
ཚ་ཕོག ༼ལམ་བར་དུ་ངལ་གསོའི་ཆེད་བཟའ་བཏུང་བྱེད་པའི་མིང་།༽ 打尖,途中小憩
进食。
དཔེར་ན། དེ་རིང་དགའ་ལྡན་དགོན་པར་མཆོད་མཇལ་དུ་སོང་ན་གཙང་ལྟོགས་སྤང་སྡིང་ཐོག་ཚ་ཕོག་བརྒྱབ་ན་གང་འདྲ་འདུག
ཉིན་མོ་ཁ་དཀར་ངོ་དཀར། 大白天,༼ཚང་མས་མཐོང་སའམ་གསང་ས་མེད་པ།༽ ཉིན་མོ་ཁ་དཀར་ངོ་དཀར་ལ་མིའི་བུ་མོ་བཙན་ཁྲིད་བྱས་ལྟ་བུ།
ཉིན་མོ་ཁ་དཀར་ངོ་དཀར་ལ་སྒོ་བརྒྱབ་ནས་ག་རེ་བྱེད་ཀྱི་ཡོད་ན།
ནམ་ཕྱེད་རྒྱལ་བའི་དཀྱིལ་འཁོར།
ཁྱེད་རང་ནམ་ཕྱེད་རྒྱལ་བའི་དཀྱིལ་འཁོར་ལ་མ་ཉལ་པར་ག་རེ་བྱེད་ཀྱི་ཡོད།
སྐྲ་རྒས། ༼སྐྲ་རིང་པོ་ཆགས་ཏེ་རྒས་པའི་རྣམ་པ་མངོན་པ།༽
རང་སྐྲ་མ་བཞར་ན་སྐྲ་རྒས་བརྒྱབ་འདུག
བརྗེད་ངས་ཚ་པོ། བརྗེད་ཆར་ལང་པོ།༼ དོན་གང་ཡང་མྱུར་དུ་བརྗེད་འགྲོ་བའི་མི།༽ 容易忘事的人。
ང་ལ་དྲན་གསོས་མ་བཏང་ན་ངས་བརྗེད་འགྲོ་གི་རེད། ང་ནི་བརྗེད་ངས་ཚ་པོ་ཞེ་ཅིག་ཡོད།
དབང་ཡོད་རྐང་བརྐྱངས་ལག་བརྐྱངས། 欺负,胡作非为༼གང་བྱུང་མང་བྱུང་གིས་དབང་བཤད་པ།༽
ཉམ་ཆུང་ལ་དབང་ཡོད་རྐང་བརྐྱངས་ལག་བརྐྱངས།
ཕམ་ཁུར་གིས་བསམ་ནས་དབང་ཡོད་རྐང་བརྐྱངས་ལག་བརྐྱངས་མ་ཤོད།
ཅི་གྲོས་མོས་གྲོས། 聊天,随便聊聊。
དེ་རིང་གྲོགས་པོ་ངེད་གཉིས་ཅི་གྲོས་མོས་གྲོས་བཤད་ནས་ཉི་མ་བསྐྱལ་སོང་།
བྱ་གཡབ། ༼སྟེང་གཡོག་ལྟ་བུའི་གུར།༽ 凉篷
དབྱར་ཉི་མ་ཚ་པོ་བསྟན་དུས་བྱ་གཡབ་འོག་བསིལ་ཤོས་རེད།
དབྱར་སྐྱིད་ལ་བྱ་གཡབ་འོག་འབབ་རིལ་གློད་ནས་བསྡད། ༼འབབ་རིལ། ཆང་འཐུང་བརྒྱབ་པར་གོ།༽
བྱབ་པ། དངུལ་གཏོར་ཚོད་བྱེད་ལ། དངུལ་བྱབ་ཡས་མི་འདུག་ཀ སྟོན་ཁ་གཡུལ་ཁའི་ནང་འབྲུ་བྱབ་རྒྱུ་ཡོད།
འབྲུ་གཙང་མ་མ་བྱབ་ན་ཨ་མས་གཤེ་གཤེ་བཏང་ཡོང་།
༢.བྱབས་ཁྲུས་ཞུས། དེ་རིང་ཞོགས་པ་ཕྲུ་གུ་ཁྲིད་དེ་ཀུན་བདེ་གླིང་ལ་བྱབས་ཁྲུས་ཞུ་བར་སོང་བ་ཡིན།
ལང་ཤོར། ལང་ལ་ཤོར། 惯坏,惯养。 ༼ལམ་ངན་པ་བྱང་བ།༽
ངན་པ་ལང་ཤོར་བཙོན་ལ་འཆུག ལང་ཤོར་ཨ་མའི་གཅེས་ཕྲུག
མི་ལའི་མགུར་ལས། ཁ་ལང་ལ་ཤོར་བའི་གླུ་ཆུང་དེ། ཕ་ཨ་ཕ་ཤི་ཡང་དྲན་ལྷང་ལྷང་།
གདིང་ལྗི་པོ།
དཔེ་ལ། མི་གདིང་ལྗི་པོ་དེ་འདྲ་མཐོང་མྱོང་མེད།
ཁོ་གདིང་ལྗི་བ་ལ་ཁས་ལེན་རྒྱུ་ཕར་ཞོག མགོ་འཐོམ་ཀ་བྱེད་ཀྱི་འདུག
ཁ་བསླུས། ༼གཞན་གྱི་མགོ་སྐོར་གཡོག་པའམ་མགོ་སྐོར་བཏང་བ།༽
དེ་རིང་ཁྲོམ་ནས་ངས་དངུལ་ཕོར་ཉོས་་པ་ཡིན། ཤང་ཀང་ཚོང་པས་ངའི་དངུལ་ཚང་མ་ཁ་བསླུས་བརྒྱབ་སོང་། ད་གང་དྲགས།
གྲོགས་པོ་གྲོགས་མོ་དགའ་ཉེ་སྤུན་མཆེད་དབར་ཁ་བསླུས་རྒྱས་རེས་མ་བྱེད། གདོང་བསྟན་མ་ནུས་པ་ཆགས་ཡོང་།
གྱོད་མ་ཤོད། ༼སྐྱག་རྫུན་ནམ་དོན་མེད་རྙོག་དྲ་བཤད་པ།༽
ཁྱོད་གྱོད་མ་ཤོད། གནས་ཚུལ་དེ་མི་ཚང་མས་མཐོང་འདུག
དེང་སང་དངུལ་ཁ་བསླུས་རྒྱག་ཡས་ཆེད་དུ་མོ་ཌའི་མདུན་ལ་རིལ་ཀ་བྱས་ནས་གྱོད་ཤོད་མཁན་མང་པོ་ཡོད་རེད།
དམར་སྤུད། ༼མི་མང་ཁྲོད་དུ་ངོ་ཚ་ཁ་སྐྱེངས་བཟོས་པ། གདོང་དམར་པོར་གྱུར་བ།༽
དེ་རིང་ཚོགས་འདུའི་ཐོག་ང་རང་མིང་འབོད་བྱས་ནས་ཚང་མའི་མདུན་དུ་དམར་སྤུད་བྱུང་།
ཡ་ལ། ༼གཞན་ལ་སྐྱོན་འཛུགས་བྱས་པ།༽冤枉
བོང་བུ་སླངས་པའི་ཡག་བྱུང་མེད་པར།
གཞུ་གུ་བཀོག་པའི་ཡ་ལ།
ཁོས་དངུལ་རྐུས་པའི་དོན་དེ་རང་ལ་ཡ་ལ་བཙུགས་རྩིས་འདུག
དོན་མེད་ཡ་ལ་མ་འཛུགས་རོགས། ང་ནི་ཉམ་ཆུང་སྒོ་རྒྱབ་ལ་སྡོད་མཁན་གྱི་མི་ཞིག་ཡིན།
རང་སྣང་གང་ཤར། ༼གཞན་ལ་མ་བསྟུན་པར་བྱ་བ་ཐམས་ཅད་སོ་སོས་ཐག་བཅད་དེ་སྒྲུབ་པ།༽
སུ་གཅིག་ལའང་མ་རྩིས་པར་རང་སྣང་གང་ཤར་དེ་འདྲ་བྱེད་རྒྱུ་ཞོག
རང་སྣང་གང་ཤར་གྱིས་སྒྲིག་ཁྲིམས་གསར་པ་བཟོས་པ།
ཞབས་དག འབབ་རིལ། ༼ ཆང་འཐུང་ལ་གོ་ཞིང་། ཞབས་རྟགས་གཙང་མ་ཟེར་ན་ཆང་གཙང་མ་བཏུངས་ཏེ་ཞབས་རའི་རྩར་བསྐྱལ་བ། ༽
འབབ་རིལ་གློད་པ་ནི་ཆང་འཐུང་རྒྱག་པ་ལ་ཟེར། དེ་ཡང་སྔོན་མ་འཕྱི་པོ་ཆགས་རྗེས་ཆང་མ་ལོག་རན་པ་དང་ཆང་འཐུང་བ་རྣམས་ར་འདག་བག་བཟི་ནས་ཨ་མ་ཆང་མས་ར་བཟི་བ་ཆང་ཁང་སྒོ་ཕྱིར་འབབ་དབྲིལ་གློད་ཀྱི་ཡོད་པས་དེ་ལྟར་འབོད།
དོ་དགོང་འབབ་རིལ་གློད་པར་འགྲོ་མཁན་ཡོད་པས།
རྐང་ཐང་། ༼གོམ་པ་བརྒྱབ་སྟེ་འགྲོ་བ།༽徒步,
རང་རྐང་ཐང་ཕྱིན་ནས་གྲོང་པའི་སྤོ་པོ་སྐལ་བཟང་ལ་ལན་ཅིག་སྐྱོལ་ཤོག་ཨ།
གཡབ། ༡ ལག་པས་གཡབ་མོ་བྱས།
༢ ཇ་ཕོར་ནང་གི་ཞག་དེ་ཁ་ནས་གཡབ་གཡབ་བྱས་ཏེ་སྤགས་ཁུར་བླུགས།
ཁ་ལག་རྫོག་མིན། ཁ་ནས་གཡབ་གཡབ་བྱས་ནས་བླུགས་རོགས།
འབེལ་འབེལ་ལྷུག་ལྷུག ༼དགོས་མཁོ་གང་འདོད།༽绰绰有余
ད་ཤག་དངུལ་ཡོད་ན་ཚོང་ཟོག་འབེལ་འབེལ་ལྷུག་ལྷུག་ཉོ་ཡས་འདུག
མཚེར་པོ། མཚེར་སྣང་། 客气,害羞
རྒྱགས་ཚད་བཟས་རྒྱགས་ཚད་བཏུངས་ད་ཡིན་ན་མཚེར་པོ་བྱས་སོང་།
རོགས་པ་ནང་ཚགས་མཚེར་མི་དགོས།
རྟག་པར་ཁོང་ལ་རོགས་པ་བྱེད་རོགས་ལབ་དགོས་དུས་དངོས་གནས་མཚེར་པོ་འདུག
མི་སུ་ཡིན་ཡང་ནམ་དགུན་ཁར་ཆུ་ལ་ལག་པ་རྒྱག་ཡས་ལ་མཚེར་སྣང་བྱེད།
མཚེར་བ། ༼སུན་པ། བྱེད་སྙིང་མི་འདོད་པ།༽
厌烦,不欲。 ཕྲུ་གུ་དེ་ལྟོ་བཟའ་ཡས་ལ་མཚེར་བ་ལ། ལས་ཀར་མཚེར་བ།
ཞོགས་སྔ་ལངས་ལ་མཚེར་བ།
ཡོས་ཧྲལ། ཡོས་ཧྲལ་མ་འཐག
འཇོན་རྒྱུ་མེད་པའི་ཡོས་ཧྲལ་ཚ་བ་ཅི་འདུག
ནང་ལ་རྩམ་པ་ཡག་པོ་ཅིག་ཟ་ཡས་མེད་པར། མི་དགོས་པའི་ཡོས་ཧྲལ་ཚ་བ་ཅིག་འདུག
ནང་ལ་རྩམ་པ་མེད་པར། སྒེའུ་ཁུང་རྩམ་རལ་ཡོག་ཡོག
སྤྲོས་བྲལ། ལག་པར་ཡི་གེ་མེད་པར་ལས་བྱེད་པ་བྱེད་ཡས་སྤྲོས་བྲལ་རེད།
སོ་སོ་རང་མགོ་མ་ཐོན་པར་མིའི་ཇུས་ཏོག་བྱེད་རྒྱུ་སྤྲོས་བྲལ་རེད།
བསྟན་བཤིག་ཚ་པོ། ༼གད་མོ་རྐྱང་སློང་མཁན།༽
爱说笑话者,逗人发笑者。
སྐད་ཆ་བསྟན་བཤིག་ཚ་པོ་ཤོད་ཞོར་སྐོར་གཏམ་གློད།
བསྟན་བཤིག་རྒྱལ་པོ་སྐྱིད་ཟུར་ལགས།
ལན་པོ། སྟོད་ཐུང་དེ་རང་ལ་ལན་པོ་འདུག་དའི། གོང་ཆེས་འདུག
ཁོང་གཉིས་བཟའ་ཚང་བྱས་ན་ལན་པོ་ཙང་ནས་མི་འདུག
མི་རྒན་གྱིས་ཕྲུ་གུའི་ལད་ཟློས་བྱས་ན་ལན་པོ་མི་འདུག
ལན་པོ་མེད་ན
ལན་པ། ༼རྐྱེན།༽ 根由,起因。
གནས་ཚུལ་དེ་ཡག་ཉེས་གང་བྱུང་ཡང་། ང་ལ་ལན་པ་མེད།
ཆང་རག་བཏུང་ནས་མོ་ཌ་མ་གཏོང་མང་པོ་ལབ་ཀྱི་ཡོད། གལ་སྲིད་གནས་ཚུལ་ལྷག་ན་ང་ལ་ལན་པ་མེད།
ཡོད་སྦྱོར། རྒྱུ་གང་ཡོད་མི་ལ་ཡོད་སྦྱོར་མ་བྱེད།
ད་ཤག་མི་ཁག་ཅིག་ཡོད་སྦྱོར་བྱེད་ཡས་དགའ་ཐག་ཆོད་རེད། ཡང་སྙིང་རྒྱུ་འབྱོར་པོ་ཡོད་མེད་མི་ཤེས།
སྒོ་བརྡུང་ཕོག དེ་རིང་གྲོང་ཚོའི་སྨན་ཁང་ལ་ཕྱིན་པ་ཡིན། ཨེམ་ཆི་ཚོགས་འདུར་ཕྱིན་འདུག རྦད་དེ་སྒོ་བརྡུང་ཕོག་བྱུང་།
ང་ཁོའོ་ཀྲང་རྩར་དགོང་པ་ཞུ་བར་ཕྱིན་པ་ཡིན། ཁོའོ་ཀྲང་བསྡད་མི་འདུག རྦད་དེ་སྒོ་བརྡུང་ཕོག་བྱུང་།
སྒོ་སང་ཤོར། ཁང་པ་སྒོ་ཡག་པོ་མ་བརྒྱབ་ན་སྒོ་སང་ཤོར་ཏེ་ཅ་ལག་བརླག་ཡོང་།
ཁྱེད་རང་གི་བུ་མོ་སྙིང་རྗེ་མོ་དེ་འདྲ། ཟབ་ཟབ་མ་བྱས་ན་སྒོ་སང་ཤོར་ཡོང་།
འཚོས་རྐྱལ། ཁོ་འཚོས་རྐྱལ་རང་རེད། ག་རེ་བཤད་ནའི་ཁ་རྒྱུ་གོ་རྒྱུ་མི་འདུག
འཚོས་རྐྱལ་ངས་ལས་ངན་དེ་འདྲ་བྱེད་མི་སྲིད།
མ་འདོད་འོན་པ། ༼གཞན་གྱི་སྐད་ཆ་ཉན་འདོད་མེད་པར་འོན་པ་ཡིན་ཁུལ་བྱས་པ། འོན་རྫུ་བཏབ།༽
སྐད་ཆར་ལན་བརྒྱབ། མ་འདོད་འོན་པ་མ་བྱེད།
འཕྱ་ལད། འཕྱ་ཀ སོ་སོའི་མདོག་ལ་བལྟས། མི་ལ་འཕྱ་ལད་རྒྱག་རྒྱུ་ཞོག
འཕྱ་ཀ་ནང་ནས་སྒྲོག་ན། མི་ཁར་གསང་ཐབས་མེད།
མི་ལ་འཕྱ་བར་རང་ལ་དཔེ་ལྟོས།
ཤགས། ༼འཕྱ་དམོད།༽ རང་གདོང་མ་རིག་སེང་གེའི་ཤགས། སེང་གེ་ཁྱོད་རའི་ཁ་དེ་རྡོ་སྤུངས་འདྲ།
མི་ལ་ཤགས་མ་རྒྱག དགོས་པའི་ལས་ཀ་བྱེད།
སྤྱན། ༡ མིག ༢ ཆ་སྦྲེལ། 搭档 བཀྲ་ཤིས་ངེད་གཉིས་སྤྱན་རེད།
སྐུ་ཞབས་བློ་བཟང་ལགས་དང་རྡོ་རྗེ་ལགས་གཉིས་དུང་པ་སྤྱན་རེད།
ཁ་བབ་ལྗི་པོ། ཁ་བབ་ལྗི་པོ་བྱས་ན་མིའི་ལུང་པར་འགྲོ་དུས་དཀའ་ལས་ཡོང་གི་རེད།
བཀྲ་ཤིས་ཁ་བབ་ལྗི་བ་ལ་ཕ་མར་ཡང་སྐད་ཆ་ཤོད་དགོས་དོགས་བྱེད་ཀྱི་རེད།
རྒྱག་ཉེས་ཕོག ཕྲུ་གུར་ལག་པར་གང་ཐེབས་མ་གཞུ། རྒྱག་ཉེས་ཕོག་ཡོང་།
རྩེད་མོ་ཤུགས་ཆེ་ན་རྒྱག་ཉེས་ཕོག་ཡོང་།
ཆུ་བུག ཆུ་སྦུབས། ཆུ་འགྲོ༼ཆུ་སྙིགས་སམ་ཆུ་འགྲོ་སའི་ཨི་ཁུང་།༽排水孔,下水道,水管。
ཆུ་བུག་མ་བཀག་ན་ཁྱི་ཞི་མི་འཛུལ་གྱི་རེད།
ལམ་ཁའི་ཆུ་སྦུབས་ཁ་གཅོད་མ་བརྒྱབ་ན་མི་ཡར་འགྲོ་མར་འགྲོ་བྱེད་དུས་རྡབ་ཆག་ཤོར་ཡས་ཉེན་ཁ་ཆེན་པོ་རེད།
ཆུ་སྙིགས་ཆུ་སྦུབས་ནང་གཤོ་རོགས་གནང་།
ཆུ་འགྲོ་འགག་འདུག
ཚིག་ཟ། ༼ཚིག་པ་ཟ་བ།༽ ཚིག་ཟ་བུ་མོའི་བརྩེ་དུང་།
ང་ལ་ཚིག་ཟ་མ་བྱེད་རོགས།
སྨྱོ་བརྫུ་བཏབ། ཁོས་སྨྱོ་བརྫུ་བཏབ་སྟེ་ཁ་འདར་བརྒྱབ་ནས་གང་བྱུང་ལབ་ཀྱི་འདུག
གྱོད་བཤད་ནས་སྨྱོ་བརྫུ་མ་འདེབས་ཨ།
ཨོམ་ཏོག 老大 ཁོ་ང་ཚོའི་ཨོམ་ཏོག་རེད།
ཨར་པོོའི་ལས་ཀའི་ཨོམ་ཏོག་རྒན་ཉི་མ་ལགས་རེད།
ལག་གཡོག 助手
དེ་རིང་ནང་གི་ས་རོ་རྡོ་རོ་འདོན་མཁན་ངས་ལྷ་ཀླུ་ཟམ་པ་ནས་ལག་གཡོག་ཁ་ཤས་ཤིག་སྐོང་པར་ཕྱིན།
ལག་གཡོག་མང་ན་ལས་ཀར་དཀའ་ལས་མེད།
སྤྱན་བསྟར་ཞུས། 审阅,过目,核查。
དེ་དིང་བྱུང་བའི་ཡོང་འབབ་རྩིས་ཐོ་རྣམས་སྦྱིན་བདག་མདུན་དུ་གཅིག་གཅིག་གཉིས་གཉིས་ཀྱིས་སྤྱན་བསྟར་ཞུས་པ་ཡིན།
ཁོ་བོས་བྲིས་པའི་རྩོམ་ཡིག་ཐེབས་ཆག་དེ་རྒན་ལགས་ལ་སྤྱན་བསྟར་ཞུས་པ་ཡིན།
འབོག་ཀྱེ། 傲慢 ཤང་ལ་ངོ་སྤྲོད་ཞུ་བར་ཕྱིན་པས། ཤང་ཀྲང་སྦོགས་ཀྱེ་དེས་ང་ལ་ཁ་ཡ་ཡང་བྱེད་ཀྱི་མི་འདུག
མི་འབོག་ཀྱེ་གཡག་གི་བཟོ་འདྲ།
མི་འབོག་ཀྱེ་དེ་འདྲ་མཐོང་མྱོང་མེད།
མི་འབོག་ཀྱེ་དེར་ཡ་བྱེད་སྙིང་མ་འདོད།
ཨ་གསར། 爱新鲜,喜新厌旧。
ཨ་གསར་རྟ་ལས་མགྱོགས་པ། གཞུ་གུ་ལུག་ལས་ཐུང་བ།
གྲོགས་པོ་ཨ་གསར་ཚ་པོ།
ཨ་གསར་བ་ལུའི་མེ་ཏོག
འཕེར་ཤ་ཚ་པོ། འགོ་ཁྲིད་འཕེར་ཤ་ཚ་པོར་དམངས་ཀྱིས་མི་དགའ།
བུ་མོ་ཁ་རོག་བསྡད་ན་བུ་མོ་ལྐུགས་མ་ཟེར།
བུ་མོས་སྐད་ཆ་བཤད་ན་བུ་མོའི་འཕེར་ཤ་ཟེར།
ལག་ཉེས། ནད་པ་དེ་ཨེམ་ཆིས་རྦད་དེ་ལག་ཉེས་བཏང་སོང་།
མིའི་བུ་མོ་ལག་ཉེས་མ་གཏོང་།
བྱམས་པོ་བྱེད་སྙིང་འདོད་པོ། 乖巧,可爱
ཕྲུ་གུ་བྱམས་པོ་བྱེད་སྙིང་འདོད་པོ་ཞིག་འདུག
ཁྱི་ཕྲུག་བྱམས་པོ་བྱེད་སྙིང་འདོད་པོ།
ཨེན་ཆུང་། ༼གྲྭ་ཆུང་།༽ ཨེན་ཆུང་དགོན་པར་སྡོད་དུས། བུ་མོས་མིག་བཙུམ་རྒྱག་གིས། སྐྲ་ཆུང་ལྷས་མ་བསླ་དུས། བུ་མོས་ཀོ་ཐག་གློད་བྱུང་།
བརླག་སྟོར་ཤོར། ༼རྐུན་མ་ཤོར་བ།༽
དེ་རིང་གྲོང་པའི་ནང་ལ་བརླག་སྟོར་ཤོར་འདུག
ཁང་པའི་སྒོ་ཡག་པོ་མ་བརྒྱབ་ན་སྒོ་སང་ཤོར་ཏེ་བརླག་སྟོ་ཤོར་ཡོང་།
ནམ་ཞག་རྒྱུན་དུ། 平时 ནམ་ཞག་རྒྱུན་དུ་ལྟོ་ཆས་ཟབ་ཟབ་མ་བྱས་ན། ན་ཚ་གང་བྱུང་མང་བྱུང་ན་གི་རེད།
ཚེ་རིང་ནམ་ཞག་རྒྱུན་དུ་ནས་ལས་ཀ་ཡག་པོ་ཡོད།
སྡོར། 臊子。
ཐུག་སྡོར་ཚགས་ཤ་རེད་པས།
ཁ་ལག་ལ་སྡོར་མེད་ན་བྲོ་བ་ཅང་ཅང་རེད།
ཁ་ལག་སྡོར་མང་ཙམ་རྒྱོབ་་ཤོག
བརྫབ། 增加.添 ཁ་ལག་ལྷག་མ་བརྫབ་པ།
རྒྱ་ཁོག་ནི་ཚལ་ཚང་མ་བརྫབ་ནས་བཟའ་རྒྱུ་རེད།
ཆབ་བེ་ཆོབ་བེ་ཚང་མ་བརྫབ་འདུག
ཉ་ཉུང་མཉམ་བསྲེས་ཀྱིས་བརྫབ་རྡུང་གློད།
རྒྱག་གཏམ། 讽刺和挖苦话。 ༼བསྐོར་ནས་བཤད་པའི་སྐད་ཆའམ་ཟུར་ཟའི་གཏམ།༽
མི་ལ་རྒྱག་གཏམ་མ་རྒྱག
སྐད་ཆ་ཡོད་ན་མདུན་ལ་ཤོད། རྒྱག་གཏམ་མ་རྒྱག
སྤོར་ཕྱོགས་བསློགས། ཁོའི་ལས་ཀ་རྦད་དེ་སྤོར་ཕྱོགས་བསློགས་ནས་བྱེད་ཀྱི་རེད།
མི་དེ་སུ་གཅིག་དང་མཐུན་གྱི་མ་རེད། སྤོར་ཕྱོགས་བསློག་རྒྱུ་རྐྱང་རེད།
དྲིས་པའི་སྐད་ཆར་ལན་ཡག་པོ་ཅི་རྒྱག་གི་མ་རེད། རྦད་དེ་སྤོར་ཕྱོགས་བསློགས་ནས་ཤོད་ཀྱི་རེད།
བཤད་པ། ༡ རི་བཤད། སྒོ་བཤད།
༢ མི་ལ་བཤད་པ་མ་རྒྱག་སོ་སོའི་མདོག་ལ་ལྟོས།
མི་ལ་བཤད་པ་རྒྱག་དགོས་བྱུང་ན་དགའ་ཐག་ཆོད་རེད། སོ་སོར་བཤད་པ་ཕར་ཞོག་སྐད་ཆ་སྡུག་པ་ཟུར་ཙམ་ཡང་འགྲོ་ས་མེད།
བཟོ་བཅོས། 改造 ,ཁང་པ་བཟོ་བཅོས་རྒྱག་རན་འདུག
འཕྲུལ་འཁོར་གཏོང་ཡུན་རིང་ནས་བཟོ་བཅོས་རྒྱག་རན་ཤག
རྟ་འདུར་རྒྱུགས་མཁན། 跑腿,ཁོ་ང་ཚོ་སུ་ལྕོགས་ཀྱི་རྟ་འདུར་རྒྱུགས་མཁན་རེད།
ཁོ་ང་ཚོའི་རྟ་འདུར་རྒྱུགས་མཁན་རེད། ལས་ཀ་ག་རེ་སྐུལ་སྐུལ་རེད།
ཁོ་ང་ཚོའི་ལས་ཁུངས་ཀྱི་དཔོན་པོའི་རྟ་འདུར་རྒྱུགས་མཁན་རེད། ཁོ་མེད་ན་དཔོན་པོའི་རྐང་པ་ཡ་གཅིག་ཆག་པ་རེད།
ལག་འཁྱེར། ༼ལག་པའི་འཁྱེར་བཟོ།༽ 手势,
གཞས་འཁྲབ་དུས་ལག་འཁྱེར་མ་མཐུན་ན་ར་ལང་ཆ་ལང་རེད།
སྦྱག་ཐག་འཐེན་དུས་ལག་འཁྱེར་ཆ་འགྲིག་པོ་དགོས།
འཁྲབ་དུས་ལག་འཁྱེར་དེ་འདྲས་མ་རེད། ལག་པ་ཁོབ་ཏོ་མ་བྱས་པར། མཉེན་ཆ་དོད་ཙམ་བྱེད་དང་།
ལས་བྱ་བ་ཡེ་ལ་ལག་འཁྱེར།
རྟ་རྐྱང་པོ་ཡེ་ལ་ཁ་ཀེར།
བྱེད་བཟོ། ༡ ༼དབྱིངས་ཚ་པོ།༽ 作态, བུ་མོ་བྱེད་བཟོ་ཚ་པོ།
དགོས་པའི་ཡོན་ཏན་མེད་པར། མི་དགོས་བྱེད་བཟོ་ཚ་པོ།
གཏོ་བཅོས་ཚ་པོ། ༼ཆོབ་ཚ་པོ། བསྟན་བཤིག་ཚ་པོ།༽
མི་གཏོ་བཅོས་ཚ་པོ།
ལམ་བཞི་མདོ་ཁ། 十字路口
རྒྱ་ལམ་བཞི་མདོ་ཁ་ལ་གླུད་གཡུགས།
གཡག་སེར་པོའི་ལམ་བཞི་མདོ་ཁ།
ལམ་གསུམ་མདོ་ཁ། (T.Y形路口) སྤོ་བོ་གླིང་ཁའི་གཤམ་གྱི་ལམ་གསུམ་མདོ་ཁ།
ལམ་གསུམ་མདོ་ཁར་གནས་ཚུལ་ལྷག་མང་ཤོས་རེད།
ཁ་རྒྱུ་གོ་རྒྱུ་མེད་པ། ཁོ་ན་ནིང་ཕྱིན་ནས་ད་བར་ག་པར་ཡོད་མེད་གནས་ཚུལ་ཁ་རྒྱུ་གོ་རྒྱུ་མི་འདུག
ཁ་རྒྱུ་བོ་༼བྲོ་༽རྒྱུ་མེད་པའི་ཞལ་ལག་བྲོ་བ།
འདྲ་ཆགས་པ། མི་འདྲ་ཆགས་པ་དེ་ད་བྱེད་དུས་རྐུན་མ་ཡིན་པ་རེད།
མི་འདྲ་ཆགས་པ་དེས་གང་ཡང་ཤེས་ཀྱི་མི་འདུག
མི་དེའི་ཕྱི་ཚུལ་ལ་བལྟས་ན་འདྲ་ཆགས་པོ་འདུག་སྟེ། གདིང་གཞི་ཧ་གོ་མ་སོང་།
སྦུག་རྩ་ཨ་མ། 总部 ཟ་ཁང་འདིའི་སྦུག་རྩ་ཨ་མ་ཀླུ་སྒུག་ལ་ཡོད།
ཇག་པའི་སྦུག་རྩ་ཨ་མ།
ཁ་བརྡར་གློད། 闲聊。ལས་ཀ་མ་བྱས་པར་ཁ་བརྡར་གློད་ནས་བསྡད།
དོན་མེད་ཁ་བརྡར་གློད་ནས་ཉི་མ་བསྐྱལ།
འཕྲིན་ཕྲན་ཚོགས་པའི་ནང་ཁ་བརྡར་གློད་ནས་མགོ་འཁོར།
རྡལ་གླ། 车费, འདི་ནས་ལྷ་སར་མོ་ཌའི་རྡལ་གླ་ག་ཚོད་རེད།
དེང་སང་རྡལ་གླ་སྤྲོད་ཡས་ཡོད་ན་མོ་ཌ་ག་རེ་བསྡད་བསྡད་རེད།
ཁྲོམ་གཟིགས་སྒང་ནས་ཀུ་རུ་ཟམ་པའི་མོ་ཌའི་འབབ་ཚུགས་ལ་ཅ་ལག་དབོར་ན་རྡལ་གླ་ག་ཚོད་རེད།
སྣུམ་རིན་འཕར་ན་མོ་ཌའི་རྡལ་གླ་ཡང་འཕར་རྒྱུ་ཉག་ཅིག་རེད།
ཧེ་བག 相差,གནམ་སའི་ཧེ་བག
སྟོད་ཐུང་དེ་གཉིས་ཀྱི་གོང་ལ་ཧེ་བག་ཆེན་པོ་འདུག
ངེད་གཉིས་བར་ལོ་ཁྱད་གསུམ་གྱི་ཧེ་བག་ཡོད།
འགྱུར་ལྡོག་གནམ་ས་ལྟ་བུའི་ཧེ་བག་ཆེན་པོ།
ལྷུག་མ། 散的。ད་ཤག་རྒྱ་ལམ་ཐོག་བྷི་ལ་ས་ལྷུག་མ་དབོར་མཁན་མོ་ཌ་མང་ཐག་ཆོད་རེད།
ཅ་ལག་ལྷུག་མ་བཟོས་ན་དབོར་བདེ་བ་ཡོད་རེད།
ཞེན་པ་བསགས། ༼ཁ་དགྲ་སྣ་དགྲ་བསགས་པ། ༽
གྲོང་པ་ཡས་མས་ལ་ཞེན་པ་བསགས་ནི་གང་ཡོང་།
ཕ་མས་མི་ལ་ཞེན་པ་གསོག་དགོས་དོགས་བྱེད།
མི་ལ་ཞེན་པ་བསགས་དགོས་མ་བྱུང་ན་ཡག་ཤོས་རེད།
དོན་མེད་མི་ལ་ཁ་དགྲ་སྣ་དགྲ་མ་གསོག
ཆགས་ས་བརྟེན་ས། ཆགས་ས་བརྟེན་ས་མེད་པའི་དྭ་ཕྲུག
ཆགས་ས་བརྟེན་ས་མེད་པའི་མི་དེ་གཡས་གཡོན་ལ་བསམ་བློ་གཏོང་དགོས་མེད་ཙང་། ཡ་ཡུག་ཚ་པོ་ཡོད་རེད།
ད་ལྟ་ནས་ཕ་གཅིག་མ་གཅིག་གི་སྤུན་ལ་འཆམ་མཐུན་དང་བསྟུན་མཁས་མ་བྱས་ན། རྗེས་མ་ལོ་རྒས་དུས་ཆགས་ས་བརྟེན་ས་མེད་པ་ཆགས་ཡོང་།
བློ་རྩ་བརྟན་པོ། 意志坚定,དཀའ་སྡུག་ག་རེ་འཕྲད་ནའི་བློ་རྩ་བརྟན་པོ་དགོས།
འཕྲུལ་འཁོར་གཏོང་དུས་བློ་རྩ་བརྟན་པོ་དགོས།
འཕྲལ་རྐྱེན་གྱིས་འགྱུར་བ་མེད་པའི་བློ་རྩ་བརྟན་པོ།
དགའ་ཉེ་བློ་དཀར།
ཁོ་གཉིས་སྔོན་མ་དགའ་ཉེ་བློ་དཀར་རེད། ཡིན་ནའི་དོན་དག་ཆུང་ཙག་གིས་རྦད་དེ་ཞེ་འགྲས་འཁོན་འགྲས་ཆགས་པ་རེད།
ཁོང་གཉིས་ཀྱི་ཆང་སའི་ཉིན་མོར་དགའ་ཉེ་བློ་དཀར་ཆ་ཚང་སྐད་བཏང་སྟེ། རྟེན་འབྲེལ་རྒྱས་པོ་ཞིག་བྱས་པ་རེད།
མི་དེར་དགའ་ཉེ་བློ་དཀར་སུས་སློབ་གསོ་བརྒྱབ་ནའི་ཉན་རོགས་བྱེད་ཀྱི་མི་འདུག
ཁོའི་དོན་དུ་དགའ་ཉེ་བློ་དཀར་ཚང་མ་མ་སྐྱིད་པ་ཆགས་སོང་།
ལག་ཁྱེར། 执照。མོ་ཌའི་ལག་ཁྱེར། 驾驶执照,ཚོང་གཉེར་ལག་ཁྱེར། ཐོབ་ཐང་ལག་ཁྱེར།
གནས་སྡོད་ལག་ཁྱེར། སློབ་ཐོན་ལག་ཁྱེར།
སྤ་སེ། 票。 ང་ལ་རི་ལེའི་སྤ་སེ་མངག་རོགས་བྱེད་དང་། མཆོད་མཇལ་སྤ་སེ། གློག་བརྙན་སྤ་སེ། གནམ་གྲུའི་སྤ་སེ། སྨན་ཁང་སྤ་སེ།
ཁྲིམས་མེད་ལུགས་མེད། ཁྲིམས་མེད་ལུགས་མེད་ཀྱི་བྱེད་སྟངས་ངན་པ།
ཡ་རབས་ཙམ་ཡིན་ཏ། ཁྲིམས་མེད་ལུགས་མེད་དེ་འདྲ་མ་བྱེད་ཨ།
གནས་ལུགས་རྒྱུ་མཚན་ཤོད་ས་མེད་པར་ཁྲིམས་མེད་ལུགས་མེད་དེ་འདྲ་ཐལ་དྲགས་པ་རེད།
གྲོག ཁྱི་ཤི་ན་ཨོ་རོག་གི་གྲོག
གྲོག་ཞིམ་པོ་ལྕེས་འབུད་རྒྱག་བརྒྱབ།
གྲོག་ཆེ་ཐག་ཆོད་བྱུང་། 得到很大的意外之财。
དེ་རིང་གྲོག་མ་བྱུང་། དོན་ཆེན་རྦད་དེ་བསྐྱལ་སོང་།
ཞལ་ལག་ཞིམ་པོ་དེ་རྒན་ལགས་མ་མཆོད་ན་ང་ཚོ་དགེ་ཕྲུག་ཚོའི་གྲོག་རེད།
དགའ་པོ་ཉེ་པོ། སྔོན་ནས་དགའ་པོ་ཉེ་པོ་ཞེ་དྲག་མ་བྱེད། རྗེས་ལ་དགྲ་མཐོང་མཐོང་ཡང་མ་བྱེད།
ཡོད་དུས་དགའ་པོ་ཉེ་པོ་བྱས། མེད་དུས་མིག་མི་དགོས་ལྟག་ཁུང་ཡང་བལྟ་ཚད་རེད།
ཁོ་གཉིས་སྔོན་མ་དགའ་པོ་ཉེ་པོ་འཆམ་ཐག་ཆོད་རེད། ཡིན་ནའི་དོན་དག་ཆུང་ཙག་གིས་རྦད་དེ་ཞེ་འགྲས་འཁོན་འགྲས་ཆགས་པ་རེད།
འགྲོ་གསོལ། 欢送,༼དེང་དུས་ཐད་བསྒྱུར་བྱས་ཏེ་དགའ་སྐྱེལ་ཞེས་འབོད་ཀྱང་རྒན་རབས་ཚོས་མི་ཞིག་ཐག་རིང་ལ་སྐྱེལ་རྫོངས་ཞུ་སྐབས་དེར་རྟེན་འབྲེལ་ཞུ་བ་ལ་འགྲོ་གསོལ་ཞེས་ལབ་སྲོལ་ཡོད།༽
ཨ་ཅག་སྒྲོལ་མའི་ཕྲུ་གུ་རྒན་པ་དེ་རྒྱ་ནག་ལ་ཡིག་ཚད་ལོན་ནས་སང་ཉིན་འགྲོ་གསོལ་རེད་འདུག
ཁག་ཅིག་འགྲོ་གསོལ་ཟེར་ནའང་འགྲོ་མཁན་གྱི་གདོང་མཐོང་ཚད་རེད། རྦད་དེ་ཆང་བཏུང་བརྒྱབ་ནས་མགོ་འཁོར་གྱི་རེད།
ཁང་གསོལ། བང་གསོལ། ཐོག་གསོལ།
ཕོག་ཐུག ཕོག་དུག 触怒,冒犯,委屈。 ངའི་སྐད་ཆས་གཞན་ལ་ཕོག་ཐུག་སོང་ཡོད་ན་དགོངས་དག་ཞུ།
ངས་རང་ལ་ཕོག་ཐུག་གཏོང་འདོད་མེད།
སེམས་ལ་ཕོག་དུག་བཏང་བ།
སྟོང་སློག སྟོང་ལོག 白跑一趟,
དོན་དག་གཅོད་རྒྱུ་ཕར་ཞོག རྦད་དེ་སྟོང་སློག་བཏང་བྱུང་།
མོ་ཌའི་རྡལ་གླ་སྣུམ་རིན་ལོན་ཙམ་འདུག སྟོང་ལོག་མིན་ཙམ་རེད།
ཨེམ་ཚ། ༼ཐེ་ཚོམ་མམ་གཡང་བཀྱག་པ།༽
མོ་ཌ་རྐང་གཅིག་གཏོང་མྱོང་མེད་པར་ལག་པ་འཆང་དུས་སེམས་ནང་ཨེམ་ཚ་མཁན་ཞིག་བྱེད་ཀྱི་འདུག
མདང་དགོང་ནང་ལ་ལོག་དུས་འཕྱི་པོ་ཆགས་བཞག ལམ་ཁ་ལ་ནམ་རྒྱུན་མིས་ས་ཆ་དེ་འཚུབ་པོ་ཡོག་རེད་ཟེར་ས་དེར་སླེབས་དུས། སེམས་ནང་གདོན་འདྲེ་ཐུག་མི་ཡོང་ངམ་བསམ་ཨེམ་ཚ་མཁན་ཞིག་བྱས་བྱུང་།
རྡབ་བེ་རྡོབ་བེ། ༼ལོ།14—17གྱི་གཞོན་ནུ་ཕོ་མོ།༽ 少年,ས་ཁུལ་གྱི་ཕྲུ་གུ་རྡབ་བེ་རྡོབ་བེ་དེ་ཚོ་ཁ་འགྲོགས་ནས་ག་ས་ག་ལ་གནོད་སྐྱེལ་གྱི་འདུག
ཕྲུ་གུ་རྡབ་བེ་རྡོབ་བེ་དེ་ཚོ་འཛོམས་ན་འཁྱམ་རྒྱུ་རྐྱང་རེད།
ཁ་ཆག་སྣ་རལ།
སྨོན་ལམ་རྒྱག་དུས། ལུང་པར་སད་དང་སེར་བ། དམག་དང་མུ་གེ། ཁ་ཆག་སྣ་རལ་མ་ཡོང་བ་ཤོག་ཅེས་བརྒྱབ་ཀྱི་ཡོད།
ཁ་ཆག་སྣ་རལ་མ་བྱུང་གོང་། །
བསམ་བློ་དྲུག་གསུམ་བཅོ་བརྒྱད་ཐོངས། །
རང་འཁྱམ་སར་འཁྱམ་ཁ་ཆག་སྣ་རལ་མ་བྱུང་ན་འགྲིག་འདུག
སྐྱོན་ཆག ཨ་མའི་བུ་ཆུང་སྐྱོན་ཆག་མེད་པར་ལོན་ཤོག
ཁྲ་ཆུང་མིག་ལ་སྐྱོན་ཆག་མ་བྱུང་ན། ལྟད་མོ་ཆེན་པོ་ག་ནས་བལྟ་བལྟ་རེད།
གཞན་ལ་གཡར་བའི་ཅ་ལག་ཡག་ཉེས་ག་རེ་ཡིན་ནའི་སྐྱོན་ཆག་མེད་པར་རྩིས་སྤྲོད་བྱེད་དགོས་རེད།
ཐང་སྡེར། 广场 ཕོ་བྲང་པོ་ཏ་ལའི་མདུན་གྱི་ཐང་སྡེར།
སྔོན་མའི་ཐང་སྡེར་དེ་ད་ལྟ་ཐོག་བརྩེགས་ཁང་པས་ཁེངས་འདུག
ཡང་སྐོར་བསྐྱར་སྐོར། 反复循环,翻来翻去。
སྦང་གླུམ་ལ་ཆུ་ཡང་སྐོར་བསྐྱར་སྐོར་རྒྱག་པ།
ར་བཟི་ཡིས་སྐད་ཆ་ཡང་སྐོར་བསྐྱར་སྐོར་བཤད།
ཤོད་མི་དགོས་པའི་སྐད་ཆ་ཡང་སྐོར་བསྐྱར་སྐོར།
སྐད་ཆ་ཡང་སྐོར་བསྐྱར་སྐོར་དེ་འདྲ་ང་ལ་ཡུས་ཤོད་ཀྱི་ཡོད་པས།
ཡ་མེད། ༡ འགྲན་ཟླ་བྲལ་བ།无双,无敌。
དཔའ་མཛངས་ཡ་མེད།
༢ ཁྲེལ་མེད་དམ་རྩི་མེད། 无视,耍无赖。
མི་དེའི་མཉམ་དུ་མ་འགྲོ་ཨ། ཁོ་རྦད་དེ་ཡ་མེད་དེ་འདྲ་རེད།
ཆ་མེད་ཡུལ་ནས་ཡ་མེད་གྲོགས་པོ་ཐུག
བཀྲ་ཤིས་ཁོ་ལོ་མང་པོ་སྤྲང་འཁྱམ་གློད་ནས་ད་ལྟ་རྒྱག་རེས་བརྒྱབ་དགོས་བྱུང་ན་ཡ་མེད་རེད་བཞག
འཆོལ།
ཕྲུ་གུ་དེ་མདང་དགོང་འཆམ་པ་ཕོག་ཚ་བ་བརྒྱབ་ནས་རྦད་དེ་འཆོལ་བཞག
འཆོལ་བའི་སྐད་ཆ་བཟོ་འདྲ་མ་ཤོད།
ད་རང་འཆོལ་ཤག་ཡག་ཉེས་ཀྱང་ཧ་མ་གོ་བ་དེ་འདྲ།
ཁོ་ཧོབ་སྟེ་འཆོལ་ནས་ས་ཚོད་མ་ཐིག་པ་ཆགས་འདུག
མོ་ཌ་ཁ་འཆོལ་ནས་ལམ་ཁའི་རོང་ལ་མཆོངས།
སྦུག ༼ཁ་སྐད་ལ་བུག་ཟེར།༽
མི་ཚང་དེའི་ཕ་གྲོངས་ནས་ཁྱིམ་ཚང་དེ་རྦད་དེ་སྦུག་སོང་།
ཁོ་སྔོན་མ་ཐང་ཤ་དོད་པོ་ཞིག་ཡོད། ད་ལོ་ཡང་རྒས་ནས་རྦད་དེ་སྦུག་འདུག
འཕྲུལ་འཁོར་ལ་གཏོང་མཁས་མ་བྱས་ན་སྦུག་མགྱོགས་པོ་རེད།
མི་དཔའ་ཆ་ཐང་པོ་དེ་ཨ་རག་དཀར་པོའི་འོག་ལ་རྦད་དེ་སྦུག་སོང་།
མི་དེ་ཡོན་ཏན་ཆེན་པོ་ཞིག་ཡིན་ནའང་ལས་ཁུངས་དེར་སླེབས་པ་ནས་བཟུང་རྦད་དེ་སྦུག་ཤི་ཐེབས་སོང་།
འཛོལ་༼ཚོར་ཡང་ན་རྫོབ་༽རྟགས་བཤམས། རྫོབ་
མི་དེ་ཚོ་ཁ་བཙན་པོ་ཁྱོན་ནས་མི་འདུག རྦད་དེ་འཛོལ་རྟགས་བཤམས་སོང་།
ད་གིན་གནས་ཚུལ་དེ་རྒན་ལགས་མདུན་ལ་སུ་གཅིག་གིས་འཛོལ་རྟགས་མ་གཤོམ་ཨ།
གསང་བའི་ལས་ཀ་ག་རེ་བྱས་ནའི་ཁ་མ་མཐུན་ན་འཛོལ་རྟགས་བཤམ་རྒྱུ་གཏན་འཁེལ་རེད།
ཏོ་རོ་མོ་རོ།
སྐྱབས་འགྲོ་ཏོ་རོ་མོ་རོ་བསྐྱོར་ནས་བླ་མ་ཡིན་མདོག
མི་ཏོ་རོ་མོ་རོ་ཚ་པོ།
ལག་ཤེས་ཏོ་རོ་མོ་རོ་ཅི་ཤེས་ཀྱི་ཡོད།
རི་མོ་ཏོ་རོ་མོ་རོ་ཅི་བྲིས་ཐང་ག་བཞེངས་རྒྱུ་ཨེ།
དཔའ་བློ་ཁོག
དཔའ་བློ་ཁོག་ཡོད་ན་མདུན་ལ་དོན།
དཔའ་བློ་ཁོག་ཡོད་པའི་མི་དེ་འདྲ་ས་མེད།
ང་ཚོའི་དཔའ་བློ་ཁོག་གྲི་འཕྱར་ནས་ངོམ་རྒྱུ་དེ་མ་རེད། ཤེས་བྱ་ཡོན་ཏན་འཁྱེར་ནས་དོན་གོ་ཆོད་པ་བྱེད་རྒྱུ་དེ་རེད།
རྡབ་ཆག
ངའི་བུ་མོའི་མི་ཚེའི་ལམ་ལ་རྡབ་ཆག་ཤོར་ཡོང་བསམ་པའི་སེམས་ཁྲལ་འདུག
ཕྲུ་གུ་གང་བྱུང་གློད་ན་རྡབ་ཆག་ཤོར་ཡོང་།
ནག་ཁུང་ནང་བཞུ་མར་མེད་ན་རྡབ་ཆག་ཤོར་ཡོང་།
རྡོ་སྐས་གཟར་པོར་གཟབ་གཟབ་མ་བྱས་ན་རྡབ་ཆག་ཤོར་ཡོང་།
ཐོབ་ཤོར། 胜负。འགྲན་བསྡུར་བྱས་ན་ཐོབ་ཤོར་ཡོང་ད་ཡོང་།
སྤོ་ལོ་བརྒྱབ་ན་ཐོབ་ཤོར་ཡོང་གི་རེད། སུ་ཤོར་ནའི་ང་ཚོ་ཚང་མ་ཧ་ཧུ་ཡིན་ད།
རྒྱན་འཛུགས་བྱས་ན་ཐོབ་ཤོར་ཡོང་སྲིད།
ལས་ཐོག་གཅིག་པ། ང་ཚོ་ཚང་མ་ལས་ཐོག་གཅིག་པའི་མི་རྐྱང་རྐྱང་རེད།
སྐྱིད་སྡུག ༡ ༼སྐྱིད་པོ་སྡུག་པོའི་བསྡུས་ཚིག༽དམངས་ཀྱི་སྐྱིད་སྡུག སྐྱིད་སྡུག་འདྲ་མིན་སྣ་ཚོགས།
༢ ༼འཚོ་བརྟེན་ནམ་འཚོ་ཐབས། ༽ སྐྱིད་སྡུག་གཅིག་པ། སྐྱིད་སྡུག་ཟླ་སྒྲིལ་བ། སྐྱིད་སྡུག་མཉམ་མྱོང་།
༣ ༼ལས་རིགས་ཀྱི་སྒྲིག་འཛུགས་སམ་ཚོགས་པ།༽
职业工会,具乐部,
ནང་མའི་སྐྱིད་སྡུག རོལ་དབྱངས་སྐྱིད་སྡུག
སྤོ་ལོའི་སྐྱིད་སྡུག འང་གུའི་སྐྱིད་སྡུག༼གཞས་གཏོང་མཁན་གྱི་ཚོགས་པ་ཞིག༽
རྡོ་བཟོའི་སྐྱིད་སྡུག་ནས་འཐེན།
ཤིང་བཟོའི་སྐྱིད་སྡུག་ལ་འཛུལ།
འབོར་ཤོབ། སྦོ་ཤོབ། 夸张,夸耀。
སྐད་ཆ་འབོར་ཤོབ་ཚ་པོ།
འཇོན་རྒྱུ་མེད་པའི་འབོར་ཤོབ་མ་ཤོད།
འབོར་ཤོབ་ལ་བལྟས་ན་འཇོན་པོ་ཡོད་མདོག དོན་ངོ་མའི་ཐོག་མིའི་ལག་པ་གཟེད་ནས་འཚོ་བ་སྐྱེལ་མཁན་རེད།
འབོར་ཤོབ་ལ་བལྟས་ན་རི་པང་ཁར་བཀྱག་མི་ཡོང་ངམ་བསམ་བསམ་ཤོད་ཀྱིས།
འབོར་ཤོབ་ལ་ནི་དཔོན་པོ་མཐོ་པོ་ཡིན་མདོག དོན་དངོས་ཐོག་ཁྱི་མཐོང་རི་འཁུར་རང་རེད་ཤག
གཏན་མེད། 弄坏,消灭。
འཕྲུལ་འཁོར་བཟོ་མ་ཤེས་པར་གང་བྱུང་ཁ་བསྔོགས་ན་གཏན་མེད་བཏང་ཡོང་།
ཕྲུ་གུའི་ལག་པར་ཁ་པར་སྤྲད་ན་གཏན་མེད་གཏོང་གི་རེད།
དགྲ་བོ་གཏན་མེད་བཏང་བ།
རྒྱན་འཛུགས་ལ་དགའ་དྲག་ན་ཁྱིམ་ཚང་གཏན་མེད་བཏང་ཡོང་།
ཨ་སློག ལྟོ་ཀྱོག་ལོག 翻,倒
གནས་ཚུལ་རྙིང་པ་ཨ་སློག་བརྒྱབ་ནས་རྙོག་དྲྭ་མ་བཟོ་ཨ།
ཁྲང་འཁྲུ་ཨ་སློག་བརྒྱབ།
ཤོག་ལྷེ་ཨ་སློག་བརྒྱབ།
ཐུག་པ་ལྟོ་ཀྱོག་ལོག
ས་ཆ་དེ་རྒྱལ་ཁབ་ཀྱི་འཛུགས་སྐྲུན་འཆར་གཞིའི་ནང་ཚུད་ཙང་། དེ་ཁུལ་གྱི་ཁང་པ་ཡོད་ཚད་ལྟོ་ཀྱོག་སློག་དགོས་འཁེལ་བ་རེད།
མོ་ཌ་ལྟོ་ཀྱོག་ལོག
སྟོད་ལངས་བརྒྱབ། 床上半躺
༼ཉལ་ས་ནས་ཁོག་སྟོད་ཙོག་ནས་བསྡད་པ།༽
མ་ཉལ་པར་སྟོད་ལངས་བརྒྱབ་ནས་བསྡད་དེ་བསམ་བློ་ག་རེ་འཁོར་བྱུང་།
སྟོད་ལངས་བརྒྱབ་ནས་ཁ་འདོན་བྱས།
སྤོ་བོ་ལགས་ཀྱིས་སྟོད་ལངས་བརྒྱབ་ནས་སྣ་ཐ་འཐེན་ཞོར་སྔ་རྒྱུས་ད་རྒྱུས་བཤད།
ང་ད་ལྟ་ཉལ་རྩིས་བྱས་སྟོད་ལངས་བརྒྱབ་ནས་བསྡད་ཡོད།
སྤང་༼སྤྲང་༽ལང་།
༼སྤྲང་པོ་ངན་པ་ལང་ཤོར།༽
ཁོའི་བྱེད་སྟངས་ལ་ལྟོས་དང་སྤང་ལང་རང་རེད།
ཕྲུ་གུ་སྤང་ལང་དེ་ཚོའི་མཉམ་དུ་ཕྱིན་ན། ཉིན་མ་གཅིག་རང་ལ་ཡང་ཆག་སྒོ་ཁྲིད་ཡོང་གི་རེད།
ཕྱོགས་སྤང་། 流氓
༼ཕྱོགས་སྤང་ནས་རང་སྣང་གང་ཤར་བྱེད་མཁན།༽
ཕྱོགས་སྤང་གི་ལད་ཟློས་མ་བྱེད།
ཕྱོགས་སྤང་དང་ཁ་འགྲོགས་ན་སོ་སོ་ཡང་ཕྱོགས་སྤང་ཆགས་རྒྱུ་གཏན་འཁེལ་རེད།
བྲེབ་བཙོང་། 偷懒,
ལས་ཀར་བྲེབ་བཙོང་།
མི་ཁག་ཅིག་རྟག་པར་བྲེབ་བཙོང་ནས་ལས་ཀར་མ་ཡོང་ནའི་དེ་ཚོ་ལ་ངོ་ཚ་རྒྱུ་རྐང་གཅིག་མི་འདུག
སོ་སོའི་ལས་ཀར་ཧུར་ཐག་འབད་ཐག ཡིན་ནའི་སྤྱི་པའི་ལས་ཀར་རྦད་དེ་བྲེབ་བཙོང་རྐྱང་རེད།
བྲེབ་ཞེ་དྲག་བཙོང་ན་རྣམ་སྨིན་བརྡོལ་ཡོང་།
གོ་བ་ལོག་སྒྲུབ། 颠倒原意,曲解本意。
༼གོ་བ་ག་ཕྱི་ག་ལོག གོ་ནོར་ཐེབས་པ།༽
སྐད་ཆ་ཤོད་དུས་གཟབ་གཟབ་མ་བྱས་ན་གཞན་གྱིས་གོ་བ་ལོག་སྒྲུབ་བྱེད་ཀྱི་རེད།
རོགས་པས་རང་ལ་བཤད་པའི་སྐད་ཆ་ཕན་པ་རྐྱང་རེད། རང་གོ་བ་ལོག་སྒྲུབ་མ་བྱེད་ལགས།
མི་ཁོར་སྐད་ཆ་ཡག་པ་བཤད་མ་བཤད་ཡོག་མ་རེད། རྦད་དེ་གོ་བ་ལོག་སྒྲུབ་བྱེད་ཀྱི་རེད།
འབོ་ལོག 翻倍,
༼ཚད་ལས་བརྒལ་བའི་འབོ།༽
དེ་རིང་ཚོང་ཡག་ཐག་ཆོད་ནས་དངུལ་འབོ་ལོག་བརྒྱབ་སོང་། 今天生意太好,赚惨了。
ད་རེས་ཚོང་འདུས་ལ་མིས་འབོ་ལོག་རྒྱག་གི་འདུག
བླ་མ་དངོས་གནས་ཡིན་ནམ་མིན་ནམ་མ་ཤེས་མཇལ་ཁ་ཞུ་མཁན་མི་ནི་འབོ་ལོག་ཐེབས་ཤག
ར་བཟི་སྐྱུར་འགོང་། 耍酒疯,
གཞོན་པས་བཞུགས་གྲལ་ཕྱོགས་ལ། ར་བཟི་སྐྱུར་འགོང་མེད་པའི། དམ་བཅའ་བཞག་ནས་ལོག་འགྲོ།
ར་བཟི་སྐྱུར་འགོང་ཤོད་མཁན་དེ་རིགས་ནི་ཆང་འཐུང་བའི་ཞབས་འདྲེན་རེད།
ར་བཟི་སྐྱུར་འགོང་ཤོད་མཁན་ལ་སྐྱུར་ཐིགས་པ་གཅིག་ཀྱང་མ་སྟེར།
ལས་ཤོགས་ཆེན་པོ། 进度很快,
དེང་སང་མོ་ཌ་འཁོར་ལོ་མང་པོ་དེ་ཚོ་ལས་ཤོགས་ཆེ་བ་ལ་ཧང་སངས་དགོས་ཡས་ཤིག་འདུག
བུ་མོ་དེ་ལས་ཀར་ལས་ཤོགས་མེད་ནའི་ལས་ཀ་རུ་ངར་པོ་ཡོད།
ལས་ཤོགས་ཆེས་ནི་གང་ཡོང་། དེ་ལས་ལས་གཞུག་འཁྱོལ་བ་བྱས་ན་ཡག་ཤོས་རེད།
སེམས་བློང་། 忧愁,
༼ཡིད་མི་བདེ་བ།༽
ངའི་བསམ་པར་ཁོས་ད་གིན་གནས་ཚུལ་དེ་བརྗེད་ཡོད་ཤག་ཡིན། ཁོས་ནི་སེམས་བློང་བརྒྱབ་ནས་ཡང་ཡང་དྲི་གི་འདུག
ཁོས་ནི་ཧོབ་སྟེ་སེམས་བློང་བརྒྱབ་ནས་བུ་མོ་དེའི་སྐོར་དྲི་གི་འདུག
དངུལ་ཁ་བསླུས་ཤོར་བའི་སྐོར་དེ་ཨ་མས་སེམས་བློང་བརྒྱབ་ནས་གླེང་གི་འདུག
འཕྱུག་པ། 错乱,错误,过失。
༼ནོར་བའམ་འཛོལ་བ།༽
ང་ཕྱིན་པའི་གཞུག་ལ་བྱ་བ་འཕྱུག་མི་ཡོང་།
དུས་ཚོད་འགྲོ་མགྱོགས་པས་ད་ལྟ་ངར་གང་ཡང་རགས་མི་འདུག བསམ་ཤེས་ཐུབ་དུས་དེ་སྔོན་སློབ་གྲྭར་ཧུར་ཐག་མ་ཕྱིན་པས་འཕྱུགས་འདུག
ཕ་མའི་བཀའ་གསུང་བཞིན་མ་འཕྱུག་པ་བྱེད་རྒྱུ་དེ་གལ་ཆེན་པོ་རེད།
སྐད་ཆ་མང་ན་འཕྱུགས་འགྲོ། སྐུད་པ་རིང་ན་ཆད་འགྲོ།
གཞན་གྱིས་མངག་པའི་ལས་ཀ་མ་འཕྱུག་པ་བྱེད་དགོས། འཕྱུགས་ན་གཞན་གྱིས་རང་ལ་ཆ་འཇོག་བྱེད་སྲིད་ཀྱི་མ་རེད་དོ།
སློང་ཆང་། 定婚,
སེམས་ལ་ཡོད་པའི་བུ་མོ་དེ་སློང་ཆང་བཏང་ཚར་འདུག
ཕ་མས་ངེད་གཉིས་སློང་ཆང་བཏང་པ་རེད།
ཡ་ཡུག་ཚ་པོ། 果断,果敢。
ཚོང་ཡ་ཡུག་ཚ་པོ།
ལས་ཀ་ཡ་ཡུག་ཚ་པོ་དེ་འདྲ་མ་བྱེད།
མོ་ཌ་ཡ་ཡུག་བྱས་མགྱོགས་པོ་གཏོང་མཁན་ནི་མིའི་སྲོག་ལ་ལག་རྩེད་རྩེད་མཁན་རེད།
ཆང་ས་རྒྱག་ཡས་དེ་མི་ཚེ་གཅིག་གི་དོན་དག་རེད། བསམ་བློ་ཡག་པོ་མ་བཏང་པར་ཡ་ཡུག་གིས་ལམ་སེང་ཐག་མ་གཅོད་ལགས།
ཚོང་ཆེན་པོ་དེ་འདྲར་ཡ་ཡུག་མ་བྱེད་མ་གཏོགས། རྐུབ་དིབ་ན་གྱོང་གུན་ཆེན་པོ་ཕོག་གི་རེད།
ཨོར་འཐོམ། 固执,顽梗。
༼རང་ཤེད།༽
མི་ཨོར་འདོམ་ཚ་པོ་དེར་སྐད་ཆ་ཞེ་དྲག་ཤོད་ས་མེད། ལམ་སེང་རྒྱག་རེས་ཇུས་བྱེད་ཀྱི་རེད།
མི་ལ་སྐད་ཆ་ག་ལེར་མ་བཤད་པར་ལམ་སེང་ཨོར་འདོམ་ཚ་པོ་བྱེད་རྒྱུ་ཡོག་མ་རེད།
རང་ལ་བདེན་པ་མེད་ན་མི་ལ་ཨོར་འཐོམ་བཤད་པས་མི་ཡོང་།
མི་ཨོར་འཐོམ་ཚ་པོར་རྩོད་པ་རྒྱག རྒྱག་རེས་ཤོར་ན་ཆོ་སེ་ཡོག་མ་རེད།
ཧུར་ཐག་འབད་ཐག 尽心尽力,
སོ་སོས་ལས་ཀར་ཧུར་ཐག་འབད་ཐག་བྱས་ན། མི་གཞན་དག་གིས་ཅང་ཤོད་ཀྱི་མ་རེད། གཡོ་ཟོལ་རྩ་བ་ནས་མ་བྱེད།
སློབ་སྦྱོང་ཧུར་ཐག་འབད་ཐག་བྱས་ན་ཡིག་ཚད་ལ་སྣང་དག་མེད།
ངས་ཤར་རྒྱུགས་ནུབ་རྒྱུགས་ཀྱིས་ཧུར་ཐག་འབད་ཐག་ག་ཚོད་བྱས་ནའི། ཡོང་འབབ་ཚང་མ་སྦྱིན་བདག་ལ་རྩིས་སྤྲོད་བྱེད་རྒྱུ་རེད།
གདོང་རྩལ། 厚脸皮,
༼ངོ་ཚ་ཞེ་ཁྲེལ་མེད་པ།༽
ལས་ཀར་གཡོལ། བཟའ་ས་འཐུང་ས་གང་སར་མི་གདོང་རྩལ་ཆེན་པོ་དེ་སླེབས་ཀྱི་རེད།
ད་ལྟའི་སྤྱི་ཚོགས་འདིར་མི་གདོང་རྩལ་ཆེན་པོ་དང་། ཧམ་པ། སྐྱག་རྫུན་ཤོད་མཁན་གང་ཞིག་བིན་༼བྲིན་༽ཆེ་གི་རེད། ཡིན་ནའི་དེ་ཁ་ཟུར་ཙམ་རེད་མ་གཏོགས་ཕུགས་ལ་འཁྱོལ་རྒྱུ་ཁག་པོ་རེད། སྦོ་ལུག་རྒྱུ་ཉག་ཅིག་རེད།
རང་གིས་ནོར་ཡང་གདོང་རྩལ་ཆེན་པོས་གཞན་ལ་གཤེ་གཤེ་བཏང་།
བུ་མོ་དེ་གདོང་རྩལ་ཆེ་བ་ལ་མི་རྒན་པ་དང་སུར་བརྩི་འཇོག་མ་བྱས་པར་ཁ་ནས་སྐད་ཆ་གང་ཐོན་ཤོད་རྐྱང་རེད།ཟོན་རྐང་གཅིག་བྱེད་ཀྱི་མི་འདུག
གང་སྐྱིད་ཕ་ཡུལ། 任性,随意, 天涯若比邻,四海为家。
༼གཞན་ལ་བསྟུན་མཁས་བྱེད་མི་དགོས་པར་གང་དགའ་གང་སྐྱིད་གང་འདོད་གང་འགྲོ།༽
མི་ཧྲང་ཧྲང་༼ཧྲེང་༽དེ་ལ་སེམས་ཁྲལ་རྐང་གཅིག་མི་འདུག་རྦད་དེ་གང་སྐྱིད་ཕ་ཡུལ་རེད།
མི་གང་སྐྱིད་ཕ་ཡུལ་ཞེ་ཅིག་འདུག
ད་རང་སྔོན་མ་དང་འདྲ་གི་མ་རེད། ཁྱིམ་ཚང་གི་འགན་འཁུར་ནས་བསམ་ཤེས་ཐོངས་པ་བྱས། གང་སྐྱིད་ཕ་ཡུལ་མ་བྱེད་ལགས།
འདྲིས་མོས་བཏང་། 相处 、了解。མི་ཡག་པ་དེ་ཚོ་དང་འདྲིས་མོས་བཏང་ན་རང་ལ་ཡང་ཕན་པ་ཡོང་གི་རེད།ལས་ཀའི་རོགས་པ་དང་འདྲིས་མོས་བཏང་ཚར་ན་ལས་ཀ་ཡང་ལས་སླ་རུ་འགྲོ་གི་རེད། རྒན་ལགས་ཀྱིས་སློབ་གྲོགས་གསར་པ་དང་འདྲིས་མོས་གཏོང་དུ་བཅུགང་བུ་མོ་མཛེས་མ་དེ་དང་འདྲིས་མོས་གཏོང་སྙིང་འདོད་བྱུང་།
དྲུང་ཡིག 秘书,ཁོང་གི་མངའ་འོག་དྲུང་ཡིག་ཚང་མ་ལས་ཀ་འཇོན་པོ་རྐྱང་རེད།
ས་སྐྱེས་རྡོ་སྐྱེས། 土生土长,ང་ལྷ་སའི་ས་སྐྱེས་རྡོ་སྐྱེས་ཀྱི་མི་ཞིག་ཡིན། ངས་ལྷ་ས་རུ་བཞིའི་གནས་ཚུལ་མི་ཤེས་པ་མི་སྲིད། བཀྲ་ཤིས་ལྷ་སའི་ས་སྐྱེས་རྡོ་སྐྱེས་མི་ཡིན་ནའང་ལྷ་སའི་ས་ཁུལ་གྱི་སྒོ་རྭའི་མིང་ར་གཉིས་མ་གཏོགས་ཤེས་ཀྱི་མི་འདུག
ལམ་ཞོར། ཞོར་ལ། 顺路,顺便。ཁྱེད་རང་ཐད་དུས་ལམ་ཞོར་འཁེལ་ན་ཅ་ལག་དེ་མཉམ་དུ་བསྣམས་རོགས།ལམ་ཞོར་རེད་ངས་འཁྱེར་རོགས་ཞུས་ཆོགཀོང་པོར་འགྲོ་དུས་ལམ་ཞོར་ལ་སྤུན་མཆེད་ཐུག་འཕྲད་བྱུང་།ཁྱེད་རང་ལ་ཅ་ཟིང་པོ་བཟོ་རྒྱུ་ཞིག་ཡོད། ཁྱེད་རང་ཕྱིན་པའི་ཞོར་ལ་ངའི་ཅ་ལག་ཀྱང་མཉམ་དུ་འཁྱེར་རོགས།བཟང་པོའི་ཞོར་ལ་ཇ་ཆང་། ངན་པའི་ཞོར་ལ་རྒྱུག་རྡུང་།༼འགྲོ་ཞོར་ལམ་བུའི་སྙིང་ཐུབ། །ལུས་དྲི་ཞིམ་པའི་བུ་མོ། །གཡུ་ཆུང་གྲུ་དཀར་རྙེད་ནས། །བསྐྱུར་བ་དེ་དང་འདྲ་བྱུང་།༽ལས་ཀའི་ཞོར་ལ་སྐད་ཆ་བཤད།ལྟད་མོ་ལྟ་ཞོར་ཅི་གྲོས་མོས་གྲོས་བཤད།
ཕ་རིའི་སྤང་རྒྱན། 山花烂漫,ང་རང་མ་ཚར་བར། རང་ལ་རོགས་པ་བྱེད་རྒྱུ་ཕ་རིའི་སྤང་རྒྱན་རེད། ངས་མ་ཤེས་པར་རང་ལ་སློབ་རྒྱུ་ཕ་རིའི་སྤང་རྒྱན་རེད།དེ་རིང་བླ་མ་མཇལ་ཡས་ཕ་རིའི་སྤང་རྒྱན་རེད།འཚང་ཁས་རྦད་དེ་ཐར་ཚད་རེད་འདུགགླ་ཆ་ཕྲ་ལ་ཕྲན་བུ་དེ་ལས་མེད་པར་རྒྱས་སྤྲོས་ལོངས་སྤྱོད་བྱེད་རྒྱུ་ཕ་རིའི་སྤང་རྒྱན་རེད།སོ་སོའི་སྒྲོག་མ་གྲོལ་བར། ང་ལ་རོགས་བྱེད་རྒྱུ་ཕ་རིའི་སྤང་རྒྱན་རེད།
མ་ཉེས་ཁ་གཡོགས། 冤枉,ཡིན་མིན་ཐག་གསལ་པོ་གཅོད། མ་ཉེས་ཁ་གཡོགས་མ་བྱེད།མི་ལ་མ་ཉེས་ཁ་གཡོགས་བྱས་ན་རང་ལ་རྒྱུ་འབྲས་སྨིན་གྱི་རེད་ད།ལས་ཀ་སྡུག་ཅག་དེ་ངས་བྱས་མེད། ང་མ་ཉེས་ཁ་གཡོགས་མ་གནང་རོགས།
མདའ་ཤོང་མདུང་ཤོང་། 很宽容,容忍。ཁོག་ཡངས།ཕོ་ཁྱོ་གའི་ཁོག་པ་མདའ་ཤོང་མདུང་ཤོང་། 好汉肚里容箭容予。
བློ་ཐག་ཆོད་པོ། སེམས་ཐག་ཆོད་པོ། སེམས་ཐག་གཙང་བཅད།决心,决计。ལས་ཀ་ག་རེ་བྱས་ནའི་བློ་ཐག་ཆོད་པོ་དགོས།ཐང་ངེ་ཐིང་ངེ་མེད་པར་བློ་ཐག་བཅད་དེ་ལས་ཀ་བྱེད།ད་ང་ལས་ཀ་དེར་འགྲོ་གི་མིན་རྦད་དེ་སེམས་ཐག་ཆོད་སོང་།ད་ནས་བཟུང་ང་འཁྱམ་པར་མི་འགྲོ་སེམས་ཐག་གཙང་བཅད་ཡིན།གྲོགས་པོས་ཐ་མག་འཐེན་རྒྱུ་མེད་པའི་སེམས་ཐག་རྦད་དེ་བཅད་བཞགམི་དེར་རེ་བ་རྒྱག་ལོས་མི་འདུག་རེ་ཐག་རྦད་དེ་ཆོད་སོང་།
འགྲོ་ཆགས་བདེ་པོ། 行住方便,便行。ཁང་པ་འགྲོ་ཆགས་བདེ་པོ།ཁང་པ་ཉིས་ཐོག་བརྒྱབ་ན་རྒན་འཁོགས་འགྲོ་ཆགས་བདེ་པོ་མི་ཡོང་།སྔོན་མའི་ཀྲང་༼སྲང་༽ལམ་གུ་དོག་པོ་དེ་ད་འགྲོ་ཆགས་བདེ་པོ་ཆགས་འདུགཁོ་ཚོའི་ནང་ལམ་ཁར་རེད། འགྲོ་ཆགས་བདེ་ཐག་ཆོད་རེད།ང་ཚོའི་ཕ་ཡུལ་ས་རོང་རྩུབ་པོ་མེད་ཙང་འཕྲུལ་འཁོར་འགྲོ་ཆགས་བདེ་པོ་རེད།
ཨ་ན་ཨུ་ཚུགས། 固执,勉强, གལ་སྲིད་ཁྱེད་རང་གི་ཐུགས་ཕན་མ་གསོས་ན། ང་ཨ་ན་ཨུ་ཚུགས་བྱས་ལས་ཀར་སྡོད་འདོད་མི་འདུགལས་ཀ་འཇོན་མི་འཇོན་ལ་ཨ་ན་ཨུ་ཚུགས་མ་བྱེད།ཁྱེད་རང་གི་བློ་ལ་མེད་ན་ང་ཡང་ཨ་ན་ཨུ་ཚུགས་ཀྱིས་སྡོད་འདོད་མི་འདུག
རྩེ་དྲུང་། 僧官༼ སེར་མོ་བའི་དཔོན་རིགས།༽ ང་ཚོའི་སྤོ་བོ་ལགས་སྔོན་མ་རྩེ་དྲུང་རེད།
དྲུང་འཁོར། 俗官༼མི་སྐྱའི་དཔོན་རིགས།༽གཞུང་ཞབས་དྲུང་འཁོར་བ་རྣམས་ཞོགས་ལྟར་དྲུང་ཇར་ཕེབས་དགོས་ཀྱི་ཡོད།
གད་པ། 环卫工人,ང་ཚོའི་གྲོང་པ་ཨ་ཅག་འཛོམས་སྐྱིད་ས་ཁུལ་གྱི་གད་པ་ཡིན་པས། ཞོགས་ལྟར་སྔ་པོ་ནས་འགྲོ་དགོས་ཀྱི་འདུགང་ཚོས་གད་སྙིགས་གང་བྱུང་མང་བྱུང་མ་གཡུགས་ན་གད་པའི་ལས་བཟོད་བདེ་རུ་འགྲོ་གི་རེད། དེ་ཡང་ཆོས་རེད།མི་ཁག་ཅིག་གིས་གད་པར་མཐོང་ཆུང་བྱེད་རྐྱང་རེད།
ཏིང་ཏིང་ཁྲུལ་ཁྲུལ། 垂垂,悬悬,摇拽下垂状。ལྕང་མའི་ཡལ་ག་རྩ་བཀོག་མ་ཕྱིན་པར་ཏིང་ཏིང་ཁྲུལ་ཁྲུལ་བྱས་བསྡད་འདུགཁྱི་ཕྲུག་གི་སྐེ་ཐིག་སྐས་འཛེགས་ལ་འཁོན་ནས་ཏིང་ཏིང་ཁྲུལ་ཁྲུལ་བྱས་བསྡད་འདུག
ཆིབས་གཡོག ཆིབས་ཞབས། 骑马随从,དཔོན་གྱི་ཆིབས་གཡོག
ཆིབས་བསྒྱུར་གནང་། 请慢走,སྐུ་ངོ་ཆིབས་བསྒྱུར་གནང་ཀོ།
ཟུར་རྡོ། 角球ཕུན་ཚོགས་ཟུར་རྡོ་རྒྱག་མཁས་པོ་ཡོད།བཀྲ་ཤིས་ཀྱིས་བརྒྱབ་པའི་ཟུར་རྡོ་དེ་སྨྱུ་གུ་གསགས་ལ་ཕྱིན་སོང་།
འར་བསྡུས། 粗暴,强行。ཁོས་འཕྲུལ་འཁོར་འར་བསྡུས་ནས་གཏོང་དུས་འཕྲུལ་འཁོར་ཡང་སེམས་ཅན་གཅུན་པ་ནང་བཞིན་ཁ་ལ་ཉན་པོ་འདུགསྐད་ཆ་ཤོད་དུས་འར་བསྡུས་མ་ཡོང་ཨང་།ཧམ་པས་གཞན་འར་གྱིས་བསྡུས།
ཞ་མཆོངས། 瞎跳,ལམ་ཁ་ལ་མིག་ཡག་པོ་ལྟོས། ཞ་མཆོངས་མ་རྒྱགནག་ཁུང་ནང་སླེབས་པ་ནང་བཞིན་ཞ་མཆོངས་མ་རྒྱག་ཨང་།ཞ་མཆོངས་བརྒྱབ་ན་དཔལ་༼དཔྲལ་༽ཁོག་མཆོད་པ་ཕུལ་ཡོང་།
ཧ་རྡབ། 不沉着,༼མི་ཚ་གི་ཚི་གི།༽རྐང་ལག་ལ་ཟོན་བྱེད། ལས་ཀ་བྱེད་དུས་ཧ་རྡབ་ཚ་པོ་དེ་འདྲ་མ་བྱེད། ལས་ཀ་བྱེད་དུས་ཧ་རྡབ་མ་བྱས་པར་ག་ལེ་ག་ལེར་བྱེད། བྲེལ་བ་མེད།
ཁ་མེད་སྣ་མེད། 极端,过分,异常。དོན་མེད་འགྲོ་སོང་ཁ་མེད་སྣ་མེད་བཏང་།ཁོས་མོ་ཌ་མགྱོགས་པོ་ཁ་མེད་སྣ་མེད་གཏོང་གི་འདུགཉི་མ་སློབ་སྦྱོང་ཁ་མེད་སྣ་མེད་བྱེད་ཀྱི་རེད་དེ། རིག་པ་སྐྱོ་དྲག་ནས་ཅང་ཤེས་ཀྱི་མི་འདུག
དཔའ་ཆ་ཐང་པོ། 壮士, 结实,༡ མི་དཔའ་ཆ་ཐང་པོ།སྤོ་ལོ་རྒྱག་མཁན་ཀྲེ་མོ་སི་དཔའ་ཆ་ཐང་པོ་ཞེད་པོ་ཡོག་རེད།༢ ཅོག་ཙེ་གྱ་རི་གྱུ་རི་མིན་པར་དཔའ་ཆ་ཐང་པོ་བཟོས་འདུག
གྲལ་འགོ། 座首,前位, ༡ བཞུགས་གྲལ་གྱི་གྲལ་འགོགྲལ་འགོ་ནས་གཏམ་ཤོད་མཁན་ཡོད་ན། གྲལ་གཞུག་ཏུ་ཉན་མཁན་དགོས།ཡག་དྲགས་ནས་གྲལ་འགོར་སླེབས་པ་མ་རེད། ཁྱིས་དེད་ནས་གྲལ་འགོར་སླེབས་པ་རེད།༢ བརྒྱ་ཐམ་པའི་གྲལ་འགོར་མ་སླེབས་ཀྱང་།སྟོང་ཐམ་པའི་གྲལ་གཞུག་མ་ལུས་པ།ད་རེས་གཅིག་པུ་ཁོ་ཡིག་ཚད་འཛིན་གྲྭའི་ནང་གི་གྲལ་འགོར་སླེབས་འདུག
ཐབས་རྡུགས། 力竭,无办法,计穷,到尽头。༼ཐབས་ཟད་པའམ་ཐབས་མེད་པ།༽བྱེད་སྟངས་དེ་འདྲ་ཐབས་རྡུགས་རང་རེད།གནས་ཚུལ་གལ་ཆེན་པོ་དེ་འདྲ་ང་ལ་ལན་མ་བྱས་པ་དངོས་གནས་ཐབས་རྡུགས་རང་རེད།ཁྱེད་རང་གི་ཐབས་རྡུགས་ལ་ལས་ཀ་ཡག་པོ་དེ་འདྲ་ཕུ་བརྒྱབ་འདུགམཁས་པ་ཇི་ལྟར་ཐབས་རྡུགས་ཀྱང་། བླུན་པོ་འཇུག་པའི་ལམ་མི་འགྲོ།ཕ་མར་ཁ་སློག་བརྒྱབ་ན་ཐབས་རྡུགས་རང་རེད།
ཐབས་སྡུག 恶劣,卑鄙。༼བསམ་གནག་ཁྲེལ་མེད།༽དེ་འདྲའི་ཐབས་སྡུག་པ་ལ་ཨང་།ཁོས་ལས་ཀ་ཐབས་སྡུག་དེ་འདྲ་བྱས་ཡོང་བསམ་བསམ་མ་བྱུང་།
བོད་སྐད་ཡག་པོ་རྒྱག་དགོས་ན་ངེས་པར་འདི་དག་ལ་སློབ་སྦྱོང་བྱ་དགོས་ངེས།
ཡག་པོ་འདུག