སློབ་མ་ལ་སྤྲིངས་པའི་སྤྲིངས་ཡིག་བཞུགས་སོ། །

སློབ་མ་ལ་སྤྲིངས་པའི་སྤྲིངས་ཡིག་བཞུགས་སོ། །

སློབ་མ་ལ་སྤྲིངས་པའི་སྤྲིངས་ཡིག་བཞུགས་སོ།  །

རྒྱ་གར་སྐད་དུ། ཤིཀྵ་ལེ་ཁ།

བོད་སྐད་དུ།   སློབ་མ་ལ་སྤྲིངས་པའི་སྤྲིངས་ཡིག

 

ཙན་དྲ་གོ་མི།

 

 

དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གང་གིས་མཛད་པ་ཤིན་ཏུ་དཀའ་སྤྱད་སྔོན་བྱུང་བ།།མིའམ་ཅི་དང་ལྷ་མོ་རྣམས་ཀྱིས་རབ་བསྙད་ན།།བདུད་ཀྱི་བུ་མོ་བཞིན་རས་པད་མའི་ནགས་ཚལ་དག།ད་ལྟར་ཟླ་བའི་ཟེར་གྱིས་ཕོག་པ་བཞིན་དུ་ཟུམ།།བཀྲ་ཤིས་ཡིད་འོང་ཤིས་ཏུ་རྨད་བྱུང་སྐུ་མངའ་བ།།བསོད་ནམས་ཆུང་ངུའི་སྐྱེ་བོས་མཐོང་བ་རྙེད་དཀའ་བ།།འཇིག་རྟེན་མངོན་པར་འདོད་པའི་རེ་བ་བསྒྲུབ་པ་གང་།།ཡིད་བཞིན་ནོར་བུ་ལྟ་བུར་གཞན་དོན་རོ་གཅིག་སྤྱོད།།གང་ཞིག་རྟག་ཏུ་ཕ་རོལ་བདེ་བས་བདེར་འགྱུར་ཞིང་།གཞན་དག་སྡུག་བསྔལ་གྱུར་པའི་མཆོག་ཏུ་འོ་བརྒྱལ་བ།།ཐུགས་རྗེ་ཆེན་པོས་ཡོན་ཏན་ཤིན་ཏུ་བསྐྲུན་པ་གང་།།དེ་ཉིད་རང་གི་བདེ་སྡུག་སྤངས་ཏེ་བཞུགས་པ་ཡིན།།གང་ཞིག་གཞན་གྱི་དོན་དུ་དབུ་རྣམས་གཅོད་བྱེད་ཀྱང་།།པད་མ་ལྟ་བུར་བགྱེས་པའི་སྤྱན་འབྱེད་གཟིགས་མཛད་ཅིང་།།ཉིད་ཀྱི་དོན་དུ་གདུགས་དཀར་གཅིག་གིས་ཁེབས་པ་ལྟའི།།ས་ཡང་རལ་གྲི་སོ་བདར་རྣོན་པོ་ལྟ་བུར་དགོངས།།ཟླ་བ་ཡར་གྱི་ངོ་ལྟར་ཡོན་ཏན་གསལ་བར་རྫོགས།།ཉེས་པའི་མུན་པ་སེལ་མཛད་གཅིག་པུ་ཡིད་དུ་འོང་།།འཇིག་རྟེན་ཕན་ལ་བརྩོན་པ་རབ་ཏུ་གསལ་བ་བྱུང་།དེ་ཤར་ཟླ་བ་བཞིན་དུ་འགྲོ་བ་བསེལ་བར་མཛད།།བསྟན་པ་རེན་ཆེན་མཆོག་ལྟར་བཟང་ལ་འཕན་མེད་པ།།རྣམ་པར་དག་ཚུལ་གང་ཡིན་ཀླུ་མགོ་གདེངས་ཀ་ཅན།།ཆེན་པོ་རྣམ་ཀྱི་གཙུག་གི་རྒྱན་བཞིན་གུས་མནོས་ནས།།ས་ཡི་སྟེང་ན་གནས་པའི་རབ་རེབ་སེལ་བར་མཛད།།ཆོས་ཀྱི་སྤྲིན་དེ་ཕན་པ་མཛད་པའི་དོན་དུ་གཡོས།།ཆོས་ཀྱི་བདུད་རྩི་མྱ་ངན་འདས་པ་མཆོག་གི་རྒྱུ།།རོ་གཅིག་གདུང་བ་སེལ་བ་ཆར་ཆུ་བཞིན་དུ་ཕབ།།དེ་ནི་སྣོད་ལ་བརྟེན་ནས་རོ་རྣམས་དུ་མར་གྱུར།།སྣོད་ཡངས་ཟབ་ལ་དྲི་མ་མེད་ཅིང་གསལ་བ་ཡི།།བསམ་པ་དང་ལྡན་ཁུར་ཀུན་བཟོད་པ་གང་དག་ལ།།སྐྱེ་བོ་ཀུན་གྱིས་ཉེ་བར་སྤྱད་བྱ་དེ་གནས་པ།།མཚོ་ཆེན་མི་ཡི་གཟུགས་ཅན་དེ་ལ་ཕྱག་འཚལ་ལོ།།གང་ཞིག་སྐྱེ་ནད་རྒ་ཤི་སེལ་བའི་བདུད་རྩིར་དེ།།ཐོབ་པར་མི་བྱེད་མི་སྤྱོད་འཛིན་པར་མི་བྱེད་པ།།དེ་དག་ཉེས་མང་གཏི་མུག་ཐིབས་པོས་བསླད་པ་སྟེ།།ཡུན་རིང་ནས་ཀྱིས་ཐེབས་པ་སྨན་ཆེན་མི་སྟེན་བཞིན།།འགྲོ་བ་ཀུན་གྱི་མིག་གཅིག་དྲི་མ་མེད་པ་གང་།།དེ་ནི་ས་རྣམ་གསུམ་པོའི་སྤྱི་མཐུན་སྒྲོན་མ་སྟེ།།བསྟེན་པ་དེ་ལེགས་རྙེད་ནས་གང་ཞིག་འདོར་བ་དེ།།གཏི་མུག་ཤིན་ཏུ་རྨད་བྱུང་དག་གིས་གཙེས་པར་ཟད།།བྱང་ཆུབ་ཁང་བཟང་བགྲོད་ལམ་ཐེམ་སྐས་ལྟ་བུ་ཡི།།བསླབ་བཞི་བཅས་པ་རྣམས་ལ་རྐང་ཚུགས་སྟོན་པ་རྣམས།།རྗེ་སུ་སྒྲུབ་པས་གོ་འཕང་ཆེ་མཐོར་ཕྱིན་འགྱུར་ཏེ།།ལྡོག་པར་བྱེད  ་པ་རང་གི་ས་ནི་གཉུག་མར་ལྟུང་།།སྐྱེ་བའི་རྒྱ་མཚོ་ཤིན་ཏུ་བརྒལ་བཀའ་བརྒལ་སདོད་པ།།སུ་ཞིག་ཚུལ་ཁྲིམས་གཟིངས་གྱུར་ལག་ཏུ་འོངས་པ་སྤོང་།།འཕགས་པའི་དེད་དཔོན་དང་བྲལ་ལམ་རྒྱུས་མི་ཤེས་པ།།འབྲོག་དགོན་འཁྱམས་ན་ཅི་སྟེ་རིང་གདུང་མི་བྱེད།།འཁོར་བའི་རི་སུལ་ཁྲོད་ཀྱི་གཡང་སར་ལྷུང་གྱུར་པ།།མུན་ནག་ཐིབས་པོའ་ནང་ནས་ལྡང་བར་བརྩོན་པ་གང་།།ཡོན་ཏན་སྨྱུག་མའི་ཕྲེང་བ་བར་མ་དོར་འདོར་བ།།དེ་དག་ཤུགས་དྲགས་ཉམ་ངའི་ལྷུང་བར་འོག་ཏུ་ལྷུང་།གང་དག་གཅིག་པུའང་ཡིད་ཀྱིས་ངེས་པར་རབ་བརྟགས་ཏེ།།ཡང་དག་ལམ་དང་ལྷན་ཅིག་འགྲོག་པར་བྱེད་པ་དེ།ས་སྟེང་དཀྱིལ་ན་གཙོ་བོར་གྱུར་པ་དམ་པ་སྟེ།།སློབ་མ་མཆོག་དེས་བླ་མ་བཀུར་བ་ཉིད་དུ་འགྱུར།།ངོ་ཚ་ཡོན་ཏན་ཚོགས་སྐྱེད་མ་ཅིག་ཡ་རབ་མོ།།མཆོག་ཏུ་གཡོ་མེད་བྱམས་པ་ལྟ་བུའི་རྗེས་འབྲང་བ།།བདེན་དང་གཞུང་ལ་དགའ་བའི་གཟི་བརྗེད་ལྡན་པ་རྣམས།།སྲོག་ནི་བདེ་བླག་གཏོང་བར་བྱེད་ཀྱིས་དམ་བཅས་མིན།།རེ་ཞིག་སྐྱེ་བོ་ཀུན་གྱིས་སྤྱོས་དང་སྡིག་པ་ཡི།།འགྲོ་བ་ཀུན་དང་དམྱ་།་་་་ཟད་ཕར་ཞོག་གི      །རང་བཞིན་རྣལ་མ་བོར་ནས་སྨོད་པ་སྡུག་བསྔལ་བ།།མཁས་ལ་ས་སྟེང་དེ་ལས་སྡུག་བསྔལ་གཞན་ཅི་ཡོད།།གང་ཞིག་ཐུབ་པ་རྣམས་ཀྱིས་སྲོལ་བཏོད་ཆོས་ཀྱི་ལམ།།རྒྱ་ཆེན་གྲུ་དང་འདྲ་བ་རྙེད་ནས་སླར་འདོར་བ།།འཁོར་བའི་རྒྱ་མཚོའི་ཀློང་འཁྱིལ་གར་མཁན་འདྲ་རྣམས་ལ།།དགའ་བས་ངེས་པར་དེ་ཡིས་སེམས་བསླུས་འགྱུར་བ་སྙམ།།གང་ཞིག་འཁོར་བའི་འཁོར་ལོ་རྟག་ཏུ་འཁོར་གྱུར་པའི།།ནང་དུ་ཞུམས་ནས་བསྟི་བ་ཙམ་ལ་བདེར་སེམས་པ།།དེ་ནི་ངེས་པར་དབང་མེད་རིམ་གྱིས་བརྒྱ་ཕྲག་ཏུ།འགྲོ་བ་མཉམ་དང་མི་མཉམ་ཀུན་ཏུ་འཁྱམ་པར་འགྱུར།ཤིན་ཏུ་མི་བཟད་དྲི་ང་མི་གཙང་གཅེར་བས་འགགས།།རབ་ཏུ་དོག་པ་མུན་ནག་ཐིབས་པོར་འདུག་པའི་མི།།མངལ་གནས་དམྱལ་བ་ལྟ་བུའི་ནང་དུ་དེ་ཞུགས་ནས།ལུས་ཡོངས་བསྐུམ་ལ་སྡུག་བསྔལ་ཆེན་པོ་བརྣག་དགོས་སོ།།དེ་ནི་རིམ་གྱིས་ཏིལ་མར་བཙིར་སྤྲད་སྲ་བ་ཡིས།།བརྩིར་ལྟར་བྱས་ཀྱང་དེ་ནས་ཅི་ཞིག་ལྟར་དེ་བཙའ།འོན་ཀྱངམོད་ལ་དེ་སྲོག་མི་འདོར་གང་ཡིན་པ།།སྡུག་བསྔལ་ཉེ་བར་སྤྱད་པའི་རྣམ་པར་ཐོ་བརྩམ་མོད།།མི་གཙང་དེའི་ནང་གནས་བཅས་འཕེལ་བའི་ལུས་དེ་ནི།།མངལ་གནས་རློན་པས་དཀྲིས་ཤིང་དྲི་ང་མི་བཟད་ལྡང་།།གཟིར་བས་གནོད་པ་བདོ་སྟེ་རྨ་རྨེན་ཞིག་པ་ལྟར།།གྱུར་པ་དེ་ཡི་སྐྱོན་གྱིས་སྔོན་གྱི་དྲན་པ་སྤོང་།།བྱིས་ལུས་ཉེ་བར་སྤྱོད་པ་ཀུན་ལ་མི་འབོངས་པ།།མི་བསྟེན་འཁོར་བ་སྤངས་ཏེ་འཁྲང་བའི་དངོས་གྱུར་ནས།།དར་ལ་བབ་པའི་རི་དབང་བཙན་པོའི་རི་སུལ་དུ།།སྦྲུལ་གདུག་གནས་གྱུར་མུན་ལ་བག་སྐྱོངས་སྤྱོད་པར་བྱེད།།བསམ་རླག་དེ་ནི་དེ་ནས་ཀྱང་ལྷུང་ལ།།ལྷུང་བཞིན་མི་རིགས་སྤྱོད་པ་མི་འདོར་བ།།བྱིས་པ་བདག་ལུས་སྡུག་པ་རྒ་བ་དང་།།འཆི་བ་མེད་པ་ཉིད་དུ་སེམས་པ་ལྟ།།རྨོངས་པ་དེ་ནི་ཐུབ་དབང་གིས་བསྟེན་པའི།།ལམ་བཟང་རྣམ་པར་སྤངས་ནས་ལམ་མིན་པར།།གླང་པོ་མྱོས་པ་ལྕགས་ཀྱུ་མེད་པས་གཞན།།བབ་དགུ་ཕྱེ་མར་རློག་པ་བཞིན་དུ་འགྲོ།དེ་ནས་དེ་ནི་མི་འདོད་བཞིན་དུ་མགོར།བརྩེ་མེད་རྒ་བས་རྡེག་པས་ནན་མནན་ནས།སྐྲ་དཀར་ལྕགས་ཀྱུ་བདར་བ་རྣོན་པོ་ཡིས།

གླང་ཆེན་རྫི་བོས་གླང་ཆེན་བཞིན་དུ་འདེབས།

འོན་ཀྱང་དེ་ནི་སྤྱོད་ལ་སྐྱོན་འབྱིན་པས།

དགེ་བའང་འཇིགས་པ་བཞིན་དུ་སྤོང་བར་འགྱུར།

རྨོངས་པ་བྱ་བ་མིན་བྱེད་བདག་སྐྱེས་པ།

སྨྱུག་མ་འབྲུ་ཆག་ལྟ་བུར་བརླག་པར་ཟད།

དེ་ནས་དེ་ནི་འཆི་བདག་རྒ་བའི་སྤུན།

གཞིལ་བའི་བཅོས་ཐབས་མེད་པའི་བཟུང་ནས་ནི།

རྒས་པའི་ནུ་བོ་འཆི་བདག་འོངས་ནས་ནི།

རྒོད་པ་བཞིན་དུ་སྤྱི་ནས་འཛིན་པར་བྱེད།

དེ་ནས་དེ་ནི་ལྷུ་ཚིགས་རྣམ་འབྱེ་ཞིང་།

བློ་ཡང་སླད་འགྱུར་འགྲོ་བ་ཉམས་པར་འགྱུར།

ལུས་ཀྱང་དེང་ནས་ཤིག་ཤིག་པོར་འགྱུར་ལ།

ངེས་པར་སྡིག་པ་འཕེལ་བ་ཁོ་ནར་འགྱུར།

དབང་པོ་རྣམས་ཀྱང་རིམ་གྱིས་ཞུམ་ནས་ནི།

ཡུལ་ལ་ཆགས་ཀྱང་ནུས་པ་ཉམས་པར་འགྱུར།

གནས་སྒབས་གང་དུ་འདི་འགྲོ་གྱུར་པ་དེ།

གལ་ཏེ་དམྱལ་ན་ཡོད་ན་དེ་ཉིད་འཇིགས།

བདག་གིས་ཇི་ལྟར་དེ་བཞིན་འདི་མ་བྱས།

ཅི་སྟེ་དེ་ལྟར་དེ་བྱས་འགྲོ་བ་ཉམས།

བདག་གིས་ཅི་སྟེ་འདི་ལྟར་འཆི་བདག་འདི།

མགོ་བོར་རྡོག་པས་གནོན་པ་འཁྲིགས་མ་གྱུར།

མྱ་ངན་རྡོ་རྗེ་དེ་ལྟ་དེ་ལྟ་བུར།

སེམས་ཅན་གནོད་པ་རྣམས་ཀྱིས་དེ་གཙེས་ནས།

ཉེ་དུའི་སྐྱེ་བོ་དུད་མོའི་མཆི་རྒྱུན་ཅན།

སྡུག་བསྔལ་སྙིང་ནི་རྡོ་རྗེ་ལྟ་བུས་བལྟས།

གནད་ཀྱི་གཤིས་སུ་འཇེབས་པར་གཟིར་ནས་ནི།

ཤིན་ཏུ་མི་བཟད་མུན་རུམ་འཇུག་པར་འགྱུར།

འབད་པ་ལྷུར་བླངས་བསྲུངས་པ་བྱས་པའི་ལུས།

ཡིད་འོང་འདྲིས་པ་རྣམ་པར་འདོར་བར་འགྱུར།

གཤིན་རྗེའི་ཞགས་པས་དམ་དུ་བཏགས་པས་དེ།

ཅོ་ཏོ་འབལ་ཞིང་ཆོ་ངེས་འདེབས་བྱེད་ཀྱང་།

དེ་ཡིས་གླེངས་པ་ཉེ་དུའི་སྐྱེ་བོ་ཡིས།

རང་གི་ངུས་སྒྲས་ལྡིར་བ་བཞིན་མི་ཐོས།

བགྲོད་དཀའ་ཆུ་དང་ཕ་བོང་ཐག་ཐུག་འདོམ་པའི་བར།

ཚེར་མ་རྣོན་པོས་འཛིངས་པ་ཉམ་ངའི་ལམ་དག་ཏུ།

དུས་ཀྱི་ཞགས་པས་སྐེ་ནས་བཏགས་ཏེ་གཤིན་རྗེའི་མི།

གཏུམ་པོ་རྣམས་ཀྱིས་དབྱུག་པས་བདའ་ཞིང་ཁྲིད་པར་འགྱུར།

མི་བཟོད་སྐོམ་པས་རྒྱང་ནས་ཆུ་ཀླུང་དྲི་མེད་པ།

མཐོང་ནས་བཏུང་བར་འདོད་དེ་སོང་ན་དེ་ཉིད་ཀྱང་།

སྐྲ་ཤད་ཉ་ལྕིབས་ཚོགས་དང་རྣག་སུངས་འདྲེས་པ་དང་།

འདམ་རྫབ་ཁྲག་དང་ཕྱི་སས་གང་བའི་ཆུར་འགྱུར་རོ།

དུས་རླབས་རླུང་ལངས་ཆུ་འཐོར་རི་རྩེ་བསིལ་གྱུར་ཅིང་།

ཙན་དན་ལྗོན་པ་སྔོ་འཁྲུངས་མ་ལ་ཡར་སོང་ན།

དེ་ཡང་འདི་ལ་ནགས་སྲེག་མེ་ལྕེ་རྣོས་འཁྲིགས་ཤིང་།

མགལ་དུམ་འགྱེལ་བ་མང་པོར་རང་རོང་ཅན་དུ་འགྱུར།

ཆུ་གཏེར་རླབས་འཇིགས་འཕང་མཐོ་གྱེས་པ་ལས་བྱུང་བའི།

དབ་བ་འཚེར་བ་ལྷག་གེར་འདུག་པར་སོང་ན་ཡང་།

དེ་ཡང་འདི་ལ་བྱེད་ཚན་ཁུ་བ་དམར་རྩུབ་པའི།

རླུང་དམར་འཇེབས་པ་འཚུངས་པའི་མྱ་ངན་ཉིད་དུ་འགྱུར།

འདི་ནི་དེར་གནས་ཆར་སྤྲིན་ལྡང་བར་འདོད་ན་ཡང་།

སྤྲིན་ལས་ལྕགས་མདའི་ཆར་བ་དུད་འཐུལ་མདག་མར་བཅས།

ཚྭ་ཚྭ་རྡོ་རྗེའི་ཕ་བོང་དམརའཕྲོ་གསེར་མདོག་ལྟ་བུ་ཡི།

གློག་ཕྲེང་དམར་སེར་འགྱུ་བ་ལུས་ལ་ཆར་དུ་འབབ།

ཚ་བས་ཉེན་ལ་བུ་ཡུག་ཀྱང་ནི་ཚར་འགྱུར་ལ།

ལྷགས་པས་ཉམ་ཐག་པ་ལ་མེ་ཡང་གྲང་བྱེད་དོ།

ཤིན་ཏུ་མི་བཟད་ལས་ཡོམས་སྨིན་པས་རྣམ་རྨོངས་པ།

འདི་ལ་སྣ་ཚོགས་འདི་ཀུན་ཕྱིན་ཅི་ལོག་ཏུ་སྣང་།

ཁབ་མིག་ཙམ་གྱི་ཁ་ལ་དཔག་ཚད་མང་འཇིགས་པའི།

ལྟོ་ཅན་ཉམ་ཐག་རྒྱ་མཚོ་ཆེན་པོའི་ཆུ་འཐུངས་ཀྱང་།

མགུལ་ཕུགས་ཡངས་པ་ཉིད་དུ་ཕྱིན་པར་མ་གྱུར་པར།

ཁ་ཡི་དུག་གིས་ཆུ་ཡི་ཐིགས་པའང་སྐམ་པར་འགྱུར།

རལ་པའི་ཚོགས་མང་སྤུངས་པས་བསྒྱིངས་པའི་ཁྱི་དག་གིས།

མཆེ་བ་བཟང་རིང་རྡོ་རྗེའི་རྩེ་མོས་ལུས་དབད་ཅིང་།

ཆུ་བོ་རབ་མེད་ཐལ་སྐྱེ་མེ་ལྕེས་གང་བའི་ངོགས།

རྡོ་བ་ཟུར་རྣོན་མི་བཟད་རྩ་རྣོན་ཅན་དུ་བདས།

སྤུ་གྲི་རྣོ་གཏམས་ལྕུག་ཚལ་ལོ་མ་རལ་གྲི་ཡི།

ནང་དུ་ཐང་ཆད་བརྒྱུགས་ན་ལུས་རྨས་སྐྱབས་མེད་པ།

རྩེ་གསུམ་མདུང་ཐུང་དང་ནི་རལ་གྲི་རྣོས་གང་བའི།

ཁྲོན་པ་གཤིན་རྗེའི་ཁ་བས་ཐུ་བའི་ནང་དུ་ལྷུང་།

ཉིན་མཚན་གྱིས་གདུངས་བཟོད་དཀའ་རླག་པར་དཀའ་བའི་ལུས།

ལྗོན་ཤིང་ལོ་མ་སྔོ་སྟུག་མཐོང་ནས་སོང་བ་དང་།

དེ་ཡི་ལོ་མ་མཚོན་བརྒྱ་ལྷུང་བས་ལུས་དབད་ཅིང་།

དེ་ན་ཡུན་རིང་དུད་མོ་ལས་བཤེས་བརླགས་པར་གནས།

བུད་མེད་ཀུན་ནས་མེ་ལྕེ་བརྒྱ་ཕྲག་འཐོན་པའི་མེ།

མེ་སྟག་འཕྲེང་བ་འཁྲིགས་པའི་རྒྱན་གྱིས་བཞག་གྱུར་ཅིང་།

།སོག་ལེ་ལྟ་བུའི་རྩུབ་པའི་ལུས་ཀྱིས་ཟོན་མེད་པར།

ཤིན་ཏུ་སྡུག་པའི་ཚུལ་དུ་བཅུམ་ནས་འཁྱུད་པར་བྱེད།

རི་དང་མཉམ་ལུག་རུ་རིངས་འཇིགས་སུ་རུང་བ་གཉིས།

འདུས་པའི་ཕྲག་ཏུ་ལུས་ཀུན་ཕྱེ་མར་རློག་ཅིག་འཇོམས།

ཅུང་ཟད་བསིལ་བའི་རླུང་ཞིག་ལངས་པས་ལྟས་ནས་ནི།

དེ་བཞིན་ཕྱིར་ཡང་ལན་བརྒྱར་ཀུན་ནས་ཕྱེ་མར་རློག།

བསེ་ཁྱི་བོམ་བུ་ལྕེ་སྤྱང་སྟོང་ཕྲག་གིས་དེད་ནས།

ཤལ་མ་ལི་མཐོ་མི་བཟད་དེ་ལ་མྱུར་འཛེགས་ན།

ཚེར་མའི་ཚོགས་ཁ་ཐུར་དུ་བལྟས་པས་ཐལ་འབྱིན་ཅིང་།

ཟུག་རྔུ་ཚབས་པོ་ཆེ་དག་ཁོང་རླག་ནུབ་པར་འགྱུར།

གཤིན་རྗེའི་ལག་ན་ཐོགས་པ་དུས་ཀྱི་ཞགས་པ་ལྟའི།

སྦྲུལ་གདུག་མགོ་འཕང་བསྟོད་པས་དམ་བཞག་གཞུངས་ནས་ནི།

གསོན་པོར་ཁ་དང་བྱ་གར་ཀམ་ག་བྱ་རྒོད་ཀྱིས།

དེ་ན་གནས་པའི་མིག་དག་ཚམ་ཚོམ་མེད་པར་འདྲུ།

དེ་ལུས་དེ་དག་གི་མཆུ་རྡོ་རྗེའི་རྩེ་མོ་ལྟས།

བརྩམ་པ་མེད་དང་ཉམ་ཐག་ང་རོ་འབྱིན་བྱེད་ཅིང་།

ཐུར་དུ་བབས་ན་ལྕགས་ཚེར་གྱེན་དུ་ཁ་བལྟས་པ།

སྦོམ་ལ་རྣོ་བ་མང་པོས་ལུས་ཕུག་དྲན་པ་ཉམས།

དེ་ནས་ཁ་ཅིག་མདུང་རྩེ་གསུམ་པ་འབར་བ་དང་།

ཟུག་རྔུ་རྣོན་པོས་ལུས་དབད་ཐུར་དུ་འབབ་མི་ནུས།

དེ་ཚེ་མཚོན་ཆ་བདར་བའི་མཆུ་ཅན་ཁྭ་རྣམས་ཀྱིས།

ཀུན་ཏུ་དྲང་བས་རྒྱུ་ལྟོ་བྲེང་ནར་ཞིང་འཐོར།

ཁ་ཅིག་རི་བོའི་གཡང་ས་ཡ་ངར་གཡང་དུ་ལྷུང་།

ཁ་ཅིག་འབྲུ་མར་བསྐོལ་བའི་ཟངས་ཆེན་ནང་དུ་ལྷུང་།

གཞན་དག་བྱེ་མ་བསྲེགས་པ་མེ་སྟག་འཕྲོ་བ་ཡི།

ས་གཞི་རྐང་པ་བཞག་པའི་གནས་མི་ཐོད་པར་ལྷུང་།

ཁ་ཅིག་འབུ་སྦྲང་ཕྲ་མོ་ལྕིག་ལྕིག་འདུག་པ་ཡི།

ཚོགས་ཀྱིས་ལུས་རྨུག་བམ་ཞིང་རྣམ་པར་འདྲུལ།

ལས་ཀྱི་རང་བཞིན་སྙི་ལ་འཚོ་བ་ཐོགས་པ་རྣམས།

དསྐྱོད་པ་ཙང་ཡང་བྱ་བར་མི་ནུས་བཞིན་དུ་གསོན།

ལྷགས་པ་དཔེ་མེད་རུས་པ་ལ་ཡང་ཐིམ་པ་ཡིས།

ལུས་སྦྲེབས་འདར་ཞིང་བསྒུར་ནས་གུམ་གུམ་པོར་འདུག་པ།

ཆུ་བུར་བརྒྱ་བྱུང་རྡོལ་བ་ལས་སྐྱེས་སྲོག་ཆགས་ཀྱིས།

རལ་གྲིས་དབད་ནས་ཞག་དང་ཆུ་སེར་རྐང་བཅས་འཛག།

ཀོས་ཐག་སོ་ཐམས་སྐྲ་དང་སྤུ་རྣམས་གཡེང་གྱུར་པ།

མིག་དང་རྣ་བ་ལྐོག་མ་གནོད་པས་ཀུན་གཟིར་ཞིང་།

ལུས་དང་སེམས་ཀྱི་བར་དག་རབ་ཏུ་བློང་གྱུར་ནས།

གྲང་བའི་དམྱལ་བར་གནས་ཤིང་ཤིན་ཏུ་འོ་དོད་འབོད།

དམྱལ་མེ་དུ་བ་ཆེ་དཀུ་མནམ་པ་འཐུལ་བས་གནམ་འདོག་འགྱུར།

མེ་ལྕེའི་ལག་མང་རྣམ་པར་འཕྲོས་ནས་ཕྱོགས་ཀྱི་དཀྱིལ་འཁོར་ཁེབས།

རུས་གོང་དཀར་དུམ་ཕྲེང་བའི་རྒྱན་གྱིས་སྤུད་པ་སྐྱི་གཡའ་བ།

གླང་ཆེན་གོས་གྱོན་སྡིག་ཐབས་ཀྱི་མ་ཀྱེ་ཧུད་ཟེར་བ་བཞིན།

ལ་ལར་མེ་སྟག་ཆེ་འཕྲོ་འཁྲུག་པ་འུར་སྒྲ་ཏོག་ཡར་ལ།

ཞག་གིས་བབ་ན་སྐད་ངན་བོད་པའི་རྩེ་ཞིལ་ཆིལ་ཆིལ་འབར།

བྲང་གི་རུས་པའི་ཁོང་དུ་ཐལ་ལ་ལྷག་ལྷག་སྒྲ་གྲགས་པ།

བསྐལ་པའི་དུས་ཀྱི་མེ་ཡིས་བསྐྱོད་དུ་མེད་པའི་ནང་དུ་ལྷུང་།

གློ་ནས་རྩ་སྐམ་རྙིང་ལ་སྦར་བ་ལྟ་བུར་མེ་ཚོགས་འབར།

མགྲིན་དང་ཁ་ནས་མེ་ལྕེ་འབར་བ་དུད་བཅས་བསྟུད་མར་འབྱུང་།

ཁོང་ལྟོགས་པ་ནས་ལུག་ནང་ཁྲོལ་ན་ར་བས་ཀུན་བྲེད་ཅིང་།

བརྡ་མི་ཕྲད་པའི་སྐད་ཆེན་ཙམ་ཞིག་འདོན་པར་བྱེད་པར་ཟད།

སྡུག་བསྔལ་ཆེ་ལས་ཐར་བར་འདོད་པ་དེ་དག་ཡང་དང་ཡང་།

སྒོ་ཕྱེ་གསེབ་གཞན་མཐོང་ནས་ཐག་རིང་ཅི་ཞིག་ལྟར་ཏེ་འབྱེར།

གང་ཚེ་ལས་ཀྱིས་སྒོ་འཕར་དམ་པོས་དེ་ཡང་བཅད་གྱུར་པ།

དེ་ཚེ་ཡི་མུག་བཟོད་རླག་སྡུག་བསྔལ་གཞན་ཡང་འབྱུང་བར་འགྱུར།

མདའ་ཆེན་རྣོ་ཚོགས་འབར་བ་ཆར་བཞིན་བབ་པའི་རྗེས་ལ་ཡང་།

དམྱལ་བའི་སྲུང་མས་དབྱུགས་པས་བཏབ་ཅིང་མཆི་མ་འཛག་བཞིན་དུ།

ལྕགས་ཞུན་ཁུ་བ་མེ་ལྷག་འབར་བའི་ཕྲེང་བ་འཁྲིགས་པ་སྡུད།

ཁ་སྣ་རྣ་བའི་བུ་ག་དག་ནས་དུད་འཐུལ་གྱིན་དུ་འབྱུང་།

མིག་དང་གླད་སྤྲིས་རྡོལ་གྱི་བར་དུ་ཀུན་སྲེག་ཅིང་།

ཀླད་པས་རྒྱས་ལ་འབར་བའི་མེ་ལྕེ་སྨུག་ནག་ཚོགས།

མེ་དེ་ཁྲོས་པ་ལྟ་བུར་དེ་ཡི་ལུས་ཕུང་ལ།

བུད་ཤིང་སྐམ་པོ་བཙེར་ལ་སྦར་བ་བཞིན་དུ་འཚོད།

སྐྱེ་བོ་དེ་སྲོག་རི་གཟར་རླུང་གི་ཆུ་ལྟར་གཡོ།

དམྱལ་བའི་མེ་ཡང་དེར་ཟད་ཚ་བའང་དེ་ཟད་དེ།

ལས་རྣམས་ཇི་ལྟར་ཐམས་ཅད་ཤིན་ཏུ་མི་བཟད་པ།

སྣང་བར་འགྱུར་བ་དེ་ལྟར་ཡོངས་སུ་སྒྱུར་བར་བྱེད།

སྐྱེ་བོ་རང་གི་ལས་ཀྱིས་དབང་མེད་འཚལ་སྤྱོད་པ།

བརྒྱ་ལ་སྡིག་གནས་དམྱལ་བ་དག་ནས་ཐར་ན་ཡང་།

འཇིག་རྟེན་འགྲོ་བ་མཐའ་ཡས་བྱེ་བ་འཕྱེས་རྣམས་སུ།

མི་ཡི་དངོས་པོ་ཤིན་ཏུ་རྙེད་པར་དཀའ་བ་ཉིད།

གལ་ཏེ་ཀླ་ཀློ་དམྱལ་བའི་སྲུང་དང་སྤྱོད་མཚུངས་སམ།

དུད་འགྲི་ཕན་ཚུན་ཟ་བར་བྱེད་པའི་ནང་དག་ཏུ།

སྐྱེ་བ་ཐོབ་པར་འགྱུར་ན་གང་གིས་ཕྱིར་ཡང་ནི།

གཡང་དུ་ལྷུང་བར་འགྱུར་བའི་ངང་ཚུལ་དེ་ཉིད་སྟེན།

གང་ཞིག་ཐོབ་ནས་སྐྱེ་བའི་རྒྱ་མཚོ་མཐར་འབྱིན་ཅིང་།

བྱང་ཆོབ་མཆོག་གི་ས་བོན་དགེ་བའང་འདེབས་འགྱུར་བ།

ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ལྷག་པ་ཡི།

མི་ཉིད་དེ་ནི་སུ་ཞིག་འབྲས་བུ་མེད་པར་བྱེད།

བདེ་གཤེགས་ལམ་བརྟེན་འགྲོ་བ་འདྲེན་པ་ཆས་གྱུར་ཅིང་།

སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པའི།

ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང་།

མཁའ་སྡིང་རིག་འཛིན་མིའང་ཅི་དང་ལྟོ་འཕྱེས་མིན།

མི་ཡི་དངོས་པོ་ཤིན་ཏུ་རྙེད་གྱུར་ནས།

དོན་དུ་བརྣག་པ་གང་ཡིན་དེ་ནི་བརྟུན་ཏེ་བསྒྲུབ།

མར་མེའི་མེ་ལྕེ་ཤུགས་དྲག་རླུང་གིས་བསྐྱོད་པ་ལྟའི།

ཚེ་ནི་སྐད་ཅིག་གནས་པའི་གདེང་ཡང་ཡོད་མ་ཡིན།

འདི་ནི་སང་བྱ་འདི་ནི་ཐང་ཅིག་འོག་ཏུ་བྱ།

འདི་ནི་དེའུ་རེ་བྱ་ཞེས་སྐྱེ་བོ་སེམས་པ་ན།

གཤིན་རྗེ་བེ་ཅོན་ནག་ཐོག་ཟུར་གྱིས་ལྟ་བ་ཡི།

མིག་རྩ་དམར་ཁྲོས་མ་རངས་གད་མོས་རེ་སྙམ་འདེབས།

སོ་ཀ་མེ་ཏོག་རྒྱས་པའི་དུས་འདི་འབྱུང་བར་འགྱུར།

ཟླ་བ་གསལ་བས་མཚོན་པའི་སྟོན་དུས་འདི་འབྱུང་ཞེས།

སྐྱེ་བོ་ཐམས་ཅད་དགའ་འགྱུར་བདག་གི་ཚེ་འདི་ནི།

ཟད་པར་འགྱུར་ཞེས་ཤིན་ཏུ་མི་དགར་འགྱུར་བ་མེད།

ཟླ་བའི་དཀྱིལ་འཁོར་རྒྱས་པས་ཉེ་བར་བརྒྱན་བྱས་ཤིང་།

རྐེད་ཆིངས་ཆར་ཆེན་སྤྲིན་གྱིས་འཁྲིགས་པས་འཁྱུད་གྱུར་པ།

རི་རྩེའི་ནགས་ཀྱི་མཐོང་དེར་ཆགས་པ་མེད་པ་ནི།

རླུང་ལྟར་གཡོ་བའི་རང་འཞིན་ཚེ་གཏུགས་སྐལ་བ་ཆེན།

ནགས་མཐོངས་རི་དྭགས་རྒྱུ་བའི་ཚོགས་ཀྱིས་བསྟེན་བྱས་པ།

ཀུན་ནས་ཉམས་དགའ་བཟང་པོ་དེ་ན་སྐྱིད་པ་གང་།

དེ་ནི་དགའ་བའི་ནགས་ཚལ་ལྷ་མོའི་ཉམ་བག་ཏུ།

ཐེལ་གྱིས་འབེབ་པའི་རྡོ་ལེབ་ཅན་ལ་ཡོང་འགྱུར་སྙམ།

ནགས་ཀླུང་ཆུ་གཙང་ངོགས་བདེ་དབེན་པར་སྐྱིད་པ་གང་།

དེ་ཅི་ལྷ་ཡི་བུ་མོ་དྲི་ཞིམ་བྱུགས་པ་ཡི

ལན་བུའི་རྒྱན་དུ་ཐོགས་པའི་རྒྱུན་ལྡན་མེ་ཏོག་ཚོགས།

མཛེས་པའི་ཟིལ་གནོན་ལྷ་ཡི་ཆུ་ལའང་ཡོད་འགྱུར་རམ།

རྩ་བ་འབྲས་བུ་ཤུན་པ་ལོ་མ་ཕུན་སུམ་ཚོགས་པའི་ལྗོན་ཤིང་ལྡན།

ནགས་ཚལ་སྟོས་མེད་རི་བོའི་ཆུ་རྒྱུན་བསིལ་འབབ་ཆགའ་པ་མེད་པའི་གནས།

ཆུ་ཀླུང་ཡངས་པའི་མཐའ་རུ་འབྲས་བུ་མེ་ཏོག་ལྷུང་བས་བརྒྱན་པ་ཡི།

ཉམས་དགའ་བས་མཐར་ཅི་ཞིག་མེད་དེ་དམྱལ་སྡོད་ཁྱུམ་གྱིས་བསླུས་ཏེ་སྡོད།

རི་སུལ་ཡངས་པར་སྐྱེ་བོ་བུན་ལོངས་མེད་པས་རབ་བདེ་བ།

ཉེར་སྤྱོད་རྒྱ་ཆེན་ནགས་ཚལ་སྔོ་འཁྲུངས་ཕྲེང་བས་སྒྲེངས།

ཆུ་ངོངས་བརྙེན་པ་ཕུ་ཆུའི་རྒྱུན་སྒྲ་རྔ་ལྟར་སྙན་པ་ཡིས།

བདག་ཅག་ཉོན་མོངས་ཡུལ་མ་ཡིན་ཞེས་འགྲོན་ལ་སྒྲོགས་པ་བཞིན།

འདོད་པ་རྣམས་དང་འབྱོར་དང་སྲིད་གསུམ་རྒྱལ་བ་ཡིས།

སྒྱུ་མ་སྨིག་རྒྱུ་ཆུ་ཟླ་དབའ་རླབས་འདྲ་བར་གསུངས།

རྨི་ལམ་ལྟ་བུའི་ངན་སྤྱོད་འཁྲུལ་བས་བསླུས་པ་ཡིས།

བྱིས་པ་གང་དག་དེ་ལ་ཆགས་པ་དམྱལ་བརལྷུང་།

ཡུལ་དང་དུག་མཚུངས་རྣམ་སྨིན་རྩུབ་པས་མི་བཟད་པ།

ཡུལ་དང་དུག་མཚུངས་གཏི་མུག་མུན་པས་ཐིབས་པོར་བྱེད།

ཡུལ་དང་དུག་མཚུངས་ཤུགས་བཟློག་དཀའ་ཞིང་གཡོ་བ་ཡིན།

དུག་དང་ཡུལ་རྣམས་བློ་ཡིས་ངེས་པར་བརྟགས་བྱས་ན།

ཉིས་ན་དུག་བླ་མི་བཟད་རང་བཞིན་ཡུལ་རྣམས་མིན།

དུག་ནི་སྐྱེ་བ་གཅིག་ལ་དུག་ཏུ་འགྱུར་བར་ཟེད།

ཡུལ་ནི་ཚེ་རབས་གཞན་ལའང་དུག་ཏུ་འགྱུར་བར་བྱེད།

དུག་ནི་དུག་དང་བསྲེས་ནས་རབ་ཏུ་ཞི་བར་འགྱུར།

གསང་སྔགས་མཆོག་དང་དུག་སེལ་སྨན་གྱིས་གསོ་བར་རུང་།

དུག་ནི་ཐབས་ལྡན་སྤྱད་ན་མི་ལ་ཕན་འགྱུར་གྱི།

དུག་ཆེན་ཡུལ་ནི་ནམ་ཡང་དེ་ལྟ་མ་ཡིན་ནོ།

ཇི་ལྟར་གླང་བུ་ཁྲོན་ཟབ་ཁ་ནས་འཁྲུངས་པ་ཡི།

རྩ་ལོ་ཁམ་འགའ་ཙམ་ལ་ཡིད་ནི་ཆགས་གྱུར་པ།

རྙེད་པ་གྲུབ་པ་མེད་པར་གཡང་དུ་ལྷུང་བ་ལྟར།

འཚོ་བའི་འཇིག་རྟེན་བདེ་ལྡན་འདོད་པའང་དེ་དང་འདྲ། །

ལྷའི་བུ་མོ་དལ་གྱིས་འབབ་པའི་ཆུ་རྒྱུན་གྱིས།

འཕྲལ་ཐབས་གློང་པ་རྣམས་དང་ལྷན་ཅིག་རྩེ་མྱོང་ནས།

ཕྱིར་ཡང་ཆུ་བོ་རབ་མེད་དབའ་དྲག་འབོགས་པ་ཡིས།

སྨྲས་པའི་སྡུག་བསྔལ་མི་བཟད་བསྟེན་པར་བྱ་དགོས་སོ།

ལྷ་ཚལ་དཔག་བསམ་ཤིང་ལོའི་གདིང་བ་ཀུན་བཀྲམ་པར།

ལྷ་ཡི་བུ་མོ་དང་བསྟེན་བདེ་བར་གནས་ནས་ཀྱང།

མཚོན་རྣོན་མང་པོ་འབབ་པས་ལུས་དབད་པ།

ལོ་མ་རལ་གྲི་ལྟ་བུའི་ནགས་ཚལ་བགྲོད་དགོས་སོ།

རྐང་བཞག་ནེམས་དང་ཕར་བྱེད་རེག་ན་བདེ་བ་ཡི།

རི་རབ་སྨོ་ཡི་དཀྱིལ་དུ་ཡུན་རིང་གནས་ནས་ཀྱང་།

ཕྱིར་ཡང་བྱེ་མ་བསྲེགས་པའི་མེ་མ་མུར་གྱི་ཚོགས།

བརླ་དང་རྐང་ལག་ཀུན་ཏུ་ཞིག་པར་འཁྱམ་པར་འགྱུར།

དྲིལ་བུ་མཛེས་འཁྲོལ་མུ་ཏིག་ཕྲེང་ཚོགས་ལྷག་གེ་བ།

གཞལ་མེད་ཁང་དུ་ཞུགས་ཏེ་ལྷ་ཡུལ་བགྲོད་ནས་ཀྱང་།

མི་བཟད་སྐྱབས་མེད་མུན་ནག་ཐིབས་པོ་དཔག་མེད་པ།

ཕ་མཐར་མེད་པའི་ནང་དུ་སྤྱི་ཚུགས་ལྷུང་བར་འགྱུར།

གང་དུ་ལྷ་ཀླུ་མིའམ་ཅི་ཡི་མགོ་རྒྱན་གྱི།

འོད་ཀྱི་ཚོགས་ཀྱི་རྐང་རྟེན་དམར་བའི་བརྒྱ་བྱིན་ཡང་།

ལས་ཀྱི་རླུང་འཁྲུགས་འགྲོ་བ་ངན་པར་འགྲོ་འགྱུར་བ།

དེ་ལ་སྐྱེས་བུ་སུ་ཞིག་འཇིགས་པ་བརྟེན་མི་བྱེད།

མེ་ཏོག་རབ་ཏུ་རྙིང་ཞིང་ལས་རྡུལ་འཐོན་པ་དང་།

གོས་རྙིང་སྨྲེ་ཞིང་ཉེ་དུ་རྣམས་ལ་ལྟ་བ་ཡིན%8

བརྒྱུད་སྐུལ།