ང་ཚོའི་བླ་སྲོག
ང་ཚོ་ནི་བོད་མི་ཡིན་ལ།
བོད་སྐད་ནི་ང་ཚོའི་བླ་སྲོག་དང་།
བོད་ཡིག་ནི་ང་ཚོའི་ཟུངས་ཁྲག་རེད།
གལ་ཏེ་ང་ཚོའི་བླ་སྲོག་དེ་ཆད་ནས།
ཟུངས་ཁྲག་དེ་སྐམ་པའི་ཚེ།
བོད་མི་ཟེར་བ་མིང་ཙམ་ཞིག་དང།
བོད་དོན་གྱི་དབུགས་རྒྱུན་འགག་པར་ངེས།
དེར་བརྟེན་ང་ཚོས།
དེ་རིང་ནས་བཟུང་།
སྙིང་ལ་དམ་བཅའ་རེ་བརྐོས་ཏེ།
བླ་སྲོག་དེ་སྲུང་སྐྱོབ་ཀྱི་ཆེད་དུ།
ཉིན་རེ་བཞིན་བོད་སྐད་ཤོད་དགོས་ལ།
ཟུངས་ཁྲག་དེ་རྒྱུན་འཛིན་གྱི་སླད་དུ།
ཉིན་རེ་བཞིན་འབྲི་ཀློག་ལ་བརྩོན་དགོས།
དེ་ལྟར་བྱས་ན། གཞི་ནས།
མི་རིགས་ཀྱི་ལ་རྒྱ་དང།
མི་རིགས་ལ་དགའ་ཞེན།
མི་རིགས་ཀྱི་རྒྱུན་འཛིན་ཏེ།
རྒྱལ་གཅེས་ལྷག་བསམ་ཅན། ཞེས་བརྗོད་ཀྱང་ཆོག
གཞིས་རྩེ་ཆུང་ཚེ་རིང་། ༢༠༢༦།༨།༡༩