ཚེས་པ་གསུམ་ཆོས་སྐྱོང་ལོ་གསར་ངོ་སྤྲོད།

ཚེས་པ་གསུམ་ཆོས་སྐྱོང་ལོ་གསར་ངོ་སྤྲོད།

 

༈ ཚེས་གསུམ་ཉིན་རྩེ་སྐོར་རྣམས་གསོལ་འཁོར་ཞེས་དྲུང་ཇའི་སྐབས་གསོལ་སྟོན་གཟབ་རྒྱས་ཐོག་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་པའི་ཚོགས་ཡོངས་དང་བཅས་པས་དཔལ་ལྡན་ལྷ་མོས་གཙོས་བོད་ཁམས་སྐྱོང་བའི་ལྷ་སྲུང་སྤྱིར་གཟབ་གསོལ་གནང་སྟེ། ༸རྒྱལ་བ་ཡབ་སྲས་ཀྱི་སྐུ་ཕྱྭར་འགལ་རྐྱེན་ཡོད་མེད་དང༌། ཆོས་སྲིད་ཀྱི་མཛད་འཕྲིན་སོགས་ཀྱི་སྐོར་གཟན་རྟགས་སྒྲིལ་སྲོལ་ཡོད། བཀའ་ཤག་གིས་གཙོས་བོད་གཞུང་གི་གཞུང་ཞབས་ཤོད་སྐོར་ཡོངས་རྫོགས་སྔ་དྲོ་གནས་ཆུང་ལྕོག་ཏུ་ཕེབས་ནས་བསྟན་སྲུང་དགྲ་ལྷའི་རྒྱལ་པོ་ཆོས་སྐྱོང་རྡོ་རྗེ་གྲགས་ལྡན་ཆེན་པོ་དམ་ཚིག་རྟེན་གཞིར་སྤྱན་དྲངས། དབུ་འཕང་དགུང་སྔོན་དབྱིངས་སུ་བསྟོད། དམ་རྫས་ཕྱི་ནང་གསང་བའི་མཆོད་ཚོགས་སྤྱི་དང༌། སྒྲོན་དར་ཆུ་འཛིན་དབང་པོའི་མདངས་འཛིན། ཞལ་ཇ་གསེར་ཕུད་འབུལ་བ་སོགས་ཀྱི་གཟབ་གསོལ་གནང་བའི་སྐབས་གཟིམ་ཆུང་དམག་གིས་གཟི་བརྗིད་དང་དཔའ་བོའི་ཉམས་འགྱུར་གྱི་སྒོ་ནས་ཐད་ཅེས་བཤད་པ་རྒྱག་པ་ཡིན་ནོ།།

བརྒྱུད་སྐུལ།

མཆན་སྤེལ།