མཁས་དབང་ར་སེ་དཀོན་མཆོག་རྒྱ་མཚོའི་དེབ་གསར་རྨོངས་བརྟོལ་དངོས་སུ་ཁྲོམ་ལ་ཐོན་ཡོད།

རིག་གནས་གསར་རྙིང་གི་དཀྱོགས་མཚམས་ནས་དྲང་བདེན་གྱི་གཟུར་གཏམ་བཤད་པར་དཔའ་བའི་བོད་ཀྱི་མཁས་པའི་ཡང་རྩེ་ར་སེ་དཀོན་མཆོག་རྒྱ་མཚོ་མཆོག་ནི། བོད་དབུས་ཁུལ་འབྲི་གུང་དུ་སྐུ་འཁྲུངས་ཤིང་ཆུང་དུས་ནས་འབྲི་གུང་དགོན་པར་རབ་ཏུ་བྱུང་དེ་མདོ་སྔགས་རིག་གནས་ཀུན་ལ་སྦྱང་བ་དཔྱིས་ཕྱིན་པ་མཛད།


ཁྱད་པར་མི་རིགས་འདིའི་འདས་མ་ད་གསུམ་གྱི་ལས་དབང་ཁོ་ན་ལ་བསམ་ནས་རིག་གནས་ཆེད་རྩོམ་དང་དཔྱད་རྩོམ་གྱི་སྡེ་ཚན་«ནང་བསྟན་ལ་བཅངས་པའི་ལྷག་བསམ་«དང་། «ཤེས་རབ་ཀྱི་མེ་ལྕེ» «བོད་རེ་བ་ཅན» «དེང་རབས་ཆོས་ལུགས་པའི་སྨྱོ་གར» «རྟགས་ཙམ་འཛིན་པའི་ཆོས་ལུགས་པའི་སྐྱོ་གར་»སོགས་པོ་ཏི་ ༡༥ དང་། མདོ་སྔགས་ཀྱི་གཞུང་འགྲེལ་སྡེ་ཚན་པོ་ཏི། ༡༦ ཁྲིད་ཡིག་དང་ཆོ་གའི་སྡེ་ཚན་པོ་ཏི། ༢༢ ཆོས་འབྱུང་ལོ་རྒྱུས་དང་རྣམ་ཐར་སྡེ་ཚན་པོ་ཏི། ༢༠ འབེལ་གཏམ་ནང་ཆོས་ངོ་སྤྲོད་དང་དཀར་ཆག་སྡེ་ཚན་པོ་ཏི། ༡༣ དཔར་དུ་བསྐྲུན་རྒྱུའི་དཔེ་དེབ་༨བཅས་ཁྱོན་བསྡོམས་པོད་༨༧ ལྷག་བརྩམས་གནང་ཡོད། ད་རེས་ཀྱང་དུས་རབས་གསར་པའི་བོད་རིགས་རྣམས་འཇིག་རྟེན་ཁམས་འདི་ན་མི་རིགས་གཞན་པ་ནང་བཞིན་གོམ་པ་མཉམ་སྤོ་དང་། དཔུང་པ་མཉམ་གཤིབ་བྱེད་པར་ལེགས་ཉེས་བླང་དོར་ལ་འཇུག་པའི་སྒོ། རྩོམ་དེབ་གསར་པ་«རྨོངས་བརྟོལ»ཞེེས་པ་འདི་ན་གཞོན་རྩོམ་པ་པོ་ཁྱུང་ཡོན་གྱིས་རྩོམ་སྒྲིག་བྱས་ནས་དཔར་དུ་བསྐྲུན་འདུག་པས། རྒྱ་ཆེའི་ཀློག་པ་པོ་དང་། ཁྱད་པར་ས་གནས་ཀྱི་དཔེ་ཁང་ཚོས་རྒྱབ་སྐྱོར་དང་ཐུགས་ཁུར་གནང་རྒྱུ་མ་འཆུག འདི་གར་སྡེབ་ཚོང་ལས་རེ་རེ་ནས་འཚོང་གི་མེད་པས་ཀློག་པ་པོ་རྣམས་ཀྱིས་ས་གནས་ཀྱི་དཔེ་ཚོང་ཁང་ལ་འབྲེལ་བ་གནང་རོགས།

དཔེ་དེབ་མངག་ཉོ་བྱེད་ཡུལ། འཕྲིན་ཕྲན། aihao7153

ཡིག་སྒམ། khungyon@163.com

ཁ་པར། 18108914111 18889058381

 

བརྒྱུད་སྐུལ།

མཆན་སྤེལ།