ཕོ་བྲང་པོ་ཏ་ལ།
丨བོད་ཀྱི་ཐོག་མ་ལྔ་གང་ཡིན།
ལན། བོད་ཀྱི་ཐོག་མ་ལྔ་ནི། བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ། བོད་མཁར་ཐོག་མ་ཡུམ་བུ་བླ་མཁར། བོད་ཡུལ་ཐོག་མ་ཡར་ལུང་ཁོག བོད་ཞིང་ཐོག་མ་ཟོ་དང་ཞིང་། བོད་གྲོང་ཐོག་མ་ཕྱིང་བ་སྟག་རྩེ་བཅས་ནི་བོད་ཡུལ་དར་རྒྱས་བྱུང་བའི་རྨང་གཞི་ཡིན།
丨བོད་ཆོལ་ཁ་གསུམ་གྱི་ས་མཚམས་གང་ནས་འཇོག
ལན། བོད་ཆོལ་ཁ་གསུམ་གྱི་ས་མཚམས་ནི་མངའ་རིས་གུང་ཐང་ནས་སོག་ལ་སྐྱ་བོ་ཡན་ཆད་དབུས་གཙང་ཆོས་ཀྱི་ཆོལ་ཁ། སོག་ལ་སྐྱ་བོ་ནས་རྨ་ཆུའི་ཁུགས་པ་ཡན་ཆད་མདོ་སྟོད་མིའི་ཆོལ་ཁ། རྨ་ཆུའི་ཁུགས་པ་ནས་རྒྱ་ནག་གི་མཆོད་རྟེན་དཀར་པོ་ཡན་ཆད་མདོ་སྨད་རྟའི་ཆོད་ཁ་རུ་གྲགས་སོ། །
丨 བོད་ཀྱི་སའི་རྒྱ་ཁྱོན་ལ་ཇི་ཙམ་ཡོད།
ལན། བོད་ཀྱི་སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ས་ཡ་གཉིས་དང་འབུམ་བཞི་ལྷག་ཡོད་པར་བཤད་ཡོད།
丨བོད་ཡུལ་གྱི་ཇོ་ཤཱཀ་རྣམ་གཉིས་གང་ཡིན།
ལན། བོད་ཀྱི་རྟེན་མཆོག་ཇོ་ཤཱཀ་རྣམ་གཉིས་ནི་ཇོ་བོ་ཤཱཀྱ་མུ་ནེ་དང་། ཇོ་བོ་མི་བསྐྱོད་རྡོ་རྗེ་གཉིས་ཡིན།
丨 བྱང་གི་དགོན་ཆེན་བཞི་གང་ཡིན།
ལན། ཨ་མདོའི་ཡུལ་གྱི་བྱང་གི་དགོན་ཆེན་བཞི་ནི་བྱ་ཁྱུང་དགོན། ཆུ་བཟང་དགོན། དགོན་ལུང་དགོན། གསེར་ཁོག་དགོན་བཅས་ཡིན།
ཚེ་རིང་རྣམ་དྲུག/མཐུན་པ་སྤུན་བཞི།
丨བོད་ཡུལ་གྱི་མཁས་པ་མི་བཞི་གང་དག་ཡིན།
ལན། སློབ་དཔོན་པདྨ་འབྱུང་གནས་དང༌། བི་མ་ལ་མི་ཏྲ། བཻ་རོ་ཙ་ན། གནུབས་ནམ་མཁའི་སྙིང་བོ་བཅས་ཡིན།
丨བོད་ཀྱི་ཟློས་གར་ཆེན་མོ་བརྒྱད་གང་དག་ཡིན།
ལན། བོད་ཀྱི་ལྷ་མོའི་ཟློས་གར་རྣམ་བརྒྱད་དུ་གྲགས་པ་ནི་གྲུབ་ཆེན་ཐང་སྟོང་རྒྱལ་བོས་དུས་རབས ༡༥ པར་སྲོལ་ཕྱེས་པ་ཞིག་ཡིན། དོན་ཡོད་དོན་གྲུབ། གཟུགས་ཀྱི་ཉི་མ། སྣང་ས་འོད་འབུམ། ཨ་ཅེ་རྒྱ་བཟའ། པདྨ་འོད་འབར། འགྲོ་བ་བཟང་མོ། དྲི་མེད་ཀུན་ལྡན། ཆོས་རྒྱལ་ནོར་བཟང་བཅས་བརྒྱད་ཡོད།
丨བོད་ཀྱི་ཆེས་སྔ་བའི་ལོ་ཙཱ་བ་སུ་ཡིན།
ལན། དེ་ནི་དུས་རབས ༧ པའི་ནང་བྱོན་ཞིང་བོད་ཡིག་གསར་བཏོད་པ་ཐུ་མི་སཾ་བྷོ་ཊ་ཡིན།
ཐུ་མི་སཾ་བྷོ་ཊ། 土弥桑布札
丨བོད་ཀྱི་མཐུན་པ་སྤུན་བཞིའམ་བདེ་སྐྱིད་མཚོན་པའི་སྲོག་ཆགས་བཞི་གང་དག་ཡིན།
ལན། མཐུན་པ་སྤུན་བཞི་ནི་བྱ་གོང་མ་སྲེག་དང༌། རི་བོང༌། སྤྲེའུ། གླང་ཆེན་བཅས་ཡིན།
མཐུན་པ་སྤུན་བཞི། བྱ་གོང་མ་སྲེག རི་བོང་། སྤྲེའུ། གླང་ཆེན། 和气四瑞 羊角鸟 兔子 猴子 大象
丨བོད་ཡིག་དབུ་ཅན་གྱི་མཛེས་པ་བརྒྱད་གང་དག་ཡིན།
ལན། མགོ་རྐང་གཉིས་ཀ་དྲང་ན་མཛེས། །དཔུང་ལག་སྐེ་མཆུ་བསྐོར་ན་མཛེས། །ས་ལ་མགོ་ཅན་ཆེ་ན་མཛེས། །བརྩེགས་ཡིག་མིང་གཞི་ཆུང་ན་མཛེས། །ར་བཏགས་སྟོད་དུ་བཏེགས་ན་མཛེས། །ཡ་བཏགས་སྨད་དུ་དཔྱངས་ན་མཛེས། །ཚེག་རྐང་བར་ཐག་མཉམ་ན་མཛེས། །ཐམས་ཅད་ཆེ་ཆུང་མེད་ན་མཛེས། །
ཡུམ་བུ་བླ་མཁར།
丨ངག་རྒྱུན་ལ་དར་བའི་བོད་ཀྱི་རུས་ཆེན་བཞི་གང་དག་ཡིན།
ལན། སྨུག་པོ་ལྡོང༌། ཨ་ལྕགས་འབྲི། དམུ་ཚ་སྒ། བསེ་ཆུང་སྦྲ་བཅས་བཞི་ཡིན།
丨བོད་ཀྱི་ཆེས་སྔ་བའི་ཕོ་བྲང་གང་ཡིན།
ལན། དེ་ནི་བོད་ལྗོངས་ལྷོ་ཁའི་སྣེ་གདོང་རྫོང་གི་ཉེ་འདབས་ཡར་ཀླུང་གི་རི་ཚོགས་དཀྱིལ་དུ་ཆགས་པའི་ཡུམ་བུ་བླ་མཁར་ཡིན། སྤྱི་ལོ་སྔོན་གྱི་དུས་ཤིག་ཏུ་བོད་རྒྱལ་གཉའ་ཁྲི་བཙན་པོས་གསར་བསྐྲུན་བྱས།
ཡུམ་བུ་བླ་མཁར། གཉའ་ཁྲི་བཙན་པོ། 永布拉冈 聂赤赞普
丨བོད་མི་རིགས་ཐོག་མར་འཕེལ་རྒྱས་བྱུང་བའི་ས་ཆ་གང་ཡིན།
ལན། ཡར་ཀླུང་གཙང་བོའི་འགྲམ་རྒྱུད་ཡིན། ས་དེར་རྒྱལ་རབས་སོ་བདུན་ཡན་གྱི་སྲིད་དོན་གྱི་ལྟེ་གནས་ཡོད།
丨གངས་ཏེ་སེའི་རི་རྒྱུད་ཀྱི་མཐོ་ཚད་དང་ཞིང་ཚད་ཇི་འདྲ་ཡིན།
ལན། རི་རྒྱུད་དེ་ནི་ནུབ་སེངྒེ་གཙང་བོ་ནས་ཤར་གཞིས་ཀ་རྩེའི་བར་དུ་བསྲིངས་ཡོད། ཞེང་ལ་སྤྱི་ལེ ༨༠km དང་མཐོ་ཚད་ལ་མཚོ་ངོས་ནས་སྨི ༦༠༠༠m ལྷག་ཡོད།
丨བོད་ཡུལ་གྱི་མཚོ་ཆེན་བཞི་གང་དག་ཡིན།
ལན། མ་ཕམ་གཡུ་མཚོ། གནམ་མཚོ། སྣུབ་མཚོ། ཁྲི་ཤོར་རྒྱལ་མོ་བཅས་ཡིན།
གངས་རིན་པོ་ཆེ།
丨བོད་ཡུལ་གྱི་རྨ་ཆུའི་རིང་ཚད་ཅི་ཙམ་ཡོད།
ལན། རྨ་ཆུའི་རིང་ཚད་ནི་སྤྱི་ལེ ༥༤༦༤km ཡོད། རྨ་ཆུ། 黄河
丨བོད་ཡུལ་གྱི་རྨ་ཆེན་གངས་རིའི་མཐོ་ཚད་ཤེས་སམ།
ལན། རྨ་ཆེན་གངས་རིའི་མཐོ་ཚད་ནི་མཚོ་ངོས་ལས་སྨི ༦༢༨༠m ཙམ་ཡོད། རྨ་ཆེན་གངས་རི། 玛积雪山
丨རྒྱལ་སྤྱིའི་སྟེང་མཚོ་ངོས་ནས་ཆེས་མཐོ་བའི་གནམ་གྲུའི་འབབ་ཚིགས་གང་ཡིན།
ལན། དེ་ནི་བོད་ལྗོངས་ལྷ་སའི་གངས་དཀར་གནམ་གྲུ་ཐང་ཡིན་ལ། མཐོ་ཚད་མཚོ་ངོས་ནས་སྨི ༤༢༧༠m ཡོད།
丨བོད་ཀྱི་རབ་བྱུང་གི་ཐོག་མ་སུ་ཡིན།
ལན། དེ་ནི་དུས་རབས ༨ པའི་ནང་བསམ་ཡས་སུ་མཁན་ཆེན་བྷོ་དྷི་ས་ཏྭ་ལས་རབ་ཏུ་བྱུང་བའི་བོད་ཀྱི་སད་མི་མི་བདུན་ཡིན།
ཇོ་བོ་ཡིད་བཞིན་ནོར་བུ།
丨བོད་ཀྱི་སློབ་གྲྭའི་ཐོག་མ་གང་ཡིན།
ལན། དེ་ནི་དུས་རབས ༨ པའི་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་བསྐྲུན་པའི་བསམ་ཡས་གཙུག་ལག་ཁང་གི་ཤར་སྨད་དུ་ཡོད་པའི་བརྡ་སྦྱོར་ཚང་མང་གླིང་ཡིན།
丨བོད་ཀྱི་གྲུབ་མཐའི་ཐོག་མ་གང་ཡིན།
ལན། དུས་རབས ༧ པའི་ནང་དུ་བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་སྔ་འགྱུར་རྙིང་མའི་གྲུབ་མཐའ་བྱུང༌།
丨བོད་ལ་རྒྱལ་རབས་དུ་ཡོད།
ལན། བོད་ལ་རྒྱལ་རབས ༤༢ ཡོད།
丨འཛམ་གླིང་ཐོག་གི་ནང་བསྟན་སློབ་གྲྭ་ཆེ་བ་གང་ཡིན།
ལན། དེ་ནི་དུས་རབས ༢༠ བའི་ལོ་རབས ༨༠ བ་སྟེ ༡༩༨༠ ལོར་མདོ་སྨད་གསེར་ཐང་དུ་མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱིས་གསར་དུ་བཏབ་པའི་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གྲྭ་ཡིན། དེར་རྒྱུན་སྡོད་སློབ་གཉེར་བ་ཁྲི ༡.༣ ལས་བརྒལ་གྱིན་ཡོད།