སྦས་པའི་ཞང་ཞུང་བུ་མོ།

སྦས་པའི་ཞང་ཞུང་བུ་མོ།

མགོ་ལ་གན་ཆུང་གཡོ་བའི། །
མགྲིན་པར་སྐེ་འུ་འཁོར་བའི། །
ཁ་འབབ་རྨ་བྱས་བསྐྱངས་པའི། །
སྤུར་མོ་སྤང་རྒྱན་མེ་ཏོག །

 

གླང་ཆེན་ཆུ་བོའི་འགྲམ་ནས། །
མཆོད་པ་ལན་གསུམ་ཞུས་པས། །
གུ་གེ་བསམ་འགྲུབ་རྒྱལ་མོ། །
རྨི་ལམ་ནང་ལ་ཕེབས་བྱུང་། །

 

སྔོན་ཆད་མཇལ་ཡང་མ་མྱོང་། །
རྗེས་མར་ཐུག་ཀྱང་མི་སྲིད། །
ཚངས་དབྱངས་རྒྱ་མཚོ་ནང་བཞིན། །
གཡུ་གཅིག་ངས་ཀྱང་བོར་སོང་། །

 

བཀྲ་རི་གནམ་མཚོའི་ཁ་ལ། །
ཀ་བརྒྱའི་གུར་ཞིག་བརྒྱབས་ན། །
ཆོན་ཐག་དང་པོའི་རྩེ་ལ། །
བུ་མོའི་ཝ་ཞྭ་བཀལ་ཆོག །

 

ཨ་ཇོ་ཕྱི་ཡི་ལྕགས་རི། །
ཨ་ཞེ་ནང་གི་ནོར་བུ། །
ཕྱི་ནང་གཉིས་ཀྱི་རྟེན་འབྲེལ། །
སྤུ་གུའི་ལྟེབ་ནས་འགྲིག་སོང་། །

 

འདི་ནས་མར་ལ་བལྟས་ན། །
མཐོན་པོ་རི་ཞིག་རིག་གི །
རི་དེ་ང་དང་ཆུང་འདྲིས། །
ཐུག་སའི་རི་དང་འདྲ་བ། །

 

གཏི་ཡག་རོང་ནས་སྐྱེས་པའི། །
སྟོད་ཀྱི་གཏི་ཡག་ཁམ་བུ། །
བལྟས་ན་མིག་ལ་མཛེས་པ། །
ཟོས་ན་ཁ་མངར་ལྡན་པ། །

 

ཤར་ཕྱོགས་སྤྲིན་བཟང་དཀར་པོ། །
འཇམ་པོའི་བལ་ལ་ཕྱིན་ན། །
རང་སེམས་དཀར་བའི་མི་ལ། །
གོས་སྣ་རེ་རེ་བཟོས་ཆོག །

 

རྟ་འདོ་བ་ཕོ་རོག་སྟོང་འཆམས་འདི།།

སྟོད་མངའ་རིས་ཡུལ་ནས་འཁྲུངས་ལེ་རེ།།






གཞན་དག






 




 


པར་བ། དབྱངས་ཅན་ལྡིང་ཁང་།

རྩོམ་འབྲི་བ། གནམ་ལྕགས་ཕུར་བ། དབྱངས་ཅན་ལྡིང་ཁང་།

བརྒྱུད་སྐུལ།

མཆན་སྤེལ།