ཨ་མྱེས་གླང་ཆེན་ཡུལ་གང་དུ་གནས་པ་སོགས་ཀྱི་སྐོར།

༄༅།། ཨ་མྱེས་གླང་ཆེན་ཡུལ་གང་དུ་གནས་པ་སོགས་ཀྱི་སྐོར།

བན་ཤུལ་དཔའ་མཁར་རྒྱལ།

  དེ་ཡང་འབའ་གཞུང་མཐོན་པོ་བཅུ་གསུམ་གྱི་བསང་ཡིག་ན鉊མཐུ་ལྡན་དཀར་ཕྱོགས་སྐྱོང་བའི་དགྲ་ལྷ་ཆེ། །རྒྱལ་པོ་གོ་ཆེན་བློན་པོ་ལྷ་བཀྲ་བསངས།། ཟི་མི་དམག་དཔོན་བ་ཡན་གཡུ་ཐོད་བསངས།།སྤོས་ལུང་རྡོ་རྗེ་ཆུ་ནག་བེའུ་ངུར་བསངས། །དགེ་བསྙེན་རབ་གཟིགས་ལྷ་ཡི་ལྕམ་མོ་བསངས། །ས་ཁུལ་དེའུ་ཡག་ཝ་ལུང་རྫ་དམར་བསངས། །ཁེ་རབ་དཔག་ཆེན་ལ་སོགས་འབའ་ཕྱོགས་ཀྱི། ། རི་ལུང་ཀུན་ལ་གནས་པའི་གཞི་བདག་བསངས། །鉋④ཞེས་དང༌།ཡང鉊རྒྱལ་པོ་གོ་ཆེན། བློན་པོ་ལྷ་བཀྲ། སྤོས་ལུང་རྡོ་རྗེ། ཉིན་ཤུག་བྲག་དཀར། ངང་ཚང་གཡུ་སྒོང༌། ཟི་མི་གྲོགས་སྐེད། བ་ཡན་གཡུ་ཐོད། དགེ་བསྙེན་རབ་བརྗིད། ཁེ་རབ་དཔག་ཆེན། ནོར་བུ་རི་རྒྱལ། ཇོ་མོ་ལྷ་ལྕམ། ཝ་ལུང་རྫ་དམར། བིས་དུར་རབ་བརྟེན་ཏེ་མཐོན་པོ་བཅུ་གསུམ”⑤ཞེས་བསང་ཡིག་དང་རྣམ་ཐར། ངག་རྒྱུན་སོགས་ལས་འབྱུང་བའི་འབའ་ཡི་མཐོན་པོ་བཅུ་གསུམ་ལ་གྲངས་འདྲེན་བྱེད་སྟངས་མི་འདྲ་བ་འགའ་རེ་སྣང་ནའང་འབའ་ཡིས་མཚོན་པའི་ཡུལ་ཕྱོགས་འདི་སྐྱོང་བའི་གཞི་བདག་བཅུ་གསུམ་ཡིན་ཏེ།དེའི་ནང་ཚན་ས་ཁུལ་དེའི་ཡག་ནི་གཙང་བ་རིན་པོ་ཆེ་ཚང་གི་གསུང་ན་འདི་ལྟར鉊ས་གསུམ་བསྟན་པའི་དཔལ་ཡོན་དགྱེས་པའི་གཉེན། །དེའུ་ཡག་གནས་ཀྱི་དགྲ་འདུལ་དབང་ཕྱུག་མགོན། ། ད་ཚུར་བྱོན་ཅིག་འཁོར་བཅས་དགྱེས་པར་དགོངས། །རྟ་མཆོག་སྒ་སྲབ་སྟེང་འགྱིང་ཁྲབ་རྨོག་གྱོན། །རབ་རྣོ་མདུང་ཞགས་བསམ་འཕེལ་ནོར་བུ་བསྣམས། ། རྨ་གཡང་གཏེར་གྱི་བང་མཛོད་སྐྱོང་བའི་བདག 鉋⑥ཅེས་དང༌། ཡང་དེའི་ནང་ཚན་དགེ་བསྙེན་རབ་བརྗིད་ནི་རྗེ་ཤར་གདོང་ཆེང་གིས་འདི་ལྟར་གསུངས་ཡོད་དེ། “དགྲ་ལྷའི་རྒྱལ་པོ་དགེ་བསྙེན་རི་བོ་ཆེ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ལ་ཤིན་ཏུ་ཁྲོས་ཤིང་འཇིགས་པའི་ཉམས་དང་ལྡན་པ།འོག་གོས་ཀྱི་ན་བཟའི་སྟེང་ལ་ཁྲབ་དང་བསེ་རྨོག་གྱོན་ཞིང༌། རུ་དར་དམར་པོ་ནམ་མཁའི་དབྱིངས་སུ་བསྒྲེངས་པ། ཕྱག་གཡས་གནམ་ལྕགས་རྡོ་རྗེའི་ཁམས་ལས་གྲུབ་པའི་རུ་མཚོན་རྣོན་པོ་མཁའ་ལ་གདེངས་པ། གཡོན་ལ་དགོས་འདོད་འཇོ་བའི་ནོར་བུས་གཏམས་པའི་གཏེར་གཞོང་དང་འཆིང་བྱེད་ཞགས་པ་ནག་པོ་འཛིན་པ། ཉག་ཕྲན་གྱིས་གང་བའི་སྟག་གདོང་དང༌། གནམ་རུས་བརྒྱན་པའི་གཟིག་ཤུབས་སྐེད་ལ་གཟར་བ། ཞབས་ལ་སོག་ལྷམ་ཁྲ་བོ་གསོལ་བ། མགྱོགས་འགྲོ་ཅང་ཤེས་དཀར་བོ་ལ་བཅིབས་ནས་སྟོང་གསུམ་སྐད་ཅིག་ལ་བགྲོད་པར་ཆས鉋⑦ཞེས་འབྱུང་བའི་གསུང་ལ་གཞིགས་ན།འབའ་ཡི་མཐོན་པོ་བཅུ་གསུམ་ནི་དྲག་པོ་གཡུལ་ལ་ཆས་པའི་བླ་དཔོན་དང་དམག་དཔོན་གྱི་ཚུལ་དུ་གནས་པའི་ཡུལ་འདིའི་གཞི་བདག་བཅུ་གསུམ་ཡིན་པ་གསལ་བོར་རྟོགས་ནུས་ལ་དེའི་ནང་ཚན་ཝ་ལུང་རྫ་དམར་ཞེས་པ་ནི་སྐབས་སུ་བབས་པའི་དཔྱད་གཞི་ཨ་མྱེས་གླང་ཆེན་ཞེས་པ་དེ་ཡིན་ལ། ངག་རྒྱུན་ལྟར་ན་ཝ་ལུང་རྫ་དམར་ནི་གཞི་བདག་ཨ་མྱེས་གླང་ཆེན་རི་བོ་འདིའི་ཁོངས་སུ་མ་ཞུགས་པའི་སྔོན་གྱི་ས་མིང་ཡིན་ལ། ཕྱིས་སུ་འབའ་ཡི་མཐོན་པོ་བཅུ་གསུམ་བགྲངས་དུས་གནའ་མི་ཚོས་ཀུན་ལ་གྲགས་ཚོད་ལྟར་སྔོན་གྱི་ས་མིང་རྙིང་བ་དེ་བེད་སྤྱད་ནས་བགྲངས་པ་ཡིན་ཟེར།འདི་ནི་ཤིན་ཏུ་བདེན་པའི་གཏམ་དུ་སྣང་སྟེ། ད་ལྟའང་ཨ་མྱེས་གླང་ཆེན་གནས་པའི་རི་དེའི་མདུན་ལུང་ནགས་དང་ཆུ་བོས་ཕྱུག་པ་དེ་ལ 鉊ཝ་ལུང鉋ཟེར་ཞིང༌། བྲག་གི་དཀན་གཟར་གནམ་དུ་ཟུག་པ་ཞིག་ཡོད་པ་དེ་ལ 鉊རྫ་དམར鉋ཞེས་སྔོན་གྱི་མིང་དེ་ད་ལྟའང་གྲ་མ་ཉམས་པར་བཀོད་བཞིན་ཡོད། དེས་ན་འབའ་ཡི་མཐོན་པོ་བཅུ་གསུམ་གྱི་ནང་ཚན་ཨ་མྱེས་གླང་ཆེན་ནི་མོག་ཀྱའི་མཁན་ཆེན་གྱིས་མཛད་པའི་བསང་ཡིག་ན鉊དགེ་ལེགས་འདོད་དགུའི་འབྱུང་གནས་དཔལ་གྱི་རི། ། གཡོ་མེད་ལྷུན་སྟུག་གཡུ་རི་སྔོན་པོ་ལ། ། རྣལ་འབྱོར་སྐྱེས་ལྷ་གླང་ཆེན་གཉན་པོ་ནི། ⑧ཞེས་འབྱུང་ཞིང་འདིས་ཨ་མྱེས་གླང་ཆེན་ཤར་རྒྱ་སྟག་ཁྲ་བོ་གླང་ཆེན་བྲག་རྒན། ལྷོ་གཡུ་འབྲུག་སྔོན་མོ་མང་ཆུ་དལ་འབབ། ནུབ་ཝ་མོ་དམར་པོ་མང་རའི་བྱེ་མ། བྱང་རུས་སྦལ་སེལ་བོ་མར་ཁུ་ཐང་སོགས་སའི་སྲུང་བ་བཞིས་རྣམ་པར་བསྐོར་བའི་རི་བོ་ལ་གནས་པའི་གཞི་བདག་ཞིག་ཡིན་པར་བསྟན་པ་དང༌། ཨ་མྱེས་གླང་ཆེན་གྱིས་ཁ་འཛིན་མགོན་སྐྱབས་བྱེད་པའི་ཡུལ་ཡང་ཡོངས་གྲགས་སུ་སྤྱི་ཐར་ཤུལ་ཚོ་གསུམ་སྟེ鉊ཀྱེ་མོ་གོང་ཆ་མན་ཆད། མདུང་ཤིང་རབ་ཁ་ཡན་ཆད། ཨ་བྲའི་རྩི་ཁུག་ཚུན་ཆད།བ་ཡན་ཁ་ཚུར་ལྟ⑨ཡི་ས་ཆ་འདི་ཡིན་ཟེར་ལ་བྱེ་བྲག་ཏུ་སྐྱེས་ལྷར་བཞུགས་ཞིང་ཉིན་མཚན་ཀུན་ཏུ་ཁ་འཛིན་མགོན་སྐྱབས་གནང་བའི་སའི་ཐིག་ལེ་ནི鉊སྐམ་པའི་ཉག་ཀ་མན་ཆད། འཇག་རི་སུམ་མདོ་ཡན་ཆད། ཨ་བྲའི་རྩི་ཁུག་ཚུན་ཆད་ཀྱི་བན་ཤུལ་ཚོ་བ་འདི་ཡིན་ཞེས་བཤད། ཨ་མྱེས་གླང་ཆེན་ནི་འཛམ་གླིང་གེ་སར་རྒྱལ་པོས་མཆོད་པའི་ལྷ་ཡིན་ཞེས་མི་རྣམས་ཀྱི་ངག་རྒྱུན་དུ་ཡོད་ནའང་ཉེ་ཆར་དེའི་སྐོར་གྱི་འབྲེལ་ཡོད་ཡིག་ཚངས་སོགས་མ་རྙེད་པས་བཞག་ལ།鉊བོད་ཀྱི་ས་ཆ་ཕལ་ཆེར་ན་རི་མང་པོ་ཞིག་ལ་ཡུལ་ལྷ་གཞི་བདག་གི་མིང་གིས་འབོད་ཅིང༌། ལབ་བསྟོད་དང་བསང་གཏོང་བྱེད་ཀྱིན་ཡོད། ཡུལ་ལྷ་གཞི་བདག་ཕལ་ཆེར་གནའ་དུས་ཀྱི་རྒྱལ་བློན་དང་ཡུལ་དཔོན། དམག་དཔོན་དང་རུས་ལྷ་ཞེས་པ་རུས་རྒྱུད་ཀྱི་མེས་པོ་ཞིག་ཡིན་པར་སྣང་ལ་མི་རིགས་གཞན་པས་རང་གི་མེས་པོ་རྣམས་ཀྱིས་རི་བོ་རྣམས་ལ་མིང་བཏགས་ནས་སྐལ་བའི་བར་དུ་མི་བརྗེད་པར་བྱས་པ་རེད⑾ཅེས་གསུངས་པ་བཞིན་ཨ་མྱེས་གླང་ཆེན་ཡང་བན་ཡན་གྱིས་བཀུར་ན་བན་སྐྱོང༌། བོན་གྱིས་བཀུར་ན་བོན་སྐྱོང༌། བླ་མས་བསྟེན་ན་ཆོས་སྐྱོང༌། སྐྱེས་བུས་བསྟེན་ན་དགྲ་ལྷ་རུ་འཁོར་བ་བཅས་ཞི་རྒྱས་དབང་དྲག་གི་འཕྲིན་ལས་རྣམ་པ་བཞིའི་སྒོ་ནས་བན་བོན་གྱི་བླ་མ་དང་སྐྱེས་བུ་
སོགས་ཀྱིས་མཚོན་པའི་འཇིག་རྟེན་སྐྱོང་བའི་གཞི་བདག་མཐུ་བོ་ཆེ་ཞིག་གམ་ཡུལ་འདིའི་མེས་པོ་བླ་དཔོན་དམག་དཔོན་ཆེན་པོ་ཞིག་ཡིན་པ་དང་དེར་མ་ཟད鉊བན་བོན་དཔོན་གྱི་བླ་གནས་ས་འཛིན། །ཨ་མྱེས་གླང་ཆེན་འགྱིང་རི་མཐོན་པོ། །⑿ཞེས་པའི་གསུང་ལ་དཔྱད་ནའང་གསལ་བར་ཤེས་ཐུབ་བོ། །

༄༅།།ཨ་མྱེས་གླང་ཆེན་ཞེས་པའི་མིང་འདོགས་སྟངས་ཀྱི་སྐོར། བན་ཤུལ་དཔའ་མཁར་རྒྱལ།

བོད་ཡུལ་སྟོད་སྨད་བར་གསུམ་གྱི་གཞི་བདག་མཐུ་བོ་ཆེ་གང་དང་གང་ཡིན་རུང༌། དེ་རྣམས་ཀྱི་འབྲེལ་ཡོད་བསང་ཡིག་དང་ཡིག་ཆ། ངག་རྒྱུན་སོགས་ལ་གཞིགས་ཏེ་དཔྱད་ན་ཁོང་རྣམས་ཀྱང་ཤ་ཚུགས་ཅན་གྱི་མིའི་འཚོ་བ་ལྟར་སྲས་དང་ཆུང་མ།གཉེན་འབྲེལ། བླ་འབྲེལ། དཔོན་འབྲེལ་སོགས་ཡོད་པ་ཤེས་ཐུབ་ཅིང་མིང་གི་འབོད་སྟངས་ཀྱི་ཆ་ནས་ཀྱང་ཨ་མྱེས། ཨ་ནེ། ཨ་མ་སོགས་མང་པོ་ཡོད་ལ་འདིའི་ཐད་དུ་བོད་ཀྱི་ཞིབ་འཇུག་པ་ཆབ་འགག་རྟ་མགྲིན་ཚང་ནས་གླེང་གཞི་འདི་ལྟར་བཏོན་མྱོང་སྟེ “སྔོན་ཆད་རང་རང་ས་ཆར་འགྲོ་བ་མིར་དངོས་སུ་སྐྱེས་མྱོང་བའི་ཆོས་ལུགས་པ་དང་དཔོན་པོ། བློན་པོ། དམག་དཔོན། ཡུལ་
ལྷ་གཞི་བདག་ལ་མཆོད་བཀུར་བྱེད་པའི་འཇིག་རྟེན་རྒན་པོ་དང༌། ཡང་ན་མི་རིགས་གཞན་ལ་སྔོན་ཆད་སྐྱེས་མྱོང་བའི་དམག་དཔོན་མཐུ་བོ་ཆེ་སོགས་ཡིན་པར་ངེས鉋⒀ཞེས་རྒྱུ་མཚན་ཨ་མྱེས་དང་ཨ་མ། ཨ་ནེ་སོགས་འབོད་མིང་བཞག་ཡོད་པ་ཤིན་ཏུ་མད་པའི་གཏམ་མོ།དེས་ན་ཨ་མྱེས་གླང་ཆེན་ཞེས་པ་འདི་ཡང་གོང་གསལ་དེ་ལས་མ་འདས་ཏེ། ཨ་མྱེས་ཞེས་པ་ནི་ཨ་མདོའི་སྐད་དུ་མེས་པོ་དང་རང་ལས་ཆེ་བའི་རྒན་པ། གཉན་པོ། མཐུ་བོ་ཆེ་སོགས་ལ་བཤད་ཅིང་གླང་ཆེན་ཡང་ད་ལྟའི་བན་ཤུལ་ཚོ་བ་འདིའི་ཡབ་མེས་གོང་མ་ཞིག་ཡིན་པ་གསལ་བོར་རྟོགས་ལ་འབོད་སྟངས་འདི་ད་ལྟའང་ཚོ་བ་འདིའི་ཁྲོད་ན་གྲ་མ་ཉམས་པར་གནས་ཡོད། གླང་ཆེན་ཞེས་པ་ནི་གཞི་བདག་གནས་སའི་རི་དང་ས་ཆའི་དབྱིབས་སོགས་ལ་བལྟས་ནས་བཏགས་པ་མ་ཡིན་པར་དྲག་རྩལ་དང་མཐུ་སྟོབས་སོགས་གླང་ཆེན་དང་འདྲ་ཞེས་འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ鉊ཉིན་གསུམ་བྱ་ར་མཚན་གསུམ་མེལ་ཚེ་མཛོད། །རྒྱབ་ཀྱི་རྟེན་མ་མདུན་གྱི་འཁར་བ་
མཛོད།།ཕར་འགྲོའི་སྐྱེལ་མ་ཚུར་འོང་བསུ་མ་མཛོད།།ནད་གདོན་ཆགས་ཆེ་བར་ཆད་ཀུན་ལས་སྐྱོབས།།བསམ་དོན་ལྷུན་གྱིས་འགྲུབ་པའི་འཕྲིན་ལས་མཛོད། །
ཅེས་འབྱུང་བའི་འཕྲིན་བཅོལ་བྱེད་སྟངས་ལ་དཔྱད་ནའང་ཤེས་ཐུབ། ཨ་མྱེས་གླང་ཆེན་གྱི་དངོས་མིང་ནི་ཡིག་ཚངས་དང་ངག་རྒྱུན་སོགས་གང་ལས་ཀྱང་རྟོགས་དཀའ་ནའང་གླང་ཆེན་འེས་པའི་མཚན་རིང་མོ་ཞིག་ནས་མི་རྣམས་ཀྱི་ཁ་རྒྱུན་དུ་ཆགས་ཡོད་པ་གླང་ཆེན་སྟག་གདོང་དང་གླང་ཆེན་བྱེ་སྣ། གླང་ཆེན་བྲག་དམར།
གླང་ཆེན་ཆུ་བོ་སོགས་ཨ་མྱེས་གླང་ཆེན་གྱི་རི་རྒྱུད་དང་ས་ཁོངས་སུ་གཏོགས་པའི་གནའ་བོའི་ས་མིང་འདི་དག་ལ་དཔྱད་ན་གསལ་བོར་ཤེས་ཐུབ་བོ།།

༄༅།།བན་ཤུལ་ཚོ་བས་ཨ་མྱེས་གླང་ཆེན་བསྟེན་ཚུལ་གྱི་སྐོར། བན་ཤུལ་དཔའ་མཁར་རྒྱལ།
ཚོ་བ་འདིས་བོད་ཀྱི་སྲོལ་རྒྱུན་ལྟར་ཨ་མྱེས་གླང་ཆེན་ལ་བཀུར་བསྟི་དང་མཆོད་བསྟོད་རྒྱ་ཆེན་པོ་བྱེད་བཞིན་ཡོད་ལ་ལྷག་པར་དུ་གནམ་ལོ་གསར་ཚེས་དང་ཉིན་བཟང་དུས་བཟང༌། སྤྲོ་ཚོགས། དུས་ཆེན་སོགས་ལ་བསངས་སྣ་རྒྱ་ཆེན་པོ་ཕུལ་བ་དང་ནགས་དང་ཆུ་བོ་སོགས་སྲུང་དགོས་པའི་སྲུང་རྟགས་འདོགས་པ།
རླུང་རྟ་སྤུར་བ་སོགས་བྱེད་སྒོ་འདྲ་མིན་སྣ་ཚོགས་ཤིག་སྤེལ་བཞིན་ཡོད་ནའང་དམར་ཟས་ཀྱི་བསང་མཆོད་སོགས་མཆོད་པ་གཏན་ནས་བྱེད་སྲོལ་མེད། མདོ་སྨད་ཀྱི་ཡུལ་ལ་ལར་གཞི་བདག་མཐུ་བོ་ཆེ་རྣམས་ར་ལུག་སོགས་སེམས་ཅན་རྣམས་གསོན་པོར་མེ་ལ་བསྲེགས་ནས་མཆོད་པ་དང༌། དེ་དག་གི་དབང་བོ་ལྔ་བོས་བསུར་མཆོད་བྱེད་པ་སོགས་ཀྱང་སྣང་མོད། ཡུལ་ཕྱོགས་འདིར་འབའ་ཡི་མཐོན་པོ་བཅུ་གསུམ་སོགས་ཀྱིས་མཚོན་པའི་གཞི་བདག་ཕལ་ཆེ་བ 鉊ནས་འབྲས་གྲོ་སན་སོ་བ་དང༌། ། བཅུད་ལྡན་འབྲས་བུ་སྣ་ཆོགས་པ། །བཟའ་བཅའ་བཏུང་བྱའི་བྱེ་བྲག་ཀུན།།འདོད་དགུའི་བང་མཛོད་བཅུད་ཀྱིས་མཆོད།།鉋⒂ཅེས་དང༌།
ཡང་鉊གཡུ་ཤུག་མཁན་དཀར་བ་ལུ་ལ་སོགས་པའི།།བདུད་རྩི་ཅན་གྱི་ཤིང་གི་དུ་བའི་བསང༌།།ཕྱེ་མར་ཇ་ཆང་འོ་ཞོ་ཕུད་མཆོད་དང༌། །鉋⒃ཞེས་འབྱུང་བ་སོགས་དཀར་ཟས་དང་ཤིང་རིགས་སྣ་མང༌།སྨན་སྤོས་སྣ་ཚོགས་ཀྱིས་མཆོད་ཅིང་བསངས་བཞིན་པ་འདི་ལས་ཀྱང་ཤེས་ཐུབ་བོ། ། དེར་མ་ཟད་བསངས་མཆོད་ཆེན་པོ་བྱས་རྗེས་དེའི་སྟེང་དུ་མེ་མདའ་དང་གྲི་སོགས་མཚོན་ཆ་བཞག་ནས་བསང་མཆོད་བྱེད་སྲོལ་ཀྱང་ཡོད་མོད། དེ་ནི་ཧ་ལས་དགོས་པ་ཞིག་མིན་ཏེ་དེང་ནས་བཟུང་མི་ཤི་རྟ་འགྱེལ་གྱི་ནང་དམེ་དང་འཁོན་འཛིང་སོགས་མི་བྱེད་པར་དམ་བཅའ་བའི་མཚོན་རྟགས་ཤིག་ཡིན་ནོ། ། དེ་བཞིན་ཨ་མྱེས་གླང་ཆེན་ཀྱང་བན་བོན་གཉིས་ཀས་བཀུར་བའི་གཞི་བདག་ཅིག་ཡིན་ནའང་དམར་ཟས་དང་དམར་མཆོད་སྔ་མོའི་དུས་ནས་བཟུང་བྱེད་སྲོལ་མེད་པ་འབྲེལ་ཡོད་ཀྱི་བསང་ཡིག་ལས鉊དྲི་ཞིམ་བསང་སྣའི་དུད་པ་མཁའ་ལ་འཁྲིགས།།ལྷ་མིའི་ཞལ་ཟས་སྣ་ཚོགས་རི་ལྟར་སྤུངས། །ཇ་ཆང་བཏུང་བ་རྒྱ་མཚོ་ལྟ་བུར་བསྐྱིལ། །རིན་ཆེན་སྣ་ཚོགས་གསེར་སྐྱེམས་མཁའ་ལ་འཐོར།།མཛེས་པའི་གར་དང་སྙན་པའི་རོལ་མོ་སོགས། །ཡིད་འོང་མཆོད་པའི་ཁྱད་པར་འདི་བཞེས་ལ། །鉋 ()7) ཞེས་འབྱུང་བ་ལས་ཀྱང་གསལ་བོར་ཤེས་ཐུབ་བོ། དེར་མ་ཟད་ཆིག་སྟོང་དགུ་བརྒྱ་གོ་དགུ་ལོ་ནས་བཟུང་སྡེ་འདིའི་དུས་རབས་གསར་བའི་འཕེལ་རྒྱས་དང་ཁ་གཏད་དེ鉊ཨ་མྱེས་གླང་
ཆེན་གསོལ་སྟོན་དུས་ཆེན鉋ཞེས་སྡེ་དམངས་ཡོངས་ཀྱིས་དགའ་བསུ་ཐོབ་པའི་དུས་སྟོན་ཆེན་པོ་ཞིག་བཙུགས་ཤིང༌།དུས་ཆེན་དེར་ཐོག་མར་ཨ་མྱེས་གླང་ཆེན་ལ་བསང་མཆོད་རྒྱ་ཆེན་པོ་བྱས་ནས་འཕྲིན་ལས་སྣ་ཚོགས་བཅོལ་གདམས་མྱུར་འགྲུབ་ཡོང་རྒྱུར་རེ་བ་ཞུ་བ་དང༌།དེ་རྗེས་སྡེ་བའི་མང་ཆོགས་ཀྱི་བསམ་བློའི་ཆུ་ཚད་དང་རིག་གནས་ཀྱི་འདུ་ཤེས་མཐོར་འདེགས་གཏོང་ཆེད།སྲོལ་རྒྱུན་གྱི་གླུ་དང་གར།དེང་རབས་ཀྱི་སྤོ་ལོ་སྣ་ཚོགས་སོགས་རིག་རྩལ་རྣམ་གྲངས་སུམ་ཅུར་ཉེ་བ་ཞིག་འཁྲབ་སྟོན་བྱེད་བཞིན་ཡོད་ལ།བཟང་བོར་བཟང་སྟོད་དང་ངན་པར་གསལ་འདེབས་སྣ་ཚོགས་བྱས་ཏེ་སྤྱི་བསྡོམས་བྱས་ནས་མི་རྣམས་ཀྱིས་འདི་ནི་ཨ་མྱེས་གླང་ཆེན་ལ་མཐུན་སྒྲིལ་གྱི་མཆོད་པ་བཤམས་པ་ཡིན་ཞེས་ཁ་སེམས་མཐུན་པོའི་སྒོ་ནས་ཁ་གཡེང་དང་བཀྲ་ཤིས་ཀྱིས་བར་སྣང་ཁེངས་བཞིན་ཡོད།

༄༅།།ཨ་མྱེས་གླང་ཆེན་འཁོར་དང་བཅས་པའི་ཆ་བྱད་ཀྱི་སྐོར། བན་ཤུལ་དཔའ་མཁར་རྒྱལ།
ཐོག་མར་དཀར་ཕྱོགས་སྐྱོང་བའི་གཞི་བདག་མཐུ་བོ་ཆེ་ཨ་མྱེས་གླང་ཆེན་གྱི་ཆ་བྱད་བཤད་པ་ལ།དམངས་ཁྲོད་ན་བྲིས་ཐང་སྣ་མི་འདྲ་བ་འགའ་རེ་ཡོད་ཀྱང་དུས་དང་ཉར་ཚགས་ཀྱི་དབང་གིས་རེ་རེ་བཞིན་མི་གསལ་བས་དཔྱད་ཐབས་དཀའ་ལ། ངག་རྒྱུན་འགའ་རེ་ཡང་ཡོད་མོད་ཁུངས་རྣམ་དག་དང་བདེན་པ་ཞིག་མ་མཐོང་བས་འདིར་མ་བྲིས་སོ། །དེས་ན་འབྲེལ་ཡོད་བསང་ཡིག་ལ་ཁུངས་བཅོལ་ནས་ཅུང་ཟད་གླེང་བར་བྱ་སྟེ། ཨ་མྱེས་གླང་ཆེན་གྱི་ཆ་བྱད་ནི་འབྲེལ་ཡོད་
བསང་ཡིག་ལས鉊རྣལ་འབྱོར་སྐྱེས་ལྷ་གླང་ཆེན་གཉན་པོ་ནི། ། སྐུ་མདོག་དཀར་པོ་རིན་ཆེན་ཁྲབ་རྨོག་གསོལ། །རླུང་གི་ཤུགས་ལྡན་ཅང་ཤེས་སྔོན་པོར་བཅིབས། །ཞལ་རས་དགྱེས་པས་གཟི་མདངས་མེ་རེ་རེ། ། ཟ་འོག་དར་གྱི་ན་བཟའ་ལྷབ་སེ་ལྷབ། ། རིན་ཆེན་གསེར་གྱི་རྒྱན་ཆ་སི་ལི་ལི། །鉋 ⒅ཞེས་འབྱུང་བ་ལྟར།སྐུའི་མདོག་དཀར་ཞིང་རིན་ཆེན་ཁྲབ་རྨོག་གསོལ་བ་དང༌།རླུང་གི་ཤུགས་ལྡན་གྱི་རྟ་མཆོག་ལ་བཅིབས་པ་སོགས་ལས་བླ་དཔོན་ནམ་དམག་དཔོན་གྱི་ཆ་བྱད་འཛིན་པ་ཞིག་ཡིན་པ་གསལ་བོར་རྟོགས་ནུས་ལ།དཀར་ཕྱོགས་དང་ནག་ཕྱོགས་གཉིས་ལས་དཀར་ཕྱོགས་སྐྱོང་བའི་གཞི་བདག་སྟེ 鉊བླ་རི་ཁེ་རབ་དཔག་ཆེན་གཙོ་བས།།
དཀར་ཕྱོགས་སྐྱོང་བའི་མཐོན་པོ་བཅུ་གསུམ། །鉋⒆ཞེས་འབྱུང་བ་བཞིན་འབའ་ཡུལ་མཐོན་པོ་བཅུ་གསུམ་དཀར་ཕྱོགས་སྐྱོང་བའི་གཞི་བདག་ཏུ་ངེས་ན་ཨ་མྱེས་གླང་ཆེན་ཀྱང་སྨོས་མེད་ཡིན་ལ་དེར་མ་ཟད鉊རྒྱལ་དབང་པརྨོ་ཀ་ར་ཡིས། ། བཀའ་སྒོས་ཉེར་གཏད་དཀར་ཕྱོགས་སྐྱོངས། །”⒇ཞེས་པས་ཀྱང་གསལ་བོར་ཤེས་ཐུབ་པ་བཞིན་ཨ་མྱེས་གླང་ཆེན་གྱི་སྐུའི་ཆ་བྱད་ཀྱང་དཀར་ཕྱོགས་སྐྱོང་བའི་ལྷ་དང་གཞི་བདག་སྤྱིའི་ཆ་བྱད་ལས་བརྒལ་མི་འདུག་ལ།དེ་ནས་ཨ་མྱེས་གླང་ཆེན་གྱི་བློན་པོ་སྟག་གདོང་བོན་གྱི་ཆ་བྱད་ཅན་དེ་ཡང་འབྲེལ་ཡོད་བསང་ཡིག་ན་འདི་ལྟར་གསུང་ཡོད་དེ鉊ལས་བྱེད་སྤྲུལ་བའི་བློན་པོ་སྟག་གདོང་ནི། །སྐུ་མདོག་དམར་སྨུག་ཟ་བེར་སྔོན་པོ་གསོལ། །རྟ་ནག་ཞུར་དཀར་ཞོན་ནས་སྟོང་གསུམ་ཉུལ། །འཁོར་གྱི་དམག་ཚོགས་རྟརྒྱུགས་ཤ་ར་ར།།གཡང་དྲུང་བོན་གྱི་རྟགས་དང་ཆ་ལུགས་ཅན། ། ལག་ན་རྔ་གཤང་ཐོགས་པའི་ཕོ་ཉའི་ཚོགས། ། སྣ་ཚོགས་ཉམས་ཀྱིས་རོལ་བ་ཤིག་སེ་ཤིག ། (21) ཅེས་པ་ལྟར་ཡིན་ལ། བློན་པོ་སྟག་གདོང་ནི་བོན་གྱི་ཆ་བྱད་འཛིན་པའི་རྒྱུ་མཚན་ཡང་ཨ་མྱེས་གླང་ཆེན་བན་བོན་གྱི་སྐྱེས་བུ་སྤྱིའི་བཀུར་གནས་ཡིན་པའི་ཆ་ནས་ཡིན་ལ།བློན་པོ་སྟག་གདོང་ལའང་འཁོར་གྱི་དམག་ཚོགས་དང་ཕོ་ཉ་སོགས་ཡོད་པ་ལས་ཨ་མྱེས་གླང་ཆེན་གྱི་མགོན་སྐྱབས་དང་འཕྲིན་ལས་ཤིན་ཏུ་རྒྱ་ཆེ་བ་རང་ཤུགས་ཀྱིས་མཚོན་ཐུབ་བོ། །
གཞན་ཡང་ཡུམ་སྲས་ཀྱི་ཆ་བྱད་ནི། ཐོག་མར་དགྱེས་ཡུམ་འཆོར་མོ་དང་སྲས་དགྲ་འདུལ་དབང་ཕྱུག་གི་ཕྱོགས་ནས་ཅུང་ཟད་གླེང་ན། ཁ་ཅིག་གིས་ཨ་
མྱེས་གླང་ཆེན་རྣལ་འབྱོར་བ་ཞིག་ཡིན་ཞེས་བཤད་ཀྱང་འབྲེལ་ཡོད་བསང་ཡིག་ལྟར་ན་རྣལ་འབྱོར་བའི་སྐྱེས་ལྷ་ཞིག་ལས་ཁོ་རང་རྣལ་འབྱོར་བ་ཞིག་མིནཔར་ངེས་ལ།ཡིན་པའི་དབང་དུ་བཏང་ནའང་རྣལ་འབྱོར་བས་དུས་སུ་བབས་ན་ལས་ཀྱི་ཕྱག་རྒྱ་བསྟེན་རུང་ལ།ལ་ལས་དགེ་བསྙེན་དུ་བསྒྲུབས་པ་ཡིན་ཟེར་ཀྱང་དགེ་བསྙེན་ལའང་དབྱེ་བ་དྲུག་ཡོད་པ་ལས་ཡོངས་རྫོགས་དགེ་བསྙེན་མིན་ན་ལས་ཀྱི་ཕྱག་རྒྱ་བསྟེན་རུང་བ་ཤེས་དགོས་སོ། །དེས་ན་གསང་ཡུམ་གྱི་ཆ་ནས་ལ་ལས་འཆོར་མོ་ཡིན་ཟེར་ལ་ཁ་ཅིག་གིས་སྨན་ཆུ་ཡིན་ཟེར་ཀྱང༌། དེ་གཉིས་ཀ་གང་ཡིན་ཀྱང་འགལ་བ་ཆེན་པོ་མེད་ལ་ཐོག་མར་དགྱེས་ཡུམ་འཆོར་མོ་ནི་འབྲེལ་ཡོད་བསང་ཡིག་ལས鉊གཡས་ན་ཐུགས་ཀྱི་རྒྱུད་སྡེ་གསང་བའི་ཡུམ། །མཚར་སྡུག་རྒྱན་གྱི་གཟི་འོད་འཁྱུག་སེ་འཁྱུག།” (22) ཅེས་འབྱུང་བ་ལས་ཐུན་མོང་མ་ཡིན་
པའི་ཆ་བྱད་ཅིག་གསུངས་མེད་ནའང་དམངས་ཁྲོད་ངག་རྒྱུན་ལྟར་ན鉊དགྱེས་ཡུམ་འཆོར་མོ་བཙན་རྟ་ཁམ་པ་ཅན鉋ཞེས་སོགས་ཡོད་པས་འཆོར་མོ་ནི་མཚར་སྡུག་གི་རྒྱན་ཆས་བརྒྱན་ཞིང་རྟ་མཆོག་ཁམ་ཁམ་ལ་བཅིབས་པ་ཞིག་ཡིན་པ་གསལ་རྟོགས་བྱེད་ནུས་སོ། ། དེར་མ་ཟད་འཆོར་མོ་ཞེས་པའི་རི་མིང་འདི་ད་ལྟའང་འཚོ་བ་འདིས་བེད་སྤྱོད་བྱེད་བཞིནཡོད་ལ་ཨ་མདོ་ཕྱོགས་ནས་བུད་མེད་རྒྱན་ཆ་སྤྲས་ཆེ་ཤོས་ལ་འཆོར་མོ་ཞེས་ཟེར་རོ། །གཞན་གསང་ཡུམ་སྨན་ཆུ་ནི་འབྲེལ་ཡོད་བསང་ཡིག་ན鉊གླང་ཆེན་སྟག་གདོང་བློན་པོ་དང . །།སྨན་བཙུན་འཁོར་བཅས་གནས་འདིར་གཤེགས། །鉋 (2) ཞེས་དང༌།“གཡས་ན་སྨན་ཆུ་ལས་ཀྱི་ཕྱག་རྒྱའི་ཚུལ།། ‘ ་ ྭ z4) ཞེས་འབྱུང་བ་སོགས་ལས་ཐུན་མོང་མ་ཡིན་པའི་ཆ་བྱད་ཅིག་བསྟན་མེད་ལ་ཞིབ་ཏུ་འབྲི་བར་ཡིག་ཚངས་སོགས་ཆ་རྐྱེན་གྱིས་མ་
འཐུས་སོ། །སྲས་ཀྱི་སྐོར་འབྲེལ་ཡོད་བསང་ཡིག་ན “གཡོན་ན་ལྷ་སྲས་ཟླ་བའི་བཞིན་རས་ཅན། །སྒེག་པའི་ཉམས་ལྡན་འཛུམ་མདངས་ཡ་ལ་ལ། །” (25)
ཞེས་འབྱུང་བ་འདིའི་ནང་གི་ལྷ་སྲས་ནི་རྡོ་དཀར་མཚམས་པ་ཚང་གིས་མཐའ་ཚོགས་དཀྱུས་རི་དགྲ་འདུལ་དབང་ཕྱུག་ཡིན་ཟེར་ལ་འབྲེལ་ཡོད་བསང་ཡིག་ན།鉊ཕན་བདེ་རྩ་ལག་རྒྱལ་བསྟན་དུས་ཀྱི་མཐར། །གཡོ་མེད་བསྲུང་བའི་ལྷ་ཆེན་དགྲ་འདུལ་ཁྱོད། ། ཁྱད་པར་ལྗོངས་འདིར་འཆོལ་བའི་ལུས་ཅན་ལ། ། སྔོན་མེད་བདེ་སྐྱིད་མགྲོན་དུ་འགུགས་པའི་གཤེད། ། ལུགས་གཉིས་དཔལ་འབྱོར་འཕེལ་བའི་གོ་འབྱེད་དུ། ། བསྔགས་པར་འོས་པ་ཁྱོད་ལ་བདག་བསྟོད་དོ།( 26 )
ཞེས་འབྱུང་བ་སོགས་སུ་ལྷ་སྲས་ཀྱི་ཆ་བྱད་ནི་ཟླ་བའི་མདངས་ཀྱི་བཞིན་རས་དང་སྒེག་པའི་ཉམས།འཛུམ་པའི་མདངས་ལྡན་པ་སོགས་ལས་ཁྱད་པར་ཅན་གྱི་ཆ་བྱད་ཅིག་འཆད་མེད་ནའང་འཕྲིན་ལས་བཅོལ་སྟངས་ལ་གཞིགས་ན་མཐུ་རྩལ་དང་འཕྲིན་ལས་མྱུར་མགྱོགས་ཀྱི་བདག་པོ་ཞིག་ཡིན་པ་ཤེས་ཐུབ། གཞན་ཨ་མྱེས་གླང་ཆེན་དང་བཅས་པར་འཕྲིན་ བཅོལ་བྱེད་སྟངས་སྣ་ཚོགས་ཤིག་འདུག་ཀྱང་ དིར་ཡིག་ཚོགས་ལ་འཇིགས་ནས་མ་བྲིས་སོ། །

བརྒྱུད་སྐུལ།

མཆན་སྤེལ།