དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས།

༄༅། །དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས།

དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་ཞེས་པ་འདི་ནི་སྟོང་སྐུའི་བྲག་ཕུག་ནས་ཐོན་པ་ཞིག་ཡིན་ཞིང་། ཡི་གེ་རྣམས་ཀྱང་བརྡ་རྙིང་ཤ་སྟག་ཡིན་པས་གོ་དཀའ་བ་ཞིག་ཏུ་སྣང་བ་ལས་དེའི་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆའི་རིན་ཐང་ཞིག་མངོན་བཞིན་ཡོད་ཙ་ན། བོད་ཀྱི་རིག་གནས་ལོ་རྒྱུས་ལ་བརྟག་ཅིང་དཔྱོད་པར་འདོད་པ་རྣམས་ལ་ཉེ་བར་མཁོ་བ་ཞིག་ཡིན་སྙམ་དུ་སེམས་ཏེ་འདིར་ཁ་ཚང་་བཀོད་པ་ལགས་སོ། །
……བཙན་མོ་:མུན་ཆང་:ཀོང་ཅོ། མགར་སྟོང་རྩན་ཡུལ་ཟུང་གྱིས་སྤྱན་དྲངསྟེ་བོད་ཡུལ་དུ་གཤེགསོ།
བལ་བོ་ཡུ་སྣ་ཀུག་ཏི་བཀུམ། ན་རི་བ་བ་རྒྱལ་ཕོར་བཆུག། གནག་ནད་ཆན་﹙ཆེན﹚པོ་བྱུང་།
།།དེ་ནས་ལོ་གསུམ་ན། བཙན་པོ་ཁྲི་སྲོང་རྩན་གྱི་རིང་ལའ། ལི་སྙ་ཤུར་བརླག་སྟེ་ཞང་ཞུང་ཐམས་ཅད་འབངས་སུ་བཀུག་སྟེ་མངའོ།།
།།དེ་ནས་ལོ་དྲུག་ནའ། བཙན་པོ་ཁྲི་སྲོང་རྩན་དགུང་དུ་གཤེགསོ། །བཙན་མོ་མུང་ཅང་ཀོང་ཅོ་དང་དགུང་ལོ་གསུམ་བཤོས་སོ།།
1.ཁྱིའི་ལོ་ལ་བབ་སྟེ།བཙན་པོ་མྱེས་ཁྲི་སྲོང་རྩན་གྱི་སྤུར་ཕྱིང་བའི་རིང་ཁང་(1)ནའ་རིང་མཁྱུད(2)ཆིང་བཞུག་སྟེ། བཙན་པོ་སྦོན་(3)ཁྲི་མང་སློན་མང་རྩན་མེར་ཀེ་ན་བཞུགས་པར་ལོ་གཅིག
2.ཕགི་ལོ་ལ་བབ་སྟེ། བཙན་པོ་ཉེན་ཀར་ན་བཞུགས་ཤིང་། ཕྱིང་བར། བཙན་ཕོ་མྱེས་ཁྲི་སྲོང་རྩན་གྱི་མདའང་བཏང་བར་(4)ལོ་གཅིག
3.བྱི་བའི་ལོ་ལ་བབ་སྟེ། བཙན་པོ་ཉེན་ཀར་ན་བཞུགས་ཤིང་། བློན་ཆེ་སྟོང་རྩན་གྱིས་གློ་བོ་དང་རྩང་རྷྱའ་བཀུག་ཕར་ལོ་གཅིག
4.གླང་གི་ལོ་ལ་བབ་སྟེའ། བཙན་པོ་ཉེན་ཀར་ན་བཞུགས་ཤིང་། བློན་ཆེ་སྟོང་རྩན་གྱིས། གཡུག་ཏུ་གནག་ལིངས་བཏབ(5)། ད་རྒྱལ་མང་པོ་རྗེས་ཞིང་གྱི་ཕྱིང་རིལ(6)བགྱིས། ར་སང་རྗེའི་བློན་རིང་སྟག་རྷྱ་དང་ཞིང་གྱི་ཚོང་ཆེན་དབྱརད(7)། ཞང་ཞུང་ཡུལ་གྱི་མངན(8)དུ་སྤུག་གྱིམ་རྩན་རྨ་ཆུང་བཆུག མདོ་སྨདུ་ཀམ་ཁྲི་བཟང་བྱེ་འདའ་ཐོང་མྱིས་(9)བཀུམ་སྟེ་ཤ་གཉེརད་ཕར(10)ལོ་གཆིག།
5.སྟགི་ལི་ལ་བབ་སྟེ། བཙན་ཕོ་མེར་ཁེ་ནའ་བཞུགས་ཤིང་། བློན་ཆེ་སྟོང་རྩན་གྱིས། མོང་པུ་སྲལ་མཛོད་དུའ་བསྡུསྟེ། རྒོད་གཡུང་(11)དབྱེ་ཤིང་། མཁོ་ཤམ་(12)ཆེན་ཕོ་བགྱི་བའི་རྩིས་མགོ་བགྱི་བར་(13)ལོ་གཆིག
6.ཡིས་བུའི་ལོ་ལ་བབ་སྟེ། བཙན་པོ་མེར་ཁེ་ན་བཞུགས་ཤིང་། བློན་ཆེ་སྟོང་རྩན་གྱིས། འགོར་ཏིར། བཀའ། གྲིམས་(14)གྱི་ཡི་གེ་བྲིས་ཕར་ལོ་གཆི
7.འབྲུགི་ལོ་ལ་བབ་སྟེ། བཙན་པོ་མེར་ཀེ་ནའ་བཞུགས་ཤིང་། བློན་ཆེ་སྟོང་རྩན། གཙམ་གྱི་ཡུལ་མར་དུའ་ཤ་ལིངས་ (15)ཆེན་ཕོ་བཏབ་ཕར་ལོ་གཆི
8.སྦྲུལ་གྱི་ལོ་ལ། བཙན་པོ་མེར་ཀེ་ན་བཞུགས་ཤིང་། བློན་ཅེ་སྟོང་རྩན། དབྱར་སྙིང་དྲུང་གྱི་གྱེ་ཐལ་བ་གོང་ན་མཆིས་ཕར་ལོ་གཅིག
9.རྟའི་ལོ་ལ། བཙན་པོ་མེར་ཀེ་ན་བཞུགས་ཤིང་། བློན་ཆེ་སྟོང་རྩན་སྙིང་དྲུང་གྱི་སྣ་རིངས་ན་མཆིས་པར་ལོ་ཆིག
10.ལུགི་ལོ་ལ་བབ་སྟེ། བཙན་པོ་སྤྲགས་གྱི་ཤ་ར་ན་བཞུགས་ཤིང་། བློན་ཆེ་སྟོང་རྩན་འ་ཞ་ཡུལ་ན་མཆི་སྟེ་ད་རྒྱལ་མང་པོ་རྗེས། མཚོ་ནག་སྟོང་རུར། རྒྱ་སེའུ་དེན་པང་དང་། ནོལ་ཐབས་བགྱིསྟེ(16) ད་རྒྱལ་གྱང་གུམ་ཤིང་བརྒྱད་ཁྲི་སྟོང་ལ་རྡུགས་ཕར་(17)ལོ་གཅིག
11.སྤྲེའུ་ལོ་ལ། བཙན་པོ་མལ་ཏྲོ་སྐེ་བྱེ་ན་བཞུགས་ཤིང་། བློན་ཆེ་སྟོང་རྩན་འ་ཞ་ཡུལ་ན་མཆིས་ཕར་ལོ་གཆིག
12.བྱ་གགི་ལོ་ལ། བཙན་པོ་མེར་ཀེ་ན་བཞུགས་ཤིང་། བློན་ཆེ་སྟོང་རྩན་འ་ཞ་ཡུལ་ན་མཆིས་ཕར་ལོ་གཆིག
13.ཁྱིའི་ལོ་ལ། བཙན་པོ་རྐོང་གཡུག་དུ་འགོརད་(18)མཛད་ཆིང་། བློ་ཆེ་སྟོང་རྩན་གྱིས། དུ་གུལ་དུ་ཞང་ཞུང་གྱི་མཁོས་བགྱིས་ཕར་ལོ་གཆིག
14.ཕགི་ལོ་ལ། བཙན་པོ་སྣམ་སྟོང་ན་བཞུགས་ཤིང་། བློན་ཆེ་སྟོང་རྩན་འ་ཞ་ཡུལ་ན་མཆིས་པར་ལོ་ཆིག
15.བྱི་བའི་ལོ་ལ། བཙན་པོ་བྱང་རོལ་དུ་གཤེགས་ཤིང་། བློན་ཆེ་སྟོང་རྩན་འ་ཞ་ཡུལ་ན་མཆིས་པར་ལོ་གཆིག
16.གླང་གི་ལོ་ལ། བཙན་པོ་ཟྯིད་ཀྱི་ལྡུམ་ནག་ན་བཞུགས་ཤིང་། བློན་ཆེ་སྟོང་རྩན་འ་ཞ་ཡུལ་ན་མཆིས་པར་ལོ་ཆིག
17.སྟགི་ལོ་ལ་བབ་སྟེ། བཙན་པོ་ཟྯིད་གྱི་ལྡུ་ནག་ན་བཞུགས་ཤིང་། བློན་ཆེ་སྟོང་རྩན་འ་ཞ་ཡུལ་ནས་སླར་འཁོརད་ཏེ། ཟྯིད་མདའར་ཐོང་མྱིག་(19)བྱུཉ་(བྱུང་)བར་ལོ་གཆིག
18.ཡོས་བུའི་ལོ་ལ། བཙན་པོ་འོར་མང་དུ་གཤེགསྟེ། བློན་ཆེ་སྟོང་རྩན་རིས་པུར་གུམ་བར་ལོ་གཆིག
19.འབྲུགི་ལོ་ལ།བཙན་པོ་སྦྲགས་གྱི་ཤ་ར་ན་བཞུགས་ཅིང་ཇི་མ་གོལ་དུ་དགྲ་བཞེར(20)བརྩིགས་པར་ལོ་ཆིག
20.སྦྲུལ་གྱི་ལོ་ལ། བཙན་པོ་ཟྯིད་གྱི་ལྡུ་ནག་ན་བཞུགས་ཤིང་། འ་ཞ་མང་པོ་པྱག་འཙལ་ཏེ་གཏེའུ་བསྡུས་པར་(21)ལོ་ཆིག
21.རྟའི་ལོ་ལའ། བཙན་པོ་འོ་དང་ན་བཞུགས་ཤིང་། ཇི་མ་ཁོལ་དུ་རྒྱ་མང་པོ་བདུངས་ཕར་ལོ་གཆིག
22.ལུགི་ལོ་ལ་བབ་སྟེ། བཙན་ཕོ་དབྱརད་ལྟམ་གྱི་ར་སྔོན་ན་བཞུགསྟེ། དགུན་ཉ་མང་ཚལ་དུ་གཤེགས་ཤིང་། བཙནམོ་སྙ་མོ་སྟེངས་སྙ་ཤུར་སྤུ་ངས་རྐྱེ་རྐྱུག་ལ་བག་མར་གཤེགས་པར་ལོ་གཆིག
23.སྤྲེའུ་ལོ་ལ་བབ་སྟེ། བཙན་པོ་དབྱརད་ཤངས་གྱི་སུམ་ཆུ་བོ་བཞུགས་ཅིང་། དགུན་ནམ་ཅེ་གླིང་དུ་གཤེསྟེ། ནད་འབྲུམ་བུས་བསྙེངས་(22)པར་ལོ་གཆིག
24.བྱ་གགི་ལོ་ལ། བཙན་པོ་དབྱར་སྟོད་ཕོ་དམ་མདོ་ན་བཞུགས་ཤིང་། དབྱར་སྨད་སུམ་ཆུ་བོར་སྤོསྟེ། འདུན་མ་འདོང་ཀའི་ནེ་ཙོ་ལུང་དུ་མཁར་(མགར)བཙན་སྙ་ལྡོམ་བུ་དང་། ཁྲི་འབྲིང་བཙན་བྲོད་གཉིས་གྱིས་བསྡུསྟེ། འབྲོག་མཁོས་(23)ཆེན་པོ་བགྱིས། དགུན་ཕོ་བྲང་ཤངས་གྱི་རབ་ཀ་ཙལ་དུ་གཤེགས་ཤིང་། འདུན་མ་དུངས་གྱི་སྟག་ཙལ་དུ་བསྡུསྟེ། མུན་མགི་རྐང་ཏོན་(24)བགྱིས། ཕ་ལོས་(25)བཀུག་པར་ལོ་གཅིག
25.ཀྱི་﹝ཁྱི་﹞ལོ་ལ་བབ་སྟེ། བཙན་པོ་དབྱར་ཟྯིད་ན་བཞུགས་ཤིང་། ལྕོག་ལ་ལོག་པ་དང་། དགུན་ཚང་བང་སྣར། གཤེགསྟེ། འདུན་མ་གླག་གི་པུ་ཅུང་དུ་འདུསྟེ། ཞུགས་ལོང་དམར་ཕོ་བརྩིས་པར་གཅིག
26.ཕགི་ལོ་ལ་བབ་སྟེ། བཙན་པོ་དཔྱིད་ཞེ་ཤིང་དུ་གཤེགསྟེ། བཙན་མོ་ཁྲི་མོ་ལན་གྱིས། སྟོན་མོ་ཆེན་པོ་གསོལད། འབོན་ད་རྒྱལ་ཁྲི་ཟུང་གྱིས། གསེར་ཟངས་ཆེན་པོ་གསོལད། དབྱརད་བལ་པོ་ན་བཞུགས་ཤིང་། བློན་བཙན་སྙས། ཞིམས་གྱི་གུ་རན་དུ་ཞང་ཞུང་གྱི་མཁོས་བགྱིསྟེ། དྲུ་གུ་ཡུལ་དུ་ལྟང་ཡོར(26)མཆིས། དགུན་བཙན་ཕོ་འོན་གྱི་སྣ་བོ་ན་བཞུགས་པར་ལོ་གཆིག
27.བྱི་བའི་ལོ་ལ་བབ་སྟེ། དབྱརད་བསྩན་ཕོ་སྦྲགས་ཀྱི་ཤ་ན་བཞུགས་ཤིང་། དགུན་ཚང་བང་སྣ་ནས། ཁྲི་མང་སློན་དགུས་ཏུ་གཤེགས། བཙན་ཕོ་སྲས་ཁྲི་འདུས་སྲོང་། སྒྲེགས་གྱི་ལྷ་ལུང་དུ་བལྟམ། བློན་བཙན་སྙས་དྲུ་གུ་ཡུལ་དུ་དྲང་སྟེ། ལྡུམ་བུ་ཁྲི་བཤོས་ཁྲོམ་འཙལད་པར་ལོ་གཆིག
28.གླང་གི་ལོ་ལ། བཙན་པོ་ཡབ་ཀྱི་སྤུར་བ་ལམ་ན་མཁྱིད་(མཁྱུད)ཅིང་བཞུགསྟེ། རྱེ་ཤིན་ཁུ་བུལ་བུ་དང་ལྕོག་ལ་རིང་ཙུག་སྐོར་དང་གཉིས། གློ་བ་རིང་སྟེ། ཞང་ཞུང་ལོག་ཅིང་བཙན་པོ་ཁྲི་འདུས་སྲོང་ཉེན་ཀར་ན་བཞུགས་པར་ལོ་ཆིག
29.སྟགི་ལོ་ལ་མམ་སྟེ། བཙན་པོ་ཡབ་གྱི་རིང་། བ་ལམ་ན་མཁྱིད་རིང་བཞུགསྟེ། དགུན་སྟོད་འདུན་མ་གླགི་རྒྱུ་བྱེར་འདུས། དགུན་སྨད་མདན་དུ་འདུསྟེ། ར་སང་རྗེ་སྤུང་རྐྱེ་རྐྱུང་དང་། ཁུ་ཁྲི་སྙ་དགྲུ་ཟུང་ལ་བཀྱོན་བབ་སྟེ། བཙན་ཕོ་ཉེན་ཀར་ན་བཞུགས་ཤིང་། ཡབ་བཏོལ་(27)བར་ལོ་གཅིག
30.ཡོས་བུའི་ལོ་ལ། བཙན་པོ་ཉེན་ཀར་ན་བཞུགས་ཤིང་། པྱིང་བར་བཙན་ཕོ་ཡབ་གྱི་མདད་(མདང)བཏང་བར་ལོ་ཅིག
31.འབྲུགི་ལོ་ལ། བཙན་པོ་ཉེན་ཀར་ན་བཞུགས་ཤིང་། བློན་ཁྲི་འབྲིང་གྱིས་རུ་རིངསུ་བསྡུསྟེ། ཁུ་དང་ར་སང་རྗེའི་ནོར་བརྩིས། བློན་ཆེན་ཕོ་བཙན་སྙས། སྤྲགས་གྱི་མུར་གས་སུ་བསྡུསྟེ། དགུན་འདུན་བ་བམས་གྱི་གཡག་རུ་ཐང་དུ་བློན་ཆེན་པོ་བཙན་སྙ་དང་། བློན་ཁྲི་འབྲིང་གཉིས་གྱིས་བསྡུས་པར་ལོ་གཆིག
32.སྦྲུལ་གྱི་ལོ་ལ་བབ་སྟེ། བཙན་པོ་ཉེན་ཁར་ན་བཞུགས་ཤིང་། དབྱརད་བློན་ཆེན་ཕོ་བཙན་སྙས་འདུན་མ་ཟྯིད་མདར་བསྡུསྟེ། གནུབས་མང་ཉེན་བཞི་བརྩན་དང་། མགར་མང་ཉེན་སྟག་ཙབ་གཉིས། བོག་ལ་ནས་མས་བྱུང་སྟེ། འདུན་མའ་རྒྱས་གྱི་ལུང་རིང་སྡུ་བསྡུས་ཕར་ལོ་གཆིག
33.རྟའི་ལོ་ལ་བབ་སྟེ། བཙན་པོ་ཉེན་ཀར་ན་བཞུགས་ཤིང་། བློན་ཆེན་ཕོ་བཙན་སྙས། འདུན་མ་སྒྱོགས་རམ་དུའ་བསྡུསྟེ། དགུན་མང་ཉེན་བཞི་བརྩན་དང་། མང་ཞམ་སྟག་ཙབ་གཉིས་གྱིས། འདུན་མ་རྟེའུ་མཁར་དུ་བསྡུསྟེ་བྲུང་པ་(28)ལྷོ་འབྲིང་པོ་རྒྱལ་སུམ་སྲེགས་གྱིས། ཉེན་ཀར་དུ་འབུལ་སྐྱེམས་(29)གསོལད་ཕར་ལོ་གཅིག
34.ལུགི་ལོ་ལ་བབ་སྟེ། བཙན་པོ་ཉེན་ཀར་ན་བཞུགས་ཤིང་། བློན་ཆེན་ཕོ་བཙན་སྙས། སྤུགས་གྱི་མུར་གས་སུ། བསྡུས། དགུན་བཙན་མོ་མུན་ཅང་ཀོང་ཅོའི་མདད་བཏང་བར་ལོ་གཆིག
35.སྤྲུའི་ལོ་ལ་བབ་སྟེ། བཙན་པོ་ཉེན་ཀར་ན་བཞུགས་ཤིང་། བློན་ཆེ་བཙན་སྙས། འདུན་མ་དབུ་རུ་ཤོད་གྱི་རེ་སྐམ་དུ་བསྡུསྟེ། ཁུ་འདུས་བཙན་དང་རྔེགས་ཁྱི་མ་རེ་དང་། འ་ཞ་གསུམ་མཆིད་ཤགས་(30)འཚལ་ཤིང་། གནག་ནད་ཆེན་པོ་བྱུང་སྟེ། ཁྲི་བོམས་སུ། གོར་ཤའི་ལྟོང་བརྒྱུས་(31)ནས། དགུན་འདུན་ཤངས་ཀྱི་རབ་ཁ་ཚལ་དུའ་འདུས་ནས། རྩན་ཆེན་གྱི་མངན་བཞི་ལས། གཉིས་སུ་བཅོས་ཕར་ལོ་གཆིག
36.བྱ་གག་གི་ལོ་ལ་བབ་སྟེ། བཙན་པོ་ཉེན་ཀར་ན་བཞུགས་ཤིང་། བློན་ཆེན་པོ་བཙན་སྙ་དང་། མང་ཉེན་སྟག་ཙབ་གཉིས། དམེའ་བྱུང་(32)ཤངས་གྱི་སུམ་ཆུ་བོར། བློན་ཆེན་ཕོ་བཙན་སྙ་གུམ། བང་མོ་བང་ཀར་དུ་བློན་ཁྲི་འབྲིང་བཙན་བྲོད་བློན་ཆེན་ཕོར་བཆུག བློན་ཁྲི་འབྲིང་གྱིས། དགུན་གླགི་པུ་ཆུང་དུ་བསྡུསྟེ། བཙན་པོ་ཁྲི་འདུ་སྲོང་དུ་མཚན་གསོལད། སྣོམ་བུ་པས་(33)དུག་མ་མང་པོ་བཟུང་ནས་བཀུམ་བར་ལོ་གཆིག
37.ཁྱིའི་ལོ་ལ་བབ་སྟེ། བཙན་པོ་ཉེན་ཀར་ན་བཞུགས་ཤིང་། བློན་ཁྲི་འབྲིང་གྱིས། དྲུ་གུ་ཡུལ་དུ་དྲང་ཞེས་བགྱི་བ་ལས། པྱི་དལ་(34)ཏེ། དབྱར་འདུན་ཤོང་སྣར་འདུས། དགུན་བྲ་མ་ཐང་དུ་འདུསྟེ། ཤངས་མང་ཆད་དུ་ཞིང་གྱི་ཕྱིང་རིལད་བཏབ་ཕར་ལོ་གཆིག
38.པགི་ལོ་ལ་བབ་སྟེ། བཙན་པོ་ཉེན་ཀར་ན་བཞུགས་ཤིང་། བློན་ཁྲི་འབྲིང་གྱིས། དྲུ་གུ་གུ་ཟན་ཡུལ་དུ་དྲངས། དགུན་རྩང་ཆེན་གྱི་པྱིང་རིལད་བཏབ། འབོན་ད་རྒྱལ་ཁྲི་ཟུང་དང་། གནུབས་མང་ཉེན་བཞི་བརྩན་དང་། མགར་སྟ་གུ་རི་ཟུམ་གསུམ་གྱིས། བཟང་སུམ་ཙལ་དུ་བསྡུསྟེ། རྩང་ཆེན་གྱི་ལོག་ཕོ་དང་ཕོ་བཙུད་པར་(35)ལོ་གཆིག
39.བྱི་བའི་ལོ་ལ་བབ་སྟེ། བཙན་པོ་ཉེན་ཀར་ན་བཞུགས་ཤིང་། དབྱར་འདུན་ཟི་སྤུག་དུ་འདུས། དགུན་དབོན་ད་རྒྱལ་ཀྲི་ཟུང་གྱིས། ཞོགས་གྱི་ཚུར་ལུང་དུ་བསྡུས། བཙན་མོ་ཁྲི་མོ་སྟེངས་དགས་ཡུལ་དུ་ཆབ་སྲིད་ལ་གཤེགས་པར་ལོ་ཆིག
40.གླང་གྱི་ལོ་ལ་བབ་སྟེ། བཙན་པོ་ཉེན་ཀར་གྱི་ཐང་བུ་ར་ན་བཞུགས་ཤིང་། བཙན་མོ་ཁྲི་བངས། འ་ཞ་རྗེ་ལ་བག་མར་གཤེགས། བློན་ཆེ་ཁྲི་འབྲིང་དྲུ་གུ་ཡུལ་ནས་སླར་འཁོརཏེ། དགུམ་(དགུན)འདུན་ཕུལ་པོའ་ཉ་ཤ་ཚལ་དུ་འདུས་པར་ལོ་ཆིག
41.སྟགི་ལོ་ལ་བབ་སྟེ། དབྱརད་བཙན་པོ་བལ་པོ་བཞུགས་ཤིང་། བློན་ཆེ་ཁྲི་འབྲིང་གྱིས་འོ་ཡུགི་ཚ་སྟེསུ་མུན་མགི་རྩིས་མགོ་བགྱིས་ཕ་དང་། དགུན་བཙན་ཕོ་འོན་གྱི་འ་ག་ཚལ་ན་བཞུགས་ཤིང་། དབོན་ད་རྒྱལ་དང་བློན་ཆེ་ཁྲི་འབྲིས་གྱིས། རྩང་གྱི་གླིང་ཀར་ཚལ་དུ་བསྡུསྟེ། རྩང་ཆེན་ཕོའི་ཁྲམ་དམར་པོ་བཏབ་ཕ་དང་། གཡོ་རུའི་ཞིང་གྱི་ཕྱིང་རིལ་བཏབ་པར་ལོ་གཆིག
42.ཡོས་བུའི་ལོ་ལ་བབ་སྟེ། བཙན་པོ་ཉེན་ཀར་ན་བཞུགས་ཤིང་། དབྱར་འདུན་སྲེ་འུ་གཞུག་དུ་འདུས་པ་ལས། ལྷ་གཤེགས་ནས། ཁྲ་སྣར་འཕོསྟེ། ཕྱིང་རིལད་དང་རབས་ཆད་གྱི་རྩིས་བགྱིས། དགུན་སྐྱི་བྲ་མ་ཏང་དུ་འདུསྟེ། ཞུགས་ལོང་དམར་པོ་རྐང་ཏོན་བགྱིས་པར་ལོ་གཆིག
43.འབྲུག་གི་ལོ་ལ་བབསྟེ། བཙན་པོ་ཉེན་ཀར་ན་བཞུགས་ཤིང་།དབྱར་འདུན་ཤོང་སྣར་འདུསྟེ། མངན་ཆེན་པོ་དྲུག་དུ་བསྐོས། དགུན་འདུན་སྐྱི་གླིང་རིངས་ཙལ་དུ་འདུསྟེ། ཁྲམ་དམར་པོ་བཏབ། མདོ་སྨད་ཀྱི་དགུན་འདུན་རྒྱམ་ཤི་ཆིགས་〔ཚིགས〕(36)བཟུང་བར་ལོ་གཅིག
44.སྦྲུལ་གྱི་ལོ་ལ། བཙན་པོ་ཉེན་ཀར་ན་བཞུགས་ཤིང་། དབྱརད་དུང་སྐྱི་སྟག་ཙལ་དུ་འདུསྟེ། ལྔ་བརྒྱ་ཆེན་པོ་བསྐོས། དགུན་བཟང་སུམ་ཙལ་དུ་འདུསྟེ། རྩང་ཆེན་པོོ་འབྲོག་བསྐོས་ནས། བློན་ཆེ་ཁྲི་འབྲིང་འ་ཞ་ཡུལ་དུ་མཆིས་པར་ལོ་ཆིག
45.རྟའི་ལོ་ལ། བཙན་པོ་མལ་ཏྲོ་བརྫེན་ཏང་ན་བཞུགས་ཤིང་། བློན་མང་ཉེན་བཞི་བརྩན་གྱིས། འདུན་མ་ཟུ་སྤུགི་ཞོན་བར་བསྡུས་ཤིང་། མགར་སྟ་གུ་སིག་དགིས་བཟུང་། དགུན་བཙན་པོ་ར་འུ་ཙལ་ན་བཞུགས་ཤིང་། ཏོན་ཡ་བགོ་ཁ་གན་(37)ཕྱག་འཙལད། འདུན་མ་གླགི་པུ་ཆུང་དུ་འབོན་ད་རྒྱལ་དང་། མང་ཉེན་བཞི་རྩན་གྱིས་བསྡུསྟེ། ད་རྒྱལ་གུམ་པར་ལོ་ཆིག
46.ལུགི་ལོ་ལ། བཙན་པོ་དབྱརད་བལ་པོ་ན་བཞུགས་ཤིང་། འདུན་བ་དྲ་འི་གྲི་པུར་འདུས་པ་ལས། མགར་བཙན་ཉེན་གུང་རྟོག་གློ་བ་རིང་སྟེ་(38)བཙན་པོ་ལྟམ་དུ་གཤེགས། དགུན་བཙན་བཙན་པོ་བྲག་མར་དུ་གཤེགས། ཤ་ཙལ་དུ་མགར་གུང་རྟོན་གྱི་ཞལ་ཙེ་དབྱངས་(39)ནས། ཉེན་ཀར་ལྕང་བུར་བཙན་པོ་བཀས་བཅདེ། གུང་རྟོན་བཀུམ། བློན་ཆེ་ཁྲི་འབྲིང་འ་ཞ་ཡུལ་དུ་མཆིས་ཤིང་། སྟག་ལ་རྒྱ་དུར་དུ། རྒྱའི་དམག་པོན་འྭང་ཞང་ཤོ་དང་གཡུལ་སྤྲདེ་(40)རྒྱ་མང་པོ་བཀུམ་བར་ལོ་ཆིག
47.སྤྲེའུ་ལོ་ལ། བཙན་པོ་ཟྯིད་མདའ་ན་བཞུགས་ཤིང་། བློན་ཅེ་ཁྲི་འབྲིང་གྱིས། འ་ཞ་ཡུལ་གྱི་སིལ་གུ་ཅིན་གྱི་འོ་ཀོལ་དུ་འ་ཞའི་མཁོས་བགྱིས། དགུན་འོ་བར་ཚལ་དུ་མང་ཉེན་བཞི་བརྩན་གྱིས་བསྡུསྟེ། བཙན་མོ་མང་མོ་རྗེ་ལས་མྱི་མང་པོ་བཀུག་པར་ལོ་ཅིག
48.བྱ་གགི་ལོ་ལ་བབ་སྟེ། བཙན་པོ་བལ་པོ་ན་བཞུགས་ཤིང་། ཅེ་དོག་པན་གྱི་ཕོ་ཉ་ཕྱག་འཙལད། དགུན་ཕོ་བྲང་བྲག་མར་གྱི་ཙལ་ཀ་ན་བཞུགས་ཤིང་། འདུན་མ་འོན་གྱི་འ་ག་ཙལ་ན་བཞུགས་པར་ལོ་གཆིག
49.ཁྱི་ལོ་ལ་བབ་སྟེ། བཙན་པོ་དབྱརད་བྱང་རོལ་དུ་གཤེགས། དགུན་བློན་ཆེན་ཕོ་ཁྲི་འབྲིང་གྱིས། ཙོང་ཀ་ཆེ་ཆུང་དུ་དྲང་སྟེ། རྒྱའི་དམག་པོན་ཅེན་པོ་ཐུག་པུ་ཤི་བཟུང་། དེའི་དགུན་མགར་ལ་བཀྱོན་ཕབ་སྟེ་བཙན་པོ་ཕར་དུ་གཤེགས་པར་ལོ་ཆིག
50.པགི་ལོ་ལ་བབ་སྟེ། བཙན་པོ་དབྱརད་ཕར་ནས་བལ་ཕོ་བྲིའུ་ཏང་(ཐང)དུ་གཤེགས་ཤིང་། རྒྱའི་ཕོ་ཉ་ཇེ་འུ་ཞང་ཤོ་པྱག་འཙལད། དགུན་མཙན་ཕོ་དོལད་གྱི་མར་མ་ན་བཞུགས་ཤིང་། གློ་བ་ཉེ་བ་ཡིག་ག ཙང་དང་བྱ་སྒ་(41)སྩལད། ཏོན་ཡ་བགོ་ཁ་གན་ཕྱག་འཙལད། སྒྲེགས་གྱི་བྱ་ཙལ་དུ་བཀྱོན་བབ་གྱི་ནོར་བརྩིས་པར་ལོ་གཆིག
51.བྱི་བའི་ལོ་ལ་བབ་སྟེ། བཙན་པོ་དབྱརད་མོང་ཀར་ནས་ཆབ་སྲིད་ལ་ཤ་གུ་ཉིང་སུམ་ཁོལ་དུ་གཤེགས་ཤིང་། ཏོན་ཡ་བགོ་ཁ་གན་དྲུ་གུ་ཡུལ་དུ་བཏང། སྟོན་བཙན་ཕོ་གཤེགསྟེ་ག་ཆུར་དྲངས། དགུན་བཙན་པོ་ཕོ་བྲང་རྨ་བྱ་ཙལ་ན་བཞུགས། ཡུམ་ཁྲི་མ་ལོད་འོན་ཆང་དོ་ན་བཞུགས་ཤིང་། འབའ་ད་ཤི་ཕྱག་འཙལད་པར་ལོ་ཆིག
52.གླང་གྱི་ལོ་ལ་བབ་སྟེ། བཙན་པོ་དབྱརད་གསེར་ཞ་ན་བཞུགས་ཤིང་། ཟོང་ཅུ་དང་ཐེའུ་ཆུར་དྲངསྟེ། ཡུམ་ཁྲི་མ་ལོད་སྟོད་གྱི་མོང་ན་བཞུགས་ཤིང་། དགུན་བཙན་ཕོ་ཁྲི་རྩེ་ན་བཞུགས་ཤིང་། དཔྱིད་ལྟབ་མར་(42)། ཟོང་ཆུ་དང་། ཐེའུ་ཅུར་དྲངསྟེ། ཡུམ་ཁྲི་མ་ལོད། ངན་ལམ་ཙལ་སར་པ་ན་བཞུགས་ཤིང་། འདུན་མ་གླགུ་ཆུང་དུ་ཞང་བཙན་བཙན་ཏོ་ཏེ་ལྷས་བྱིན་དང་། སེང་གོ་སྣང་ཏོ་རེ་སྐྱི་ཅུང་གྱིས། བསྡུས་པར་ལོ་གཆིག
53.སྟགི་ལོ་ལ་བབ་སྟེ། བཙན་པོ་དབྱརད་པོར་ཁྲི་མུ་སྟེངས་ན་བཞུགས། ཡུམ་ཁྲི་མ་ལོད་ཡར་འབྲོ་གི་འཇོན་ན་བཞུགས། དགུན་བཙན་ཕོ་ཁྲི་རྩེ་ན་བཞུགས། མདོ་སྨད་གྱི་དགུན་འདུན་ནམ་ལྡོང་པྲོམ་དུ་ཁུ་མང་པོ་རྗེ་ལྷ་ཟུང་དང་། བློན་མང་རྩན་ལྡོང་ཞིས་བསྡུསྟེ། སུམ་རུའི་མཀོས་ཆེན་པོ་བགྱིས། ཡུམ་འོན་ཅང་དོ་ན་བཞུགས་ཅིང་། འདུན་མའང་འོན་ཅང་དོར་བསྡུསྟེ། ཤིང་གྱི་བཀའ་ཏང་ཆེན་པོ་བོར་བར་(43)ལོ་ཆིག
54.ཡོས་བུའི་ལོ་ལ། བཙན་པོ་དབྱརད་གླིང་གི་འོལ་བྱག་ན་བཞུགས་ཤིང་། རྒྱའི་པོ་ཉ་ཀམ་ཀེན་ཕྱག་འཙལད། མདོ་སྨད་གྱི་དགུན་འདུན་ཡོལ་གྱི་ཅི་འབོསུ་བསྡུས། ཡུམ་རྣང་ཕོ་དུར་མྱིག་ན་བཞུགས་ཤིང་། ཁུ་འབྱུར་ལོད་བཙན་བཀུམ། དགུན་བཙན་པོ་འཇང་ཡུལ་དུ་གཤེགསྟེ། འཇང་ཕབ། པར་ལོ་གཅིག
55.འབྲུགི་ལོ་ལ་བབསྟེ། དཔྱིད་ཁོ་(ཕོ)བྲང་ཙལ་དུ་རྒྱལ་གཙུག་རུ་བལྟམ། དབྱརད་བཙན་པོ་ཡབ་རྨ་གྲོམ་གྱི་ཡོ་ཏི་བཟངས་ན་བཞུགས་ཤིང་། ཡུམ་ཁྲི་མ་ལོད་ཡར་འབྲོག་གི་འོ་དང་ན་བཞུགསྟེ། འདུན་མ་བྲག་སྒོར་འདུས། དགུན་བཙན་ཕོ་ཆམ་སྲིད་ལ་མྱྭ་ལ་གཤེགས་པ་ལས། དགུང་དུ་གཤེགས། ཡུམ་ཁྲི་མ་ལོད་ལྷས་གང་ཙལ་ན་བཞུགསྟེ། འདུན་མ་བྱར་ལིངས་ཙལ་དུ་ཞང་ཁྲི་བཟང་སྟག་ཙབ་གྱིས་བསྡུས་པར་ལོ་ཆིག
56.སྦྲུལ་གྱི་ལོ་ལ་བབ་སྟེ། བཙན་པོ་སྲས་རྒྱལ་གཙུག་རུ་དང་། པྱི་ཁྲི་མ་ལོད་དྲོན་ན་བཞུགས། ལྡེག་རེན་པའ་མནོན་སྣང་གྲགས་དང་། ཁེ་རྒད་མདོ་སྣང་ལས་སྩོགས་པ་(44)ལོག་སྟེ་བོན་མོ་ན་ལ་ཙེར་ལྡེག་རེན་པ་ལོག་པ་རྣམས་བཀུམ། པོང་ལག་རང་དུ་བཙན་པོ་གཅེན་ལྷ་བལ་ཕོ་རྒྱལ་ས་ནས་ཕབ། བཙན་པོ་ཡབ་ཁྲི་འདུས་སྲོང་གྱི་དཔུར། མེར་ཀེའི་རིང་ཁང་ན་བཞུགས། དགུན་བཙན་པོ་རྒྱལ་གཙུག་རུ་དང་། པྱི་ཀྲི་མ་ལོད་ཞུར་ན་བཞུགས། ཁུ་མང་པོ་རྗེ་ལྷ་ཟུང་། བློན་ཆེན་པོར་བཀའ་སྩལད། དེའི་རྗེས་ལ་གླིང་རིངས་ཙལ་དུ་ཁུ་མང་པོ་རྗེ་ལྷ་ཟུང་ལ་བཀྱོན་ཕབ། དབའས་ཁྲི་གཟིགས་ཞང་ཉེན་བློན་ཆེན་ཕོར་བཀའ་སྩལད། སེ་རིབ་ལོག་པར་ལོ་གཆིག
57.རྟའི་ལོ་ལ་བབ་སྟེ། བཙན་པོ་དང་། ཕྱི་དབྱརད་དྲོན་ན་བཞུགས། བཙན་པོ་ཡབ་གྱི་དཔུར་མེར་ཀེ་ན་བཞུགས། འདུན་མ་ན་མར་དུ་འབོན་ད་རྒྱལ་བཙན་ཟུང་དང་། བློན་ཆེན་ཕོ་ཁྲི་གཟིགས་གྱིས་བསྡུསྟེ། ལྷོ་འདུས་སྲེགས་ལ་བཀྱོན་ཕབ། མདོ་སྨད་གྱི་དགུན་འདུན་མ་པར་གྱི་གླེ་མར་ཞང་རྒྱ་སྟོས་བསྡུས། དགུན་ཕྱིང་བར་བཙན་པོ་ཡབ་གྱི་མདད་བཏང་། པྱི་མང་པངས་ནོངས་(45)། མདོ་སྨད་གྱི་འདུན་མ་ཡོལ་གྱི་རྟེའུ་དཀྱུསུ་འདུས་པར་ལོ་ཆིག
58.ལུགི་ལོ་ལ་བབ་སྟེ། བཙན་ཕོ་དབྱརད་བལ་པོ་ན་བཞུགས། པྱི་དྲོན་ན་བཞུགས། དབྱར་འདུན་ལྷ་གབ་དུ་འབོན་ད་རྒྱལ་དང་། བློན་ཆེན་པོ་ཁྲི་གཟུགས་གྱིས་བསྡུསྟེ། མངན་གྱི་ཁབ་སོོ་(46)ཁྲམ(47)སྤོས། བྲུང་པ་གནུབས་ཁོ་མ་རེ་གུམ་སྟེ། སྐྱིན་བར་རྡོ་འཕན་ཀོང་བཅུག ཁུ་དང་། ལྷོ་བཀྱོན་བབ་(48)གྱི་ནོར་བརྩིས། སྟོན་ཕྱི་མང་པངས་ཀྱི་མདད་བཏང་། དགུན་བཙན་པོ་བྲག་མར་ན་བཞུགས་པ་ལས། པོ་བྲང་འཕོསྟེ། ཕྱི་སྦོན་ལྷས་གང་ཙལ་ན་བཞུགས། དགུན་འདུན་འོན་ཅང་དོར་བློན་ཆེན་ཕོ་ཁྲི་གཟིགས་གྱིས་བསྡུས་སྟེ། ལྔ་བརྒྱ་སྟོང་བུ་རྗེར་བཅོས། མདོ་སྨད་གྱི་མདུན་མའ་རག་ཏགི་རྨ་རོང་དུ་འདུས་པར་ལོ་གཅིག
59.སྤྲེའུ་ལོ་ལ་བབ་སྟེ། བཙན་པོ་དབྱརད་བལ་པོ་ཤ་རུ་མཁར་ན་བཞུགས། པྱི་པོ་བྲང་དྲོན་ན་བཞུགས་ཤིང་། དབྱར་འདུན་མཁྲིས་ཕ་ཏང་དུ་བློན་ཆེན་པོ་ཁྲི་གཟིགས་གྱིས་བསྡུསྟེ། སྐུ་སྲུངས་གྱི་ཁྲམ་དམར་ཕོ་བརྩིས། དགུན་བཙན་པོ་ཕོ་བྲང་བྲག་མར་ན་བཞུགས། པྱི་ལྷས་གང་ཙལ་ན་བཞུགས། འདུན་མ་འོང་ཆང་དོར། བློན་ཆེན་པོ་ཁྲི་གཟིགས་གྱིས་བསྡུས། མདོ་སྨད་གྱི་མདུན་མ་རག་ཏགི་ཉམ་པུར་འདུས། འབངས་ལ་གསེར་ཁྲལ་མང་པོ་བསྡུས། དཔྱིད་བཙན་མོ་ག་ཏུན་(49)གྱི་མདད་བཏང་བར་ལོ་གཆིག
60.བྱ་གགི་ལོ་ལ་བབ་སྟེ། བཙན་ཕོ་བལ་པོ་ན་བཇུགས་(བཞུགས་)། ཕྱི་དྲོན་ན་བཞུགས། དབྱར་བཙན་པོ་ཕོ་བྲང་བྲག་མར་ན་བཞུགས། ཕྱི་ལྷས་གང་ཙལ་ནའ་བཞུགས། འདུན་མ་འོན་ཅང་ཏོར་འདུསྟེ། རུ་ལགི་ཞུགས་ལོང་དམར་ཕོ་བརྩིས། སེ་རིབ་གྱི་རྒྱལ་ཕོ་བཟུང་། མདོ་སྨད་གྱི་དགུན་འདུན་གཙེ་ནམ་ཡོར་དུ་འདུས་པར་ལོ་གཆིག
61.ཁྱི་ལོ་ལ་བབ་སྟེ། བཙན་པོ་བལ་བོ་ན་བཞུགས། པྱི་དྲོན་ན་བཞུགས། མཁྲིས་ཕ་ཏང་དུ་འདུན་མ་བསྡུསྟེ་བཙན་མོ་ཁོང་ཅོ་གཤེགས་པའི་ཡོ་བྱད་བཀྲལ་(50)། ཞང་བཙན་ཏོ་རེ་ལྷས་བྱིན་ལས་སྩོགས་པས། གཉེ་པོ་(51)མགྱི་སྟེ། བཙན་མོ་ཀིམ་ཤང་ཁོང་ཅོ་ར་སའི་ཤ་ཙལ་དུ་གཤེགས། དགུན་བཙན་པོ་སྟངས་དབྱལ་(52)བྲག་དམར་ན་བཞུགས། པྱི་ལྷ་སྒང་ཙལ་ན་བཞུགསྟེ། མདོ་སྨད་གྱི་འདུན་མ་གཙེ་ནམ་ཡོར་དུ་ཞང་རྒྱ་སྟོང་དང་། སྟ་གུ་རི་ཙབ་གྱིས་བསྡུས་པར་ལོ་ཆིག
62.ཕགི་ལོ་ལ། བཙན་པོ་དབྱརད་བལ་པོ་ན་བཞུགས། ཕྱི་དྲོན་ན་བཞུགས། དབྱར་འདུན་གཞོང་ཕྱག་དུ་འབོན་ད་རྒྱལ་བཙན་ཟུང་དང་། བློན་ཆེན་པོ་ཁྲི་གཟིགས་གྱིས་བསྡུསྟེ། ཆོག་རོ་ཁོང་གེ་ལ་བཀྱོན་བབ། དགུན་བཙན་པོོ་ཕོ་བྲང་བྲག་མར་ན་བཞུགས། པྱི་ལྷས་གང་ཙལ་ན་བཞུགས། སྐྱི་རྣམསུ་འབོན་ད་རྒྱལ་བཙན་ཟུང་དང་། བློན་བློན་ཆེན་ཕོ་ཁྲི་གཟིགས་གྱིས་བསྡུསྟེ། ཕ་ལོས་མང་ཕོ་བཀུག མདོ་སྨད་གྱི་འདུན་མ་གཙེ་ནམ་ཡོར་དུ་ཆོག་རོ་ཁྲི་གཟིགས་གནས་ཀོང་གྱིས་བསྡུས་པར་ལོ་གཆིག
63.བྱི་བའི་ལོ་ལ། བཙན་པོ་དབྱརད་བལ་པོ་ན་བཞུགས། པྱི་དྲོན་ན་བཞུགས། འབོན་ད་རྒྱལ་དང་། བློན་ཆེན་ཕོ་ཁྲི་གཟིགས་གྱིས། ལྷ་གབ་གྱི་བྱེ་མ་ལུང་དུ་བསྡུསྟེ། དགུན་བྲག་མར་ན་བཞུགས་བཙན་པོ་མཚན་རྒྱལ་གཙུག་རུ་ལས། ཁྲི་ལྡེ་གཙུག་རྩན་དུ་གསོལད། པྱི་ཁྲི་མ་ལོད་ནོངས། དགུན་འདུན་སྐྱི་དྲ་ཙལ་དུ་འབོན་ད་རྒྱལ་དང་། བློན་ཆེན་ཕོ་ཁྲི་གཟིགས་གྱིས་བསྡུསྟེ། རུ་གསུམ་གྱི་ཁྲམ་དམར་ཕོ་བརྩིས། ཕྱི་བཏོལ་བར་ལོ་གཆིག
64.གླང་གྱི་ལོ་ལ་བབ་སྟེ། བཙན་པོ་དབྱརད་མལ་ཏྲོོ་བརྫེན་ཏང་ན་བཞུགས། འབོན་ད་རྒྱལ་དང་བློན་ཆེན་ཕོ་ཁྲི་གཟིགས་གྱིས། དབྱར་འདུན་ཟུ་སྤུགི་རྐྱང་བུ་ཙལ་དུ་བསྡུསྟེ། ལྔ་བརྒྱ་བསྐོས། སྔོ་ས་སྐྱ་ས་(53)། ཁ་བསྟནད། རྒྱའི་ཕོ་ཉ་ཡང་ཁེང་ཕྱག་འཙལད། དགུན་བཙན་ཕོོ་ཕོ་བྲང་བྲག་མར་ན་བཞུགས། པྱིང་བར་ཕྱི་ཁྲི་མ་ལོད་གྱི་མདད་བཏང། དགུན་འདུན་མཉེན་མོང་ཀར་དུ། བློན་ཆེན་ཕོ་ཁྲི་གཟུགས་ཀྱིས་བསྡུསྟེ། གནུབས་ཁྲི་མཉེན་མོང་ཙན་གུམ་ནས། ཁུད་པ་(54)ཆེན་ཕོོ་འབངས་ཁྲི་སུམ་རྗེ་རྩང་བཞེར་ལ་ཕུལ་བར་ལོ་ཆིག།
65.སྟགི་ལོ་ལ་བབ་སྟེ། བཙན་ཕོ་དབྱརད་མལ་ཐྲོ་བརྫེན་ཏང་ན་བཞུགས་ཤིང་། འདུན་མ། མལ་ཐྲོ་ལྟམ་སུ། བློན་ཆེན་པོ་ཁྲི་གཟིགས་གྱིས་བསྡུསྟེ། བྲུང་པ་རྡོ་འཕན་ཀོང་ནི་བྱུང་(55)། ཚེས་པོང་ཏྲེ་གོང་བཆུག་སྟེ། འབོན་ད་རྒྱལ་དང་ཞང་བཙན་ཏོ་རེ་ལྷས་བྱིན་གྱིས། སིལ་གུ་ཅིན་གྱི་འོ་ཁོལ་དུ་འ་ཞའི་མཁོས་མགྱིས། དགུན་བཙན་ཕོ་ཉེན་ཀར་ནའ་བཞུགས། དགུན་འདུན་མནོན་དུ་བློན་ཁྲི་སུམ་རྗེ་རྩང་བཞེར་གྱིས། བསྡུསྟེ། འབོན་ད་རྒྱལ་དང་། བློན་ཆེན་ཕོ་ཁྲི་གཟིགས་གཉིས་གྱིས། འབུ་ཤིང་ཀུན་ཏུ་དྲ་མ་དྲངསྟེ(56)། སླར་འཁོརད་པར་ལོ་གཆིག
66.ཡོས་བུའི་ལོ་ལ། བཙན་པོ་ཞེ་ཤིང་གྱི་རྩིབས་ན་བཞུགས། དབྱར་འདུན་ཟུ་སྤུ་གི་རྐྱང་བུ་ཚལ་དུ་བློན་ཁྲི་སུམ་རྗེ་རྩང་བཞེར་གྱིས་བསྡུསྟེ། རྩན་(རྩང་)ཆེན་གྱི་བྲུང་ཁ་ལས་ཚེང་གུམ་སྟེ། ཞང་ཁྲི་མཉེས་སྨོན་ཤུང་བཅུག དགུན་བཙན་པོ་ཉ་ཤ་ཚལ་ན་བཞུགས། འདུམ་མ་འོ་ཡུགི་ནུབསུ། བློན་ཁྲི་སུམ་རྗེ་རྩན་བཞེར་གྱིས་བསྡུསྟེ། བློན་ཆེན་ཁྲི་གཟིགས། མདོ་སྨད་གྱི་མཁོས་ཆེན་པོ་བགྱིས་པར་ལོ་གཆིག
67.འབྲུགི་ལོ་ལ་བབ་སྟེ། དབྱརད་བཙན་ཕོོ་ཕོ་བྲང་།་་་་་་
68.སྦྲུལ་གྱི་ལོ་ལ། བཙན་པོ་དབྱརད་དུངས་ན་བཞུགས། མདོ་སྨད་གྱི་འདུན་མ་བློན་ཆེན་པོ་ཁྲི་གཟིགས་གྱིས། གཉི་ཇི་གེན་དུ་བསྡུས། དགུན་བཙན་ཕོོ་ཕོ་བྲང་བྲག་མར་ན་བཞུགས། དགུན་འདུན་མོང་ཀར་དུ་བློན་ཁྲི་སུམ་རྗེ་རྩང་བཞེར་གྱིས། བསྡུསྟེ། ཆིབས་པོན་ཞང་ཁྲི་མཉེས་མཉེན་ལོད་བྱུང་། ཞང་འབྲིང་རྩན་ཁྱི་བུ་བཆུག བློན་ཆེན་ཕོ་ཁྲི་གཟིགས་གྱིས། མདོ་སྨད་གྱི་དགུན་འདུན་རྒྱམ་ཤི་གར་དུ་བསྡུསྟེ། མངན་གྱི་ཁྱིམ་རྩིས་བགྱིས་ཕར་ལོ་ཆིག
69.རྟའི་ལོ་ལ། བཙན་པོ་དབྱརད་བལ་པོ་ན་བཞུགས། དབྱར་འདུན་གྲོ་པུར་ཞང་བཙན་ཏོ་རེ་དང་། བློན་ཁྲི་སུམ་རྗེ་རྩང་བཞེར་གྱིས་བསྡུསྟེ། དགས་པོ་ཁྲམ་དམར་ཕོ་བཏབ། དགུན་བཙན་པོ་ཕོ་བྲང་བྲག་མར་ན་བཞུགས། རུ་གསུམ་གྱི་རྗེ་ཞིང་(57)གླིངས་གྱི་པྱི་རིལ་དང་། སོག་རིལད་(58)བགྱིས། མདོ་སྨད་གྱི་དགུན་འདུན། བློན་ཁྲི་གཟིགས་གྱིས། ཡོལ་དུ་བསྡུས་ཕར་ལོ་ཆིག
70.ལུགི་ལོ་ལ། བཙན་པོ་དབྱརད་བལ་པོ་ན་བཞུགས། དབྱར་འདུན་འདྲའི་ཟར་ཕུར་ཞང་བཙན་ཏོ་རེ་དང་། བློན་ཁྲི་སུམ་རྗེས་བསྡུསྟེ། རུ་གསུམ་གྱི་རྗེ་ཞིང་གྱི་ཕྱི་རིལ་གྱི་རྩིས་དང་། སོག་མའི་རྩིས་དང་། རུ་ཡོང་ཕྱི་གསེང་གུམ་སྟེ། བྲུང་པ་སེང་གོ་མོང་བུ་བཆུག་པའི་རྩིས་བགྱིས། དགུན་བཙན་པོ་བྲག་མར་ན་བཞུགས། དགུན་འདུན་ཆང་མང་སྣར་ཞང་བཙན་ཏོ་རེ་དང་། བློན་ཁྲི་སུམ་རྗེས་བསྡུསྟེ། ཞང་ཞུང་དང་མརད་ཀྱི་ཕ་ལོས་བཀུག རྔེགས་ཞ་མང་(མང་)ཞམ་སྟག་ཙབ་གྱིས། རྩན་(རྩང་)ཆེན་གྱི་རྗེ་ཤིང་(ཞིང་)གྱི་པྱིང་རིལ་བཏབ། མདོ་སྨད་གྱི་དགུན་འདུན་བློན་ཆེན་པོ་ཁྲི་གཟིགས་ཡོལ་དུ་བསྡུས་ཕར་ལོ་གཆིག
71.སྤྲེའུ་ལོ་ལ། བཙན་པོ་དུངས་གྱི་སྟག་ཙལ་ན་བཞུགས་ཤིང་། འབུག་ཅོར་གྱི་ཕོ་ཉ་ཕྱག་འཙལད། དབྱར་འདུན་དུངས་གྱི་མཁའ་བུར་ཞང་བཙན་ཏོ་རེདང་། བློན་ཁྲི་སུམ་རྗེས་བསྡུསྟེ། རྩང་ཆེན་གྱི་རྗེ་ཞིང་གླིངས་གྱི་པྱིང་རིལད་གྱི་རྩིས་བགྱིས། དགུན་འདུན་བཟང་སུམ་ཚལ་དུ་ཞང་བཙན་ཏོ་རེ་དང་། བློན་ཁྲི་སུམ་རྗེས་བསྡུཏེ། ཞང་ལོན་གཙང་ལ་ཆིབས་གྱི་ཆས་ཕབ། རྒྱའི་མཀར་སོ་ག་སོང་ཕབ། མདོ་སྨད་གྱི་དགུན་འདུན་གཙེ་ནམ་ཡོར་དུ་བསྡུས་པར་ལོ་གཆིག
72.བྱ་གགི་ལོ་ལ། བཙན་པོ་དབྱརད་དུངས་གྱི་སྟག་ཙལ་ན་བཞུགས་པ་ལས། རྣང་པོ་ངུར་མྱིག་དུ་འཕོས་ཤིང་། དགོས་དབྱེར། སྟོད་ཕྱོགས་གྱི་ཕོ་ཉ་མང་པོ་ཕྱག་འཚལད། བློན་ཆེན་ཕོ་ཁྲི་གཟིགས་དང་། ཞང་བཙན་ཏོ་རེ་དང་། ཁྲི་བཟང་སྟག་ཙབ་གསུམ་གུམ། དགུན་ཕོ་བྲང་། བྲག་མར་ན་བཞུགསྟེ། འདུན་མ་མཁར་ཕྲག་དུ། བློན་ཁྲི་སུམ་རྗེས་བསྡུས་ནས། མངན་དང་། སླུངས་སྟོད་སྨད་(59)གྱི་ཐང་ཁྲམ་(60)ཆེན་པོ་བཏབ། མདོ་སྨད་གྱི་དགུན་འདུན་འ་རྒྱམ་ཤི་གར་དུ་བློན་ཁྲི་གཟིགས་གནང་ཁོང་གྱིས་བསྡུས། དབའས་ཁྲི་སུམ་རྗེ་རྩན་(རྩང་)བཞེར་བློན་ཆེན་པོར་བཀའ་སྩལད། ཡུམ་བཙན་མ་ཏོག་ནོངས་པར་ལོ་ཆིག
73.ཁྱི་ལོ་ལ་བཙན་པོ་དབྱརད་བལ་པོ་ན་བཞུགས་ཤིང་། དབྱར་འདུན་དྲིམ་ནག་དུ་བློན་ཆེན་པོ་ཁྲི་སུམ་རྗེས་བསྡུས། དགུན་བཙན་པོ་བྲག་མར་ན་བཞུགས། དགུན་འདུན་མཁར་པྲག་དུ། བློན་ཆེན་ཕོ་ཁྲི་སུམ་རྗེས་བསྡུསྟེ། ཁབ་སོ་ཐུགས་ཉེན་(61)གྱི་ལྟག་(ལྷག་)ཅད(ཆད)བརྩིས། མདོ་སྨད་གྱི་འདུན་མ་གཙེ་ནམ་ཡོར་དུ་བློན་ཁྲི་གཟིགས་གནང་ཁོང་གྱིས་བསྡུས་ཕར་ལོ་ཆིག
74.ཕགི་ལོ་ལ། བཙན་པོ་དབྱརད་བལ་པོ་ན་བཞུགས་ཤིང་། དབྱར་འདུན་དྲིབ་ནག་དུ་བློན་ཁྲི་སུམ་རྗེས་བསྡུསྟེ། མངན་ལང་གྲོ་སྙ་བརྩན་ཁོང་ལོད་དང་། སེང་ཁོ་འབྲིང་རྩན་མོང་ཆུང་གཉིས་ཕྱུང་སྟེ། ཆོག་རོ་སྙ་ཞིན་ཀོང་དང་། གནུབས་ཁྲི་སུམ་རྗེ་སྟག་རྩན་གཉིས་བཆུག དགུན་བཙན་ཕོ་བྲག་མར་ན་བཞུག་སྟེ། ཡུམ་མཙན་(བཙན་)མཐོགི་མདད་བཏང་འདུང་(འདུན་)མ་མོང་ཀར་དུ་བློན་ཁྲི་སུམ་རྗེས་བསྡུསྟེ། ཁུད་པ་ཆེང་(ཆེན་)ཕོ་བློན་ཁྲི་སུམ་རྗེས། ཞང་ཁྲི་མཉེས་སྨོན་ཟུང་ལ་ཕུལ་བའི་རྩིས་བགྱིས། མདོ་སྨད་གྱི་དགུན་འདུང་(འདུན་)གཙེ་ནམ་ཡོར་དུ་བློན་ཁྲི་གཟིགས་གནང་ཁོང་གྱིས་བསྡུས་པར་ལོ་ཆིག
75.བྱི་བའི་ལོ་ལ། བཙན་པོ་དབྱརད་སྤེལ་ན་བཞུགས་ཤིང་། བྱང་རོལ་དུ་གཤེགསྟེ། ཁོ་ཉེ་དུ་རུར། གཡག་རྒོད་ལ་རོལ་མོ་མཛད་དེ། གཡག་རྒོད་སྒྲོག་དུ་བཆུག དབྱར་འདུན་དབུ་རུ་ཤོད་གྱི་ལྕིའུ་ལུང་དུ་བློན་ཆེན་པོ་ཁྲི་སུམ་རྗེས་བསྡུས། པ་ནོང་གྱི་ཆོས་གོང་དུ། བློན་སྟ་གུ་རི་ཙབ་གྱིས་བསྡུསྟེ། ཞང་ཞུང་གྱི་མཁོས་བགྱིས། དགུན་བཙན་ཕོ་བྲག་མར་ན་བཞུགས། བློན་ཆན་(ཆེན)པོ་ཁྲི་སུམ་རྗེས། དགུན་འདུན་ལྷས་གང་ཙལ་དུ་བསྡུས། བློན་ཁྲི་གཟིགས་གནང་ཀོང་གྱིས་མདོ་སྨད་གྱི་འདུན་མ་རྒྱོདུ་བསྡུས་པར་ལོ་ཅིག
76.གླང་གི་ལོ་ལ། བཙན་པོ་དབྱརད་མཚར་བུ་སྣ་ན་བཞུགས་ཤིང་། བློན་ཁྲི་སུམ་རྗེས་བལ་པོལ་(པོའི་)བྲིའུ་ཏང་དུ་བསྡུསྟེ། བློན་ཆེན་པོ་ཁྲི་སུམ་རྗེ་གུམ། དགུན་ཕོ་བྲང་བྲག་མར་ས་བཞུགསྟེ། ཚར་བང་སྣར་སེང་གོ་མོན་ཆུང་སྤྱུགས་(62)། དཔྱིད་རྔེགས་མང་ཞམ་སྟག་ཙབ། བློན་ཆེན་ཕོར་བཀའ་སྩལད་པར་ལོ་གཅིག
77.སྟགི་ལོ་ལ། བཙན་པོ་ཕོ་བྲང་སྲེ་གའི་མཚར་བུ་སྣ་ན་བཞུགས། བློན་ཆེན་ཕོ་མང་ཞམ་གྱིས་ལྷ་གབ་དུ་བསྡུས། དགུན་བཙན་པོོ་ཕོ་བྲང་། བྲག་མར་ན་བཞུགས། མངན་མཆེད་བརྒྱད་ལས་བཞིར་བཅོས་པའི་ཟླུགས་(63)གྱི་རིང་ལུགས་བཀྱེའ། དཔྱིད་བློན་ཆེན་པོ་མང་ཞམ་གྱིས། ཟློར་བསྡུསྟེ། མངན་གྱི་ཐང་སྦྱརད། ཁབ་སོའི་ཁྲལད་པ་བསྐོས། མདོ་སྨད་གྱི་དགུན་འདུན་སྟག་སྒྲ་ཁོང་ལོད་གྱིས། གཙེ་ནམ་ཡོར་དུ་བསྡུས་པར་ལོ་གཅིག
78.ཡོས་བུའི་ལོ་ལ། བཙན་པོ་དབྱར་ཆབ་སྲིད་ལ་འ་ཞ་ཡུལ་དུ་གཤེགསྟེ། ཤུལ་དུ་དབའས་སུམ་པ་སྐྱེས་བཀའ་གྱོད་ལ་ཆགས་(64)། རྒྱའི་མཁར་ཀྭ་ཆུ་སིན་ཅང་(ཆང་)ཕབ། བློན་ཆེན་ཕོ་མང་ཞམ་གུམ། དགུན་བཙན་ཕོོ་ཕོ་བྲང་ཇོར་གོང་སྣ་ནའ་བསྡུསྟེ། འབོན་འ་ཞ་རྗེ་དང་། ཞང་དཔོན་གདན་ཚོམ། དབའས་སྟག་སྒྲ་ཁོང་ལོད་བློན་ཆེན་པོར་བཀའ་སྩལད། འ་ཞ་ཕལ་ཕོ་ཆེ་བྱ་སྒ་སྩལད། བོད་ཡུལ་གྱི་དགུན་འདུན་སྐྱི་ལྷས་གང་ཚལ་དུ། ཞང་འབྲིང་རྪན(རྩན)ཁྱི་བུས་བསྡུས། མདོ་སྨད་གྱི་འདུན་མ་འབྲོ་ལྖིའི་ལུང་དུ་བློན་ཁྲི་གཟིགས་གནང་ཁོང་གྱིས་བསྡུས་པར་ལོ་གཆིག
79.འབྲུགི་ལོ་ལ། བཙན་པོ་དབྱརད་མཚོ་མགོོ་བོལ་གངས་ན་བཞུགས་པ་ལས། སླར་བོད་ཡུལ་དུ་གཤེགསྟེ། འདུན་མ་ཟྯིད་གྱི་ལྡུ་ནག་དུ་འདུས། དགུན་ཕོ་བྲང་བྲག་མར་ན་བཞུགསྟེ། དབའས་སྟག་སྒྲ་ཁོང་ལོད་ལ་བཀྱོན་ཕབ་ནས། འབྲོ་ཆུང་བཟང་འོར་མང་བློན་ཆེན་པོར་བཀའ་རྩལད། དགུན་འདུན་བྱར་ལིངས་ཙལ་དུ་བློན་ཆེན་པོ་ཅུང་བཟང་གྱིས་བསྡུསྟེ། མངན་ཆེན་པོ་བརྒྱད་ལས། བཞིར་བཅོས་པའི་ཐང་ཁྲམ་བཏབ། མདོ་སྨད་གྱི་འདུན་མ་རྒྱོདུ་བསྡུས་པར་ལོ་གཆིག
80.སྦྲུལ་གྱི་ལོ་ལ། བཙན་ཕོ་ཕོ་བྲང་དབྱརད་སྲེ་གའི་མཙར་བུ་སྣ་ན་བཞུགས། བློན་སྐྱེས་བཟང་ལྡོང་ཙབ་ལས་སྩོགས་པས། མུ་ལེ་ཅུ་ལེར་གཡུལ་སྤྲེད་རྒྱ་མང་པོ་མདུངས། དགུན་ཕོ་བྲང་བྲག་མར་གྱི་དབུ་ཚལ་ན་བཞུགསྟེ། རྒྱའི་པོ་ཉ་ལི་ཙོང་ཀན་པྱག་འཙལད། བློན་ཆེན་པོ་ཅུང་བཟང་གྱིས། དགུན་འདུན་སྐྱི་ཤོ་མ་རར་བསྡུསྟེ། མུས་མགི་སྣོན་གོང་བརྩིས་(65)དམག་དྲུ་གུ་ཡུལ་དུ་དྲངས་ཕ་སླར་འཁོརད་པར་ལོ་གཆིག
81.རྟའི་ལོ་ལ། བཙན་པོད་(པོ)དབྱརད་བ་ཅོས་གྱི་དིང་དིང་ཏང་ན་བཞུགསྟེ། རྒྱའི་ཕོ་ཉ་ཙྭ་དེ་པུ་པྱག་འཙལད། ལྕམ་ལྷ་སྤངས་ནོངས། དགུན་བྲག་དམར་ན་བཞུགས། འདུན་མ་མཁར་ཕྲག་དུ་འདུསྟེ། ཀོང་ཅོ་བློན་ཆོག་རོ་ཞིན་ཀོང་ཕྱུང་སྟེ། ལང་གྲོ་ཁོང་རྩན་བཅུག་པའི་རྩིས་བགྱིས། གཙེ་ནམ་ཡོར་དུ་བློན་ཆེན་པོ་ཅུང་བཟང་གྱིས་མཏོང་སོད་གྱི་མཁོས་བགྱིས་པར་ལོ་གཅིག
82.ལུགི་ལོ་ལ། བཙན་པོ་དབྱརད་མཚར་བུ་སྣ་ན་བཞུགསྟེ། རྒྱའི་ཕོ་ཉ་ཅང་འདོ་ཤི་ལས་སྩོགས་པ་ཕྱག་འཙལད། དགུན་བྲག་མར་གྱི་འོམ་བུ་ཙལ་ན་བཞུགསྟེ། དགུན་འདུན་སྐྱི་ཤོ་མ་རར་བློན་ཆེན་པོ་ཆུང་བཟང་གྱིས་བསྡུསྟེ། རྩང་ཆེན་གྱི་བྲུང་པ། ཞ་སྔ་ཐང་རྩན་བྱུང་ནས། སེང་གོ་མོན་བུ་བཅུག་པའི་རྩིས་བགྱིས་པར་ལོ་ཚིག(ཆིག)
83.སྤྲེའུ་ལོ་ལ། དབྱརད་བཙན་པོ་བ་ཆོས་གྱི་དིང་དིང་ཏང་ན་བཞུགས། ཤིང་། བཙན་ཡུལ་དུ་རྒྱའི་ཕོ་ཉ་ལི་ཁེང་དང་། ཏ་ཆིག་དང་དུར་གྱིས་ཕོ་ཉ་ཕྱག་འཙལད། དགུན་ཕོ་བྲང། བྲག་མར་གྱི་འོམ་བུ་ཚལ་ན་བཞུགས། དགུན་འདུན་ལྷས་གང་ཚལ་དུ་བློན་ཆེན་པོ་ཅུང་བཟང་གྱིས་བསྡུས། ལྕམ་ལྷས་པངས་གྱི་མདད་བཏང་། མདོ་སྨད་གྱི་འདུན་མ་ཟོལ་དུ་འདུས་པར་ལོ་ཆིག
84.བྱ་གགི་ལོ་ལ། བཙན་ཕོ་ཕོ་བྲང་ན་དྲོན་ན་བཞུགས། བཙན་ཡུལ་དུ་རྒྱའི་ཕོ་ཉ། ལི་ཞང་ཤོ་དང་མྱྭ་ལ་ཀག་ལས། སྩོགས་པ་པྱག་འཙལད། དགུན་ཕོ་བྲང་བྲག་མར་གྱི་འོམ་བུ་ཙལ་ན་བཞུགས། བློན་ཆེན་པོ་ཅུང་བཟང་གྱིས། ལྷས་གང་ཚལ་དུ་བསྡུསྟེ། རུ་བཞི་རབས་ཆད་བརྩིས། མདོ་སྨད་གྱི་འདུན་མ་ཟོལ་དུ་འདུས་པར་ལོ་གཆིག
85.ཁྱིའི་ལོ་ལ། བཙན་པོ་ཕོ་བྲང་དབྱརད་དྲོད་ན་བཞུགས། རྒྱའི་ཕོ་ཉ་འྭང་འདོ་ཤི་ཕྱག་འཙལད། ཇེ་བ་འདྲོན་མ་ལོད་དུར་གྱིས་ཁ་གན་ལ་མག་མར་བཏང་། དགུན་ཕོ་བྲང་བྲག་མར་གྱི་འོམ་བུ་ཙལ་ན་བཞུགས། འདུན་མ་ཟློར་འདུས། འ་ཞའི་ཕ་ལོས་བགྱིས། མདོ་སྨད་གྱི་འདུན་མ་སེབ་དུ་འདུསྟེ། བློན་སྐྱེས་བཟང་ལྡོང་ཙབ་གྱིས། །ཁྱི་ཤ་ཅན་ཕབ་པར་ལོ་ཆིག
86.ཕགི་ལོ་ལ། བཙན་པོ་ཕོ་བྲང་དབྱརད་དྲོད་གྱི་མང་སྟེ་ལུང་ན་བཞུགས། འོ་ཡུག་དུ་ཆིབས་སྡེ་བཞི་བཙན་པོ་སྤྱན་སྣ་བྲིམསྟེ(66)། རྐང་ཏོན་བགྱིས། རྒྱའི་པོ་ཉ་ཇེའུ་ཇན་ཤི་པྱག་འཙལད། དགུན་བྲག་མར་གྱི་འོམ་བུ་ཅལ(ཙལ)ན་བཞུགས། བློན་ཆེན་པོ་ཅུང་བཟང་འ་ཞ་ཡུལ་དུ་མཆིས་པར་ལོ་གཅིག
87.བྱི་བའི་ལོ་ལ། བཙན་པོ་ཕོ་བྲང་དྲོན་གྱི་མང་སྟེ་ལུང་ན་བཞུགས། ཅོག་རོ་མང་པོ་རྗེ་ཁྱི་ཆུང་གྱིས། དྲུ་གུ་ཡུལ་དུ་དྲངས། དགུན་ཕོ་བྲང་བྲག་མར་ན་བཞུགས། རྒྱའི་ཕོ་ཉ་ལི་ཞང་ཤོ་པྱག་འཙལད་པར་ལོ་ཆིག
88.གླང་གི་ལོ་ལ། བཙན་པོོ་ཕོ་བྲང་དྲོན་གྱི་མང་སྟེ་ལུང་ན་བཞུགས། བློན་སྐྱེས་བཟང་ལོང་(ལྡོང་)ཙབ་གྱིས། བྲུ་ཞ་ཡུལ་དུ་དྲངས། དགུན་ཕོ་བྲག་མར་ན་བཞུགསྟེ། བྲུ་ཞའི་རྒྱལ་པོ་ཕབ་སྟེ་ཕྱག་འཚལད། རྒྱའི་ཕོ་ཉ་ཝང་འདོ་ཤི་པྱག་འཙལད། ནས། རྒྱས་ཆབ་སྲིད་བཤིག་པར་ལོ་གཆིག
89.སྟགི་ལོ་ལ། བཙན་པོོ་ཕོ་བྲང་དབྱརད་དྲོན་ན་བཞུགས། ཆད་ཀ་(67)བཅད་(68)། དགུན་ཕོ་བྲང་བྲག་མར་ས་བཞུགས། དགུན་འདུན་སྒྲེགས་གྱི་བྱ་ཙལ་དང་ཅུ་བགོོ་རྟེའུ་མཁར་དུ་འདུསྟེ། ཅད་ཀ་བརྩིས། སྐུན་ཀར་རྨ་ཚེ་སླར་ཐོབ་པར་ལོ་ཆིག
90.ཡོས་བུའི་ལོ་ལ། བཙན་པོ་དབྱརད་ཆབ་སྲིད་ལ་བེག་དུ་གཤེགསྟེ། སྲས་ལྷས་བོན་དྲོན་ན་བཞུགས། བཞུགས་པ་ལས་ནོངས། བཙན་པོ་ཡབ་དགུན་བོད་ཡུལ་དུ་སླར་གཤེགས། བཙན་མོ་ཀིམ་ཤེང་ཁོང་ཅོ་ནོངས་པར་ལོ་ཆིག
91.འབྲིགི་ལོ་ལ། བཙན་པོ་ཕོ་བྲང་། དབྱརད་མཚར་བུ་སྣའི་ངང་མོ་གླིང་ན་བཞུགསྟེ། ཇེ་བ་ཁྲི་མ་ལོད་བྲུ་ཞ་རྗེ་ལ་མག་མར་བཏང་། དགུན་ཕོ་བྲང་བྲག་མར་ན་བཞུགས། ཞང་ཁྲི་མཉེས་སྨོན་ཟུང་གུམ་པར་ལོ་གཅིག
92.སྦྲུལ་གྱི་ལོ་ལ། བཙན་པོ་དབྱརད་ཆབ་སྲིད་ལ་གཤེགསྟེ། རྒྱའི་མཁར་དར་ཁྭ་ཧྱྭན་ཕབ། ཞོ་དོན་གྱི་ཞང་ཙལ་དུ་བཙན་པོ་སྤྱན་སྔར། ཁྲོམ་གྱི་མཀོས་ཆེན་པོ་བགྱིས། དགུན་ཆབ་སྲིད་ལས་སླར་བྲག་མར་དུ་གཤེགསྟེ། བཟོ་ཞལ་ཅོས་གྱིས། བརྒལྟེ་མཀར་ལྕགས་རྩེ་སླར་ཐོབ། བཙན་པོ་སྲས་ལྷས་བོན་དང་། བཙན་མོ་ཁོང་ཅོ་གཉིས་གྱི་མདད་བཏང་བར་ལོ་གཅིག
93.རྟའི་ལོ་ལ། བཙན་པོོ་པོ་བྲང་དབྱརད་མཙར་བུ་སྣ་ན་བཞུགས། རྒྱའི་ཕོ་ཉ་ཨན་ད་ལང་དང་། མྱྭ་ནག་པོོ(69)པོ་ཉ་ལ་བྲི་པྱག་འཚལད། ཟློར་ཤུད་པུ་ཁོང་ཟུང་དང་། ལང་གྲོ་ཁོང་རྩན་གཉིས། འབྱུང་འཇིགི་རྩིས་བགྱིསྟེ་ཐང་ཁྲམ་བཏབ། ཁུ་ཉེ་མོང་གངསུ་བློན་མང་པོ་རྗེས་འ་ཞའི་མཁོས་མགྱིས། བཙན་པོ་སྲོང་ལྡེ་བརྩན་བྲག་མར་དུའ་བལྟམ། ཡུམ་མང་མོ་རྗེ་ནོངས་ཕར་ལོ་གཆིག
94.ལུགི་ལོ་ལ། བཙན་པོོ་ཕོ་བྲང་དབྱརད་ར་མཚར་ན་བཞུགསྟེ། བློན་ཆེན་པོ་ཆུང་བཟང་གྱིས། དབྱར་འདུན་བྲེང་དུ་བཞུསྟེ། ཕ་ལོས་གྱི་བྱང་བུ་བོར། དགུན་ཕོ་བྲང་བྲག་མར་ན་བཞུགས། སྐྱི་རྣམསུ་རྒོད་གཡུང་གྱི་ཕ་ལོས་ཅེན་པོ་བཀུག བྲག་མར་དུ་རྒྱའི་ཕོ་ཉ་ཀྭག་ཅུང་ལང་ཕྱག་འཙལད་པར་ལོ་གཅིག
95.སྤྲེའུ་ལོ་ལ། བཙན་པོ་དབྱརད་བྱང་རོལ་དུ་གཤེགས་པ་ལས་སླར་འཁོརཏེ། ཕོ་བྲང་ར་མཚར་དུ་བཏབ། རྒྱའི་པོ་ཉ། ཅང་འགྭན་འགེ་དང་། དུར་གྱིས་གྱི་པོ་ཉ་ཕྱག་འཚལད། ཡུལ་ཡུལ་དམག་མྱི་ཁྲམ་སྐྱ་བརྩིས། དགུན་པོ་བྲང་བྲག་མར་ན་བཞུགས། དགུན་འདུན་སྐྱི་ཤོ་མ་རར། བློན་ཆེན་པོ་ཅུང་བཟང་དང་བློན་སྐྱེས་བཟང་གཉིས་གྱིས་བསྡུསྟེ། དམག་གྱི་མཁོས་ཆེན་པོ་བགྱིསྟེ། བཙནཔོ་བཀས་ཁྲམ་དམར་པ(པོ)ཤོག་ཤོག་སེར་པོ་ལ་སྤོས་པར་ལོ་ཆིག
96.བྱ་གགི་ལོ་ལ། བཙན་པོ་དབྱརད་འོ་དང་ན་བཞུགས་ཤིང་། དགུན་བྲག་དམར་ན་བཞུགས། དགུན་འདུན་དྲ་བྲེར་འདུས། བྲུང་པ་ཞང་ཏྲེ་གོང་ཕྱུང་སྟེ། ཅོག་རོ་རྨ་གོང་བཅུག་པ་དང་། སེང་གོ་ཕན་ལ་སྐྱེས་ཕྱུང་སྟེ། མྱང་འདུས་ཁོང་བཅུག་པའི་རྩིས་བགྱིསྟེ། ཇོ་མོ་ཁྲི་བཙན་གྱི་མདད་བཏང་བར་ལོ་གཆིག
(ཤིང་)དགུན་བྲག་མར་ན་བཞུགས། དགུན་འདུན་དྲ་བྲེར་འདུས། བྲུང་པ་ཞང་ཏྲེ་གོང་ཕྱུང་སྟེ། ཅོག་རོ་རྨ་གོང་བཅུག་པ་དང་། སེང་གོ་འཕན་ལ་སྐྱེས་ཕྱུང་སྟེ། མྱང་འདུས་ཁོང་བཅུག་པའི་རྩིས་བགྱིསྟེ། ཇོ་མོ་ཁྲི་བཙན་གྱི་མདད་བཏང་བར་ལོ་གཆིག
97.ཁྱི་ལོ་ལ། བཙན་པོ་དབྱརད་ཕོ་བྲང་ན་མར་ན་བཞུགས། དགུན་བྲག་མར་ན་བཞུགསྟེ། བློན་ཆེན་པོ་ཅུང་བཟང་དང་བློན་སྐྱེས་བཟང་ལྡོན་(ལྡོང་)ཙབ་གཉིས་གྱིས། དགུན་འདུན་སྐྱི་བྱར་ལིངས་ཙལ་དུ་བསྡུསྟེ། རུ་བཞིའི་འབྲོག་སོག་གི་མཁོས་བགྱིས། བཙན་པོ་བཀས། སྟོང་སྡེའི་གླེའུ་ཐོག་སླ། ཁྲལ་པ་གུ་དུ་སྤགས(70)། བློན་ཆེན་པོ་མན་ཆད་བྲོ་སྩལྟེ། བཀའ་ནན་ཅེན་ཕོ་མཛད་ནས། འབངས་མགོ་ནག་པོ་ཁྲལ་ཐུད་སྩུངས་པར་(71)ལ་(ལོ)གཅིག
98.ཕགི་ལོ་ལ། བཙན་པོོ་ཕོ་བྲང་ན་མར་ན་བཞུགསྟེ། འབྲོག་སོག་གཅོད་པའི་རིང་ལུགས་སོ་སོར་བཀྱེ། ཁུ་ལེར་ཆིབས་……
99. …… བསྡུསྟེ། བོད་ཡུལ་གྱི་ཕ་ལོས་གྱི་མགོ་མཛད། དགུན་ཕ་(ཕོ་)བྲང་བྲག་མར་ན་བཞུགསྟ(སྟེ)། དགུན་འདུན་བླན་(བློན་)ཆ(ཆེ)ཆུང་བཟང་གྱིས་རྣམསུ་བསྡུསྟེ། ཕ་ལོས་བགྱིས་པར་ལོ་ཆིག
100.སྤྲའུ་(སྤྲེའུ་)ལོ་ལ་བབ་སྟེ། བཙན་ཕོའི་ཕོ་བྲང་། མཙར་བུ་བཏབསྟེ། མྱང་རོལ་དུ་གཤེགས། དགུན་འདུན་སྐྱི་ཤོ་མ་རར། བློན་ཆེ་ཆུང་བཟང་དང་འབལ་ལྡོང་ཙབ་གཉིས་ཀྱིས་བསྡུསྟེ། རུ་བཞི་མཁོས་བགྱིས་པར་ལོ་ཆིག །
101.བྱ་གགི་ལོ་ལ་བབསྟེ། བཙན་པོ་ཕོ་བྲང་། ཡར་འབྲོགི་ཡི་དང་ན་བཞུགས། རྒྱའི་དམག་དཔོན་འབའ་ཙང་ཀུན། ཀོག་ཡུལ་གྱི་རྒྱ<འི>གྱིམ་པོ་དྲངསྟེ། དབོན་འ་ཞ་རྗེ་དང་། བློན་མང་པོ་རྗེ་གཉིས་གྱིས་མཁར་རྗིད་པར་ལ་བརྒལདེ། རྒྱའི་རམ་འདའ་(72)ཇིད་པར་དུ། པུན་རྒོན་མཁར་ཕོ་ཅེར་དྲངསྟེ། རྒྱ་ཕལ་ཆེར་བཀུམ། དགུན་བཙན་པོ་བྲག་མར་ན་བཞུགས་པར་ལོ་གཆིག
102.ཁྱི་ལོ་ལ་<བབསྟེ>། དབྱར་བཙན་པོ་ན་མར་ན་བཞུགསྟེ། གསེར་ཁུང་དུ་རོལ་དུ་གཤེགས། དགུན་ཕོ་བྲང་བྲག་མར་ན་བཞུགས། འདུན་མ་སྐྱི་བྱ་རླིང་ཙལ་<དུ>བློན་ཅེ་ཅུང་བཟང་དང་། འབལ་ལྡོང་ཙབ་དང་ལང་མྱེས་ཟིགས་གསུམ་གྱིས་བསྡུསྟེ། རུ་བཞི་འབྲོག་སོག་མཁོས་བགྱིས། དགུ་ཁོལ་གྱི་ཁྲལ་ཕབ་ཕ་བསྡུསྟེ། བློན་སྐྱེས་བཟང་སྟག་སྣང་ལ་ཏང་བཏབ་(73)པར་ལོ་གཆིག
103.ཕགི་ལོ་ལ་བབསྟེ། དབྱར་བཙན་<ཕོ>ན་མར་ན་བཞུགས། ཀོག་ཡུལདུ་རྒྱའི་བྱིམ་པོ་(74)བྱུང་སྟེ། བྲུ་ཤ་དང་གོག་སྟོརད། དགུན་བཙན་པོ་བྲག་མར་ན་བཞུགསྟེ། དགུན་འདུན་དྲའི་རྩེ་གྲོར་བློ་(ན་ཅེ་ཅུང་)བཟང་དང་འབལ་ལྡོང་ཙབ་དང་བློན་མང་ཕོ་རྗེ་དང་ཞང་འབྲིང་རྩན་ལས་སྩོགས་པས་བ་<སྡུ>སྟེ། འབྲོག་སོག་རྩིས་ཀྱི་མ་<ཇུ>ག་བཅདེ། ཞིང་གྱི་<རེ་>ག<ཟི> ར(75)
104.<ལུག་གི་ལོ>ཡབ་གྱི་ཁོར་ཕ་(76)དག་དམག་མྱི་<ས>ཕབ། སྟོང་སར་སྟོང་སྡེ་<ག>སུམ་གྱི་སྟོང་དཔོན་བསྐོས། ལང་འབལ་གྱི་བྲན་སྤྱུགསྟེ། མཏོང་སོད(77)དུ་བཏོན། བློན་ཁྲི་བཟང་དང་ཞང་སྟོང་རྩན་གཉིས་གྱིས། མཁར་ཐེའུ་ཅུ་ཕབ། རྨ་གྲོམ་ཕྱིར་བཅུགསྟེ། ཞང་མདོ་བཞེར་རྨ་གྲོམ་གྱི་དམག་དཔོན་དུ་བཀའ་སྩལད། མདོ་སྨད་གྱི་དབྱར་འདུན་དབུ་ལེ་ལམ་ནག་དུ། བློན་ཁྲི་སྒྲ་དང་མང་རྩན་འཔན་གང་དང་། བློན་མདོ་བཞེར་ལས་སྩོགས་པས་བསྡུསྟེ། ཏེའུ་ཅུར་དྲ་མ་དྲང་སྟེ། དགུན་འདུན་ཞང་རྒྱལ་ཟིགས་གྱིས་རག་ཏགི་ཀོད་དུ་བསྡུསྟེ། ལང་འབལ་བཀྱོན་ཕབ་པའི་ནོར་བརྩིས་པར་ལོ་ཅིག
105.<སྤྲེ>འུ་ལོ་<ལ་བབ་སྟེ>། དབྱར་བཙན་ཕོ་ཟུང་ཀར་ན་བཞུགས། བཙན་པོའི་མཙན་ཁྲི་སྲོང་ལྡེ་བརྩན་དུ་འོནད། ཆབ་སྲིད་ཕྱག་དུ་བཞེས། འབངས་མཐའ་བཞི་ལ་བཀའ་ཤོ་ཅེན་ཕོ་ཕྱུང་། དབྱར་འདུན་གླགི་བུ་:ཅུང་:དུ་བློན་སྐྱེས་བཟང་རྒྱལ་ཏ་ཁྲི་གོང་ཉིས་གྱིས་བསྡུསྟེ། བན་འཇང་ནག་པོ་དང་ཀོག་དང་ཤིག་ནིག་ལས་སྩོགསྟེ། སྟོད་ཕྱོགས་གྱི་ཕོ་ཉ་ཕྱག་འཙལད། ཕོ་ཉའི་ལན་དུ་པ་གོར་ན་འདོང་དང་། ཅེ་སྣང་རྩན་གཉིས་བཀའ་སྩལད། བློན་ཁྲི་བཟང་དང་། ཞང་སྟོང་བརྩན་དང་། ཀག་ལ་བོང་གསུམ་གྱི་དམགིས། སེ:ཅུ་ཕབ། ཙེ་ཙི་མང་ཅད་འབངསུ་བཀུག མདོ་སྨད་གྱི་དབྱར་འདུན་:ཡོལ་དུ་བློན་ཁྲི་བཟང་གྱིས། བསྡུསྟེ། གསར་བུ་པལ་ཕོ་ཅེ་མཆེས། དགུན་འདུན་ཡོལ་དུ་བློན་སྣང་བཞེར་གྱིས་བསྡུས་པར་ལོ:ཅིག
106.བྱ་གགི་ལོ་ལ་བབ་སྟེ། དབྱར་བཙན་པོའི་ཕོ:བྲང་བ:བསམ:གྱི:གཡག:རུ:གོང་ན་བཞུགསྟེ:རྒྱའི་ཕོ:ཉ:ཕྱག:འཚལདེ:དབྱརའདུན་སྟོད་གྱི:མོང་དུ་བློན་ཆེན་པོ་སྣང་བཞེར་དང་ཞང་རྒྱལ:ཟིགས:གཉིས:གྱིས:བསྡུས:ཏེ:བློན་སྐྱེས་བཟང་རྒྱལ་ཀོང་བློན་ཆེའི་འོག་དཔོན་འཚལ:འཚལ:བ:ལས:གུམ:། མདོ:སྨད:གྱི:དབྱར་འདུན:རེ་ཀྲས:འཛོང:དུ:ཞང་སྟོང་རྩན་དང:བློན་མང་རྩན་འཕན་གང་གྱིས་བསྡུས:དགུན་འདུན:བློན་མང་རྩན་དང་བློན་མདོ:བཞེར:གཉིས་གྱིས་གཙེ་ནམ:ཡོར:དུ:བསྡུསྟེ:བློན་ཆེན་པོ:སྣང་བཞེར:ལས:སྩོགས:པས:རྒྱའི:མཁར་ཙོང་ཀལ་ཆེན་པོ:དང་སེག:ཤིང་ཀུན:གཉིས:ཕབ:པར:ལོ་ཅིག།
107.<ཁྱིའི་ལོ་ལ་བབ་སྟེ>། དབྱར:བཙན་པོ:ཁྲི:སྲོང་ལྡེབརྩན་གྱི་ཕོ:བྲང:ཟུ:སྤུག:ན་བཞུགསྟེ:བློནཆེ:སྣང་བཞེར:བོད:ཡུལ་དུ:སླར་མཆིས:མདོ:སྨད་གྱི་དབྱར་འདུན:ཞང་སྟོང་རྩན་གྱིས:དབུ:ཤིང་ཉག:དུ་བསྡུསྟེ:ཡུལ:ཡུལ་དུ་ཆད་ཀ་བགྲངས། དགུན་བཙན་པོ་འི:ཕོ:བྲང:བྱར:གྱི:ལྕང:བུ:ན:བཞུགསྟེ:མདོ:སྨད་གྱི:དགུན་འདུན་གཙེ་ནམ:ཡོར་དུ:བསྡུསྟེ:ཆད་ཀའི:རྩིས:བགྱིས:བློན:ཁྲི:བཟང་དང་སྐྱེས:བཟང་སྟག:སྣང་ལས:སྩོགས:པས:ཁར་ཙན་ལེང་ཅུ:ཕྱོགསསུ:དྲ:མ:དྲངས:པར:ལོ:ཅིག།
108.<ཕགི་ལོ་ལ་བབསྟེ>། དབྱར:བཙན་པོའི:ཕོ:བྲང་སྟོད་གྱི:མཁོ:ནབཞུགསྟེ:མདོ:སྨད་གྱི་དབྱར་འདུན:བློན་ཁྲི:སྒྲ:དང:བློན་མདོ་བཞེར་གྱིས་དབུ:ལེརབསྡུས:ཏེ:སུམ:རུ:པལ:པོ:ཆེ:ཡིག:གཙང(78)སྩལ། བློན་ཁྲི:བཟང:དང:ཞང་སྟོང་རྩན་གཉིས:འ:ཞ:ཡུལ:དུ:མཆིས:དགུནབཙན་པོ:ཕོ་བྲང:ཉེན་ཀར་ན་བཞུགས:དགུན་འདུན་བློན་སྐྱེས:བཟང:སྟག:སྣང་གྱིས:སློར་བསྡུ<ས>། མདོ:སྨད་གྱི་དགུན་འདུན:རག:ཏགི:རྨ་རོང་དུ་བློན་ཁྲི:སྒྲས:བསྡུསྟེ:བློན་ཁྲི་བཟང་དང་ཞང་སྟོང:རྩན:དང:རྨརོང་དུ་བློན་ཁྲི:སྒྲས:བསྡུསྟེ:བློན་ཁྲི་བཟང་དང་ཞང་སྟོང:རྩན:དང:ཞ<ང>བཙན་བ:གསུམ:གྱིས:ཙོང་ཀ:ཆུངུ་:ཕབ:པར:ལོ:ཅིག
109.<བྱི་བའི་ལོ་ལ་བབསྟེ>། དབྱར:བཙནཔོའི:ཕོ:བྲང:མྱང:། སྒྲོམ:དུ་བཏབ:བཙན་པོའི:སྲས:བལྟམ:དབྱར་འདུན:ནེ་ཙོ:ལུང་དུ་བློན་ཆེནཔོ:སྣང་བཞེར་གྱི<ས>བསྡུས:ཏེ། སྟོད་ཕྱོགས:པོ་ཉ་ཕྱག:འཚལ:། མདོ:སྨད་གྱི:དབྱར་འདུན:བློན་ཁྲི:སྒྲང(སྒྲ)དང་བློན་སྣང:བཞེར་རྩང:ཁོང་གྱིས:རེ:ལུངབཟངསུ་བསྡུས།
110.<གླང་གི་ལོ་ལ་བབ་སྟེ>། དབྱར་བཙན་པོ:ཕོ་བྲང་ཟུ་སྤུགི་ཕོ་བྱང་སྡིགསྣ་བཞུག<ས>། དབྱར་འདུན་མལ་ཏྲོའི། བརྫེན་ཐང་དུ་འདུས། མདོ་སྨད་གྱི། དབྱར་འདུན་ཉས་གྱི་ཟོ་ཐང་དུ་འདུས། །དགུན་ཕོ་བྲང་བྱར་གྱི:ལྕང་བུ་ན་བཞུགས:། དགུན་འདུན་སྐྱི་བུར་དུ་འདུས། །མདོ་སྨད་གྱི་དགུན་འདུན་གཙེ་ནམ་ཡོར་དུ་འདུས་ཏེ་བློན་སྐྱེས་བཟང་ལས་སྩོགས་པས། མཁར་ཙན་བ་མགོ་དང་ཀེའུ་ཤང་གཉིས་ཕབ། ཞང་སྟོང་རྩན་གྱི་ཟོང་ཅུ་དང་། ཟངས་ཀར་གཉིས་ཕབ་ཕར་ལོ་གཅིག ། །།
111.<སྟགི་ལོ་ལ་བབ་སྟེ>། ཕོ་བྲང་དབྱར:ས:བྱར་ན་བཞུག<ས>དབྱར་འདུན་གླགི:བུ་ཅུང་འདུ་འདུས:།། རྒྱའི:ཕོ:ཉ་ཡང་འདོ་ཤི་ལས། སྩོགས་པ། ཕྱག འཚལད། མདོ་སྨད་གྱི། དབྱར་འདུན། དབུ:ལེའི་ལྷ་རི་མོར་འདུས། ། དགུན་ཕོ་བྲང་བྱར་གྱི་ལྕང་བུ་ན་བཞུགས། དགུན་འདུན་སྐྱི་བུར་དུ། འདུས། ། མདོ་སྨད་གྱི་དགུན་འདུན། གཙེར་བློན་ཁྲི་སྒྲ་སྟག་ཚབ་གྱིས། བསྡུས། རྒྱའི་དཔྱ(79)དར་མོ་ཕྱོགསུ། སྟོང་དཔོན་ཡན་ཅད་བྱ་སྒར་སྩལ།། དགུན་སྨད་རྒྱ་རྗེ་ནོངས་ནས། །རྒྱ་རྗེ་གསར་དུ་བཅུག་པ། དབྱའ་དར་དང་ས་རིས་ལས་སྩོགས་པ་འབུལ་དུ་མ་རུང་ནས། །ཆབ་སྲིད་ཞིག་ན<ས>ཞང་རྒྱལ་ཟིགས་དང་ཞང་སྟོང་རྩན་ལས་སྩོགས་པས། བུམ་ལིང་ལྕག:ཟམ:རྒལ་ཏེ།། དྲ་ཅེན་དྲང་སྟེ་འབུ་ཤིང་ཀུན་དང་ཟུན་ཅུ་དང་ག་ཅུ་ལས་སྩོགས་པ། རྒྱའི་མཁར་མང་ཕོ་ཕབ། སྟེ་ཞང་རྒྱལ་ཟིགས་སླར་བོད་ཡུལ། དུ་མཆིས་ཏེ་ཞང་རྒྱལ་ཟིཊ།།དང་། བློན་སྟག་སྒྲ:དང་ཞང་སྟོང་རྩན་དང་ཞང་བཙན་བ། ལས། སྩོགས་པས། ཀེང་ཤིར་དྲ་མ་དྲངསྟེ་ཀེ་(ཀེང)ཤི(80)ཕབ། རྒྱ་རྗེ་བྲོས།། ནས། རྒྱ་རྗེ་གསར་དུ་བཅུག ནས། དྲ་མ་སླར་ལོག་ནས། ཞང་རྒྱལ་ཟིག<ས>བོད་ཡུལ་དུ་མོལ་ཅེན་ལ་མཆིས། པར་ལོ་གཅིག
112.<ཡོས་བུའི་ལོ་ལ་བབ་སྟེ།>ཕོ་བྲང་བྱར་གྱི་ལྕང་བུ་ན་བཞུགས། དབྱར་འདུན་གླགི་བུ་ཅུང་དུ་འདུས། །མདོ་སྨད་གྱི་དབྱར་དུ་མོལ་ཅེན། མོལ་ཅེན་མཛདདེ། །ཞང་ལོན་ཆེན་ཕོ། སྤོ་བླག(81)མཛདེ། བློན་ཆེ་སྣང་བཞེར་ཀེ་ཀེ་རུའི་ཡི་གེ་(82)སྩལདེ། བློན་ཆེར་བཅུག ཞང་རྒྱལ་ཟིགས་ཆེན་ཕོ:གཡུའི་ཡིགེ་སྩལདེ། མགར་འཛི། རྨུན་གྱི་ཐང་དུ་ཆོག་ཤེསུ་བསྟོད།། བློན་ཁྲི་བཟང་བློན་ཅེར་བཅུག།། སྟོང་རྩན་གཡུའི་ཡིགེ། སྩལཏེ། སོ་མཐའ་བ་<ཞི>། དམག་ཕོན་དུ་བཀའ་རྩལད།། པར་ལོ་གཅིག།།
113.……།། པ།། བཙན་ཕོ་བྲང་ནས་ཡམ་ཅུ་དང་སྟག་ཅུང་བཟང་གྱིས་ཀྭ་ཅུ་ཁར་ནང་དུ་མཆིས་པ་འི་དུ་སུ་ཁར་ནང་ནས་རྒྱཔོ་ཀོ་ཏེ་མཆིས་པའི་ཀམ་ཅུ་མཇལ་དེ་རྨས་པ་མཆིད་ནས་བོད་གྱིས་དྲང་མ་དྲང་དེ་མཆིས་པ་དང་བྱར་ནས་བྲོ་ཡེ་ཀན་ལས་གཏོག་ཏེ། ཕྱིན་ཅད་བདེན་དུས་གཟུང་ཡང་མྱི་རུང་པ་བོད་ཀྱང་ཁྲལ་ཡང་མྱི་རྟ་ད་ཕྱིན་ཅད་ནས་ཟ་གྱི་ཁྲིམ་དང་ཡང་འབྱོར་སྡེ། བཙན་པོ་<འི་ཕོ་བྲ>ང་ལྷ་སྒལ་ནས་བཞུག་སྟེ་བླ་ན་བཀའ་ནན་ཐུར་(83)དྲགས་སྡེ་མཆི……

བརྒྱུད་སྐུལ།

མཆན་སྤེལ།