བོད་སིལ་བུའི་དུས་སྐབས།
དང་པོ། འོད་སྲུང་གི་གདུང་རྒྱུད་ཀྱིས་བཟུང་བའི་མངའ་རིས་རྒྱལ་རྒྱུད།
འོད་སྲུང་གི་སྲས་དཔལ་འཁོར་བཙན།(འབངས་ཀྱིས་བསད།)
དཔལ་འཁོར་བཙན་གི་སྲས།སྐྱིད་ལྡེ་ཉི་མ་མགོན(མངའ་རིས)ཁྲི་བཀྲ་ཤིས་བརྩེགས་པ་དཔལ།(གཙང་།)
སྐྱིད་ལྡེ་ཉི་མ་མགོན་གྱི་སྲས་རིག་པ་མགོན།(མང་ཡུལ)བཀྲ་ཤིས་ལྡེ་མགོན།(སྤལ་ཏི)ལེ་གཙུག་མགོན།(ཞང་ཞུང་།)འདི་གསུམ་ལ་སྟོད་ཀྱི་མགོན་གསུམ་དུ་གྲགས།
བཀྲ་ཤིས་ལྡེ་མགོན་གྱི་སྲས་སྲོང་ངེ།རབ་ཏུ་བྱུང་ནས་མཚན་ལ་ལྷ་བླ་མ་ཡེ་ཤེས་འོད་བཏགས།
སོང་ངེའི་སྐབས་སུ།
མཐོ་ལྡིང་གཙུག་ལག་ཁང་བཞེངས།
ལོ་ཙཱ་བ་རིན་ཆེན་བཟང་བོ་དང་རྔོག་ལེགས་པའི་ཤེས་རབ་སོགས་རྒྱ་གར་དུ་མངགས། དེ་ནས་གསང་སྔགས་གསར་རྙིང་གི་ཁད་པར་བྱུང་།
གསང་སྔགས་རྙིང་མ།→སློབ་དཔོན་པད་མ་འབྱུང་གནས།→ཨྱོན་ཡུལ།
གསང་སྔགས་གསར་མ།→ལོ་ཆེན་རིན་ཆེན་བཟང་བོ།→རྒྱ་གར།
ཇོ་བོ་རྗེ་དཔལ་ལན་ཨ་ཏི་ཤ།
ཇོ་བོ་རེ་དཔལ་ལན་ཨ་ཏི་ཤ(བྷང་ག་ལའི་རྒྱལ་སྲས།孟加拉)
ལྷ་བ་མ་ཡེ་ཤེས་འོད་ཀྱི་ཐུགས་དགོངས་ལྟར་བྱང་ཆུབ་འོད་ཀྱིས་གདན་དྲངས།
ནག་ཚོ་ལོ་ཙཱ་བ་དང་རྒྱ་བརྩོན་འགྲུས་སེང་གེས་བོད་དུ་གདན་དྲངས།(1040ལོར་ལམ་ལ་ཆས་ཤིང1042ལོར་བོད་དུ་འབྱོར།)
《བྱང་ཆུབ་ལམ་གྱི་སྒྲོན་མ》བརྩམས།བསྟན་པ་དག་ཐེར་བྱས། 1054ལོར་མཉེས་ཐང་སྒྲོལ་མ་ལྷ་ཁང་དུ་སྐུ་གཤེགས།
(ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནས་བཀའ་བདམས་པའི་དབུ་བརྙེས།འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་སྲོལ་ཕྱེ།སྐུ་མཆེད་གསུམ་གིས་དར་ཞིང་རྒྱས་པར་མཛད།)
གཉིས་པ། ཡུམ་བརྟན་གིས་བཟུང་བའི་ལྷ་སའི་རྒྱལ་རྒྱུད།
ཡུམ་བརྟན་གྱི་སྲས་ཁྲི་ལྡེ་མགོན་གཉེན།དེའི་སྲས་རིག་པ་མགོན་དང་ཉི་མ་མགོན།
ཉི་མ་མགོན་གི་སྲས་མགོན་སྤྱོད་དང་དེའི་སྲས་ཚ་ན་ཡེ་ཤེས་རྒྱལ་མཚན། 917ལོར་སྐུ་གཤེགས།(དབུས་གཙང་གི་མི་བཅུ་མདོ་སྨད་དུ་མངགས་ཤིང་བླ་ཆེན་དགོངས་པ་རབ་གསལ་གི་མདུན་ནས་རབ་ཏུ་བྱུང་།ཕིར་ལྷ་སར་ཕེབས་པ་ལ་སྨད་འདུལ་བའམ་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་གསོས་ཞེས་གྲགས།)
གསུམ་པ། ཙོང་ཁའི་རྒྱལ་རྒྱུད།
འོད་སྲུང་།→དཔལ་འཁོར་བཙན།→བཀྲ་ཤིས་བརྩེགས་པ་དཔལ།→ཁི་སེ།(མདོ་སྨད་ཀ་ཅུར་རྒྱལ་བོར་བསད།李立遵གིས་ཙོང་ཁ་རྒྱལ་བོར་བསོས།རེས་སུ1325ལོར་སོག་པོས་མངའ་འོག་ཏུ་བསྡུས་ཏེ་ཙོང་ཁའི་རྒྱལ་རྒྱད་ཉམས་པར་བས།)
ས་སྐྱ་གོང་མ་རྣམ་ལྔ།
ས་སྐྱ་བའི་དུས་སྐབས།
(1246—1354)
དང་པོ། རིགས་རུས་ཀྱི་སྐོར།
༡འཁོན། གཡའ་སྤང་སྐྱེས་དང་སྲིན་པོ་སྐྱ་རེངས་ཁྲག་མེད་ཀྱིས་གཡའ་གྲུམ་བའིལ་མ་རྩོད་པའི་དུས་སུ་མོ་ལ་བུ་ཞིག་སེས་པས་མིང་ལ་འཁོན་པ་སྐྱེས་ཞེས་བཏགས།(མངའ་མཛད་བཅུའི་སྐབས།)
༢ འཁོན་དཀོན་མཆོག་རྒྱལ་བོ།(1034—1102)
1073ལོར་ས་སྐྱ་བོའི་ཐོག་ཏུ་དགོན་པ་བཏབས།(ས་སྐྱ་དགོན་པ། གྲུབ་མཐའ་ལ་ཡང་ས་སྐྱ་གྲུབ་མཐའ་ཐོགས)
འཁོན་དཀོན་མཆོག་རྒྱལ་བོའི་བུ་ཀུན་དགའ་སྙིང་བོ།ས་ཆེན་གོང་མ་ཞེས་པའི་མཚན་ཐོག་མར་བཞེས།
ས་ཆེན་གོང་མ་རྣམ་ལྔ་ནི་ཀུན་དགའ་སྙིང་བོ་དང་བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན་བཅས་དཀར་པོ་རམ་གསུམ་དང། ཀུན་དགའ་རྒྱལ་མཚན་དང་འགྲོ་མགོན་འཕགས་པ་སྟེ་དམར་པོ་རྣམ་གཉིས་བཅས་ལྔའོ།།
ས་པཎ་ཀུན་དགའ་རྒྱལ་མཚན།(1182—1251)
གནས་ལྔ་རིག་པའི་སྲོལ་འབྱེད་པ་པོ།
བསྙེན་རྫོགས་ཀྱི་སྡོམ་པའི་སྲོལ་འབྱེད་པ་པོ།(དགེ་སློང་གི་སྡོམ་པ།)
1240 ལོར།དོར་རྟ་ནག་པོས་དམག་ཁྲི 3 ཁྲིད་འོངས་ཏེ་རྭ་སྒྲེང་དང་རྒྱལ་ལྷ་ཁང་ལ་དམག་འཁྲུག་བརྒྱབ་ནས་ཕམ་པར་བཏང་།
1244 ལོར།ཐེངས་གཉིས་པར་བོད་ལ་ཡོང་ནས་བོད་ཀྱི་གནས་ཚུལ་རྒྱུས་ལོན་བྱས་ཤིང་ས་པཎ་གདན་དྲངས།སྐབས་དེར་ས་པཎ་དགུང་ལོ 63 དང་འགྲོ་མགོན་འཕགས་པ་དགུང་ལོ 10 ཕྱག་ན་རྡོ་རྗེ་དགུང་ལོ 6བཅས་ཡིན།
1246 ལོར།ས་པཎ་སོག་པོར་འབྱོར།ལམ་ནས་མཆོད་རྟེན་དཀར་པོ་བཞེངས།
1246 ལོར།ས་སྐྱའི་སྲིད་དབང་བཙུགས།
བོད་དང་སོག་པོའི་བར་མཆོད་ཡོན་གི་འབྲེལ་བ་ཚུགས།
ཁྲི་སྐོར་བཅུ་གསུམ་གྱི་ལམ་ལུགས་བཙུགས་ཤིང་བདག་པོ་ས་པཎ་ལ་གཏད།
1251ལོར་ས་པཎ་ལིང་ཇི་ནས་སྐུ་གཤེགས།དགུང་ལོ 70 ཡིན།
ས་པཎ་སྤྲིངས་ཡིག(《དབུས་གཙང་མངའ་རིས་དང་བཅས་པའི་དགེ་བའི་བཤེས་གཉེན་རྣམས་ལ་སྤྲིངས་པ》)
○1 སྔར་ཡོད་པའི་བོད་ཀྱི་སྲིད་འཛིན་ལམ་ལུགས་ལ་བཅོས་བསྒྱུར་མི་བྱེད་པ།
○2 གསེར་ཡིག་པར་བརྩི་བཀུར་བྱདད་པ།(ས་པཎ)
○3 དཔྱ་ཁལ་འཇལ་བ།
འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན།
འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན།(1235 —1280)
ཧོར་སེ་ཆེན་རྒྱལ་བོས་བོད་ཆོལ་ཁ་གསུམ་དང་རྒྱལ་ཁབ་གི་དབུ་བླ།གོང་མའི་དབུ་བླ་བཅས་ལ་བསྐོས།
ངྷརྨ་པ་ལས་འགྲོ་མགོན་འཕགས་པའི་འཕྲོ་བསྐྱངས།(1268 —1289)ཕྱག་ན་རྡོ་རྗེའི་སྲས་ཡིན།
ངྷརྨ་པ་ལའི་སྲས་བདག་ཉིད་ཆེན་པོའི་བཟང་བོ་དཔལ་(1262—1322)གིས་བཙུན་མོ་བདུན་བླངས་ཤིང་བྱིས་པ15སྐྱེས།
བླ་བྲང་ཁག་བཞི་ལ་གྱེས།བཞི་ཐོག་བླ་བྲང་།རིན་ཆེན་སྒང་བླ་བྲང་།ལྷ་ཁང་བླ་བྲང་།དུས་མཆོད་བླ་བྲང་།(ས་སྐྱའི་སྲིད་དབང་ཉམས་པའི་རྒྱུ་གཙོ་བོ)
འབྲི་གུང་གླིང་ལོག
འབི་གུང་རིན་ཆེན་རྡོ་རྗེ་སྐུ་གཤེགས་པས་གྲགས་པ་ཡེ་ཤེས་ཀྱིས་ཚ་བོ་ཚབ་ལ་བསྐོ་གྲབས་བྱས།རིན་ཆེན་རྡོ་རྗེའི་ནུ་བོ་གྲགས་པ་རིན་ཆེན་གིས་གྲགས་པ་ཡེ་ཤེས་ཀྱི་ཚ་བོ་བགྲོངས་ཤིང་སོག་པོ་སེ་ཆེན་ཧན旭日汗ལ་མགོ་བཏགས་ནས་འབྲི་གུང་བ་ཕམ་པར་བྱས་ཤིང་དགོན་པ་མང་པོ་མེར་བསེགས།ལོ་རྒྱུས་སུ་འདི་ལ་འབྲི་གུང་གླིང་ལོག་ཅེས་གྲགས། 1285
ཀརྨ་དུས་གསུམ་མཁྱེན་པ
སྤྲུལ་སྐུའི་ལམ་ལུགས་བྱུང་ཚུལ།
ཀརྨ་དུས་གསུམ་མཁྱེན་པས(1110ནས1193)མཚུར་ཕུ་དགོན་པ་བཏབས་ཤིང་ཁོང་འདས་རྗེས་གདན་ས་ཆོས་ཀྱི་བླ་མས(ཀརྨ་པཀཥིས 1204ནས1283)བསངས།ཆོས་ཀྱི་བླ་མ་སྐུ་གཤེགས་ཁར་རང་གི་སློབ་མ་གྲུབ་ཐོབ་ཨྱོན་པ་ལ་ཁ་ཆེམས་བཞག་ནས་གདན་ས་འཛིན་མཁན་རྙེད་སྲིད་ཅེས་བཤད།ཀརྨ་རང་བྱུང་རྡོ་རྗེ་དགོན་པར་རབ་ཏུ་བྱུང་བར་ཡོང་བའི་སྔ་དགོང་མོར་གྲུབ་ཐོབ་ཨྱོན་པས་རྨི་ལམ་ཁྱད་པར་བ་ཞིག་རྨིས་ཤིང་རང་བྱུང་རོ་རེས་ཀྱང་ཆོས་ཀྱི་བླ་མའི་ཅ་དངོས་དག་ཁོའི་ཡིན་ཞེས་བཤད་པས་ཁོ་ཆོས་ཀི་བ་མའི་ཡང་སྤྲུལ་དུ་ངོས་བཟུང་།དེ་ནས་བོད་ལ་སྤྲུལ་སྐུ་འཚོལ་བའི་རྣམ་པ་ཐོག་མར་བྱུང་ཞིང་ཡིན་གིས་གྲུབ་མཐའ་སོ་སོར་ཁྱབ།
ཡོང་ཁུངས། བཙན་པོའི་རིག་གནས།