འདྲེ་རྐང་ཏོ།

༄༅། །འདྲེ་རྐང་ཏོ།

                                                         རང་སྒྲ།(ཟི་ལིང)

              གླེང་གཞི།
ངས་འདྲེ་སྒྲུང་མང་པོ་ཞིག་ཐོས་མྱོང༌། སྤྱིར་འདྲེ་སྒྲུང་ནི་རྒད་པོ་རྒན་མོ་ཚོས་མ་རབས་པྲ་ཚགས་ཀྱི་བྱིས་པ་རྣམས་ལ་སྐྲག་
སློང་བྱེད་དམ། ཡང་ན་བྱིས་པའི་ངུ་ཁ་ལེན་བྱེད། དེ་མིན་ན་རྒན་རྒོན་རྣམས་ཀྱིས་ཉི་མ་འཁྱོལ་ཐབས་སམ། ཡང་ན་རང་མཚང་
ངམ་གཞན་མཚང་འདྲུ་བྱེད་ཅིག་ཡིན་ཀྱང་སྲིད། འོ་ན་འདྲེ་རྐང་ཏོའི་གཏམ་རྒྱུད་ཀྱང་དེ་དག་ཁྲོད་ཀྱི་གཅིག་ཡིན་པས། ཁྱེད་
ཀྱིས་ངེས་པར་དུ་བདག་ལ“གྲོགས་པོ་ལགས། ད་ལྟའི་དུས་འདི་ཚན་རིག་སློབ་པའི་དུས་ཡིན་པ་མ་གཏོགས་འདྲེ་སྒྲུང་
བཤད་པའི་དུས་མིན”ཞེས་ཟེར་ཀྱང་སྲིད།
བདེན་རྒྱུ་ནི་ཁྱོད་རང་བདེན་མོད། ང་ལ་མཚོན་ན་དེ་ལྟ་བུ་གཏན་ནས་མིན། རྒྱུ་མཚན་ནི་ཁྱོད་ཉིད་ང་ཆོའི་སྡེ་བར་ཆ་རྒྱུས་
མེད་པས་ནོངས་ཏེ། དེ་ཡང་གསལ་བོར་བཤད་ན་དེ་དང་དེ་ལྟ་བུའི་གཏམ་རྒྱུད་དེ་ང་ཚོའི་སྡེ་བའི་གཏམ་རྒྱུད་ཡིན་པས། རང་
ཡུལ་གད་པ་ཡིན་ཡང་དེའི་སྐྱིད་མི་དྲན་པ་དང་དེའི་གཏམ་རྒྱུད་མི་འཆད་པ་ཅི་ལ་སྲིད།
ཁྱོད་ཕལ་ཆེར་ང་ཚོའི་སྡེ་བར་ཡོང་མེད་ལས་ཆེ། རྒྱུ་མཚན་ནི་ང་ཚོའི་སྡེ་པ་ནི་ལྕམ་མོ་དམར་ལུང་ན་ཡོད་པའི་ཕྱིར། ཁ་
དཔེ་ལ་ལྕམ་མོ་དམར་མོའི་ཁ་ལམ་ན། ཁྭ་ཏ་ཆད་པའི་ལ་དགུ་ཡོད། སྐྱ་ཀ་ཆད་པའི་རྐུར་དགུ་ཡོད། གཡག་རོག་པོ་ཆད་པའི་
སུལ་དགུ་ཡོད་ཟེར་བ་ངོ་མ་བདེན། ཁྱོད་རང་དཀའ་བ་བརྒྱ་ཕྲག་སྤྱད་ནས་འགྲིམ་འགྲུལ་སྟབས་མི་བདེ་བའི་ལྕམ་མོ་སྡེ་བར་
འོང་མི་སྲིད་ལ། གལ་ཏེ་འོང་བའི་དབང་དུ་བཏང་ན་ཡང་ལྕམ་མོ་སྡེ་བས་ཁྱོད་ལ་དགའ་བསུ་བྱེད་མི་སྲིད། དེ་བཞིན་དུ་ང་
ཚོའི་སྡེ་མི་དག་ཀྱང་ངལ་བ་བརྒྱ་ཕྲག་ལ་མ་འཛེམས་པར་གཞན་སྡེ་དང༌། གྲོང་རྡལ། གྲོང་ཁྱེར་སོགས་ལ་འགྲོ་མི་སྲིད་ལ་འགྲོ་
བའི་སྙིང་སྟོབས་ཅན་ཡང་ཤིན་ཏུ་དཀོན།
ང་ཚོའི་སྡེ་མི་རྣམས་ཉི་མར་ལྡེ་རྒྱུར་དགའ་ལ་འདྲེ་སྒྲུང་བཤད་པར་དེ་བས་དགའ། ཁོ་ཚོས་འདྲེ་སྒྲུང་བཤད་བཞིན་གྱང་
རྩ་དྲོ་ས་ཞིག་ནས་ཉི་མར་ལྡེ་རྒྱུ་ནི་འཚོ་བའི་གྲུབ་ཆ་གཙོ་བོ་ཞིག་ཡིན་པས། ནམ་རྒྱུན་ཉི་མ་སེར་པོ་ལྕམ་མོ་ལ་ཁ་ནས་སེར་ལམ་
ལམ་ལྕམ་མོ་དམར་ལུང་དུ་ཤར་བའི་ཚེ་ན། ཁོ་ཚོརང་རང་གི་ཁྱིམ་ནས་ཐོན་ཏེ་གྱང་རྩ་དྲོ་ས་ཞིག་དུ་འཚོགས་ངེས་ཡིན། ཁོ་
ཚོའི་ཁྲོད་ཀྱི་ལོ་ན་མཐོན་པོ་རྣམས་གྱང་རྩ་ནས་རིམ་པ་ལྟར་སྡོད་ཅིང་བྱིས་པ་སྣབས་ལུག་དག་གཤམ་ནས་ཁ་ཡར་འཁོར།
གསར་བུ་གསར་མོ་རྣམས་ཅུང་ཟད་རྒྱང་བཀྱེད་དེ་ཕན་ཚུན་ལ་ཁ་བརྡ་མིག་བརྡ་རེ་བྱེད་བཞིན་རྒད་པོ་ཚོའི་ཁ་ནང་དུ་ཅེར་
འདུག
“ཡ། དེ་རིང་སུའི་བཤད་རེས་རེད། འོ། ཨ་ཁུ་འབྲུག་རྡང་མིན་ནམ། ”
སྡེ་དཔོན་གྱིས་དེ་ལྟར་བཤདཔ་ན། ཨ་ཁུ་འབྲུག་རྡང་གིས་ཀྱང་དེ་རིང་གི་འདྲེ་སྒྲུང་བཤད་རེས་རང་ལ་བབས་པ་ཤེས་ཏེ།
ཡིན་མིན་ཅི་ཡང་མི་རྩོད་པར་སྨ་ར་དཀར་པོ་དེ་བྱིལ་བྱིལ་འགའ་བྱས་རྗེས། གཞི་ནས་འདྲེ་སྒྲུང་བཤད་པའི་སྟ་གོན་བྱས།
“ཡ། དེས་ན་ཅི་ཞིག་བཤད། ཨིན—-འོ་དེ་རེད། འདྲེ་རྐང་ཏོ་བཤད་ན་ཚང་མར་བསམ་འཆར་ཨེ་ཡོད”ཅེས་དྲིས།
“མེད–མེད”ཚང་མས་མགྲིན་གཅིག་ཏུ་ལན་བཏབ།
ཨ་ཁུ་འབྲུག་རྡང་ནི་ལྕམ་མོ་སྡེ་བ་ནས་ཤེས་ལྡན་མི་སྣའི་གྲས་སུ་རྩི་འོས། ཁོ་རང་ཡི་གེ་འབྲི་ཀློག་ལ་དཀའ་ངལ་མེད་པར་
མ་ཟད། འདྲེ་སྒྲུང་བཤད་པའི་ཁ་ལྕེའང་བདེ་མོ་ཞིག་ཡོད་པ་དང༌། ལྷག་པར་དུ་ཁོས་སྒྲུང་བཤད་སྐབས་ནང་སེམས་ཀྱི་འགྱུར་
བ་ཕྱིའི་ཉམས་སུ་ཤར་བ་དེས་བྱིས་པ་སྣབས་ལུག་ཚོའི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་ཕྲོགས་པར་ མ་ཟད། གསར་བུ་སྣང་བ་
ཅན(ང་རྒྱལ་ཅན།)ཚོའི་ཡིད་དབང་ཡང་འཕྲོག་པ་ཡིན་པས་ཚང་མས་ཨ་ཁུ་འབྲུག་རྡངགིས་འདྲེ་སྒྲུང་བཤད་སྐབས་སྨྲ་བ་མེད་
པར་ཉན་ངེས་ཡིན། ཉན་མཁན་རྣམས་ཉན་འདོད་ཇི་ལྟར་ཆེ་ན་ཨ་ཁུ་འབྲུག་རྡང་གིས་བཤད་འདོད་ཀྱང་དེ་ལྟར་ཆེ་འགྲོ་བ་
ཡིན། ཨ་ཁུ་འབྲུག་རྡང་གིས་འདྲེ་རྐང་ཏོའི་གཏམ་རྒྱུད་བཤད་ཀྱིན་བཤད་ཀྱིན་བཤད་འདོད་ཇེ་ཆེར་གྱུར་ཅིང༌། ཁ་ལྕེ་ཡང་ཇེ་
བདེ་ཇེ་བཟང་དུ་གྱུར།
“……འདྲེ་རྐང་ཏོ། ཁོ་རང་ལྷ་སར་མ་སོང་གོང་འདྲེ་ཡིན་པ་ལས་རྐང་ཏོ་མིན། ཨ་སྤྱོ་ཞིག་དང་མཉམ་དུ་ལྷ་སར་
སླེབས་སྐབས་བླ་མ་རིན་པོ་ཆེས་གཙུག་ལག་ཁང་ཞིག་བཞེངས་པའི་སྐབས་དང་ཁེལ། རྡོ་རྗེ་འཆང་གིས་སྔ་དྲོ་བཟོ་པ་རྣམས་ལ་
ལྷ་ཁང་གི་ཐིག་རྩ་འདི་ལྟར་བྲིས་ཏེ་ཕྱིན་ན། ཁོ་རང་ཕྱི་དྲོ་རྡོ་རྗེ་འཆང་རང་དུ་སྤྲུལ་ཏེ་ཐིག་རྩ་ལྡོག་སྟེ་བྲིས། དེ་ལྟར་གཙུག་ལག་
ཁང་དེ་ཉིན་གཅིག ཉིན་གཉིས། ཉིན་གསུམ། ཉིན་བདུན། ཕལ་ཆེར་ཟླ་གཅིག ལོ་འགར་བཞེངས་ཀྱང་འགྲུབ་རྒྱུ་ཕར་ཞོག་ཐ་
ན་རྨང་ཙམ་ཡང་འདིང་མ་ནུས་པས་བླ་མ་རིན་པོ་ཆེ་ཡང་ཡ་མཚན་སྐྱེས།
ཨ་ཁུ་འབྲུག་རྡང་གིས་ཉམས་འགྱུར་དང་ལྡན་པའི་ངང་ནས་འདྲེ་རྐང་ཏོའི་གཏམ་རྒྱུད་བཤད་པ་ན། ཁོང་གི་གཡས་
གཡོན་གྱི་རྒད་པོ་རྒན་མོ་རྣམས་ཀྱིས་མ་ཎི་ཡང་འདོན་མཚམས་བཞག་སྟེ་ཁོང་གི་ཁ་ནང་དུ་ཅེར་འདུག་པ་དང༌། བྱིས་པ་
སྣབས་ལུག་འགས་རང་གི་སྣབས་ཁ་ནང་དུ་ལུག་པ་ཡང་ཚོར་མི་འདུག་ལ། རྒྱང་བཀྱེད་ནས་ཡོད་པའི་གསར་བུ་སྣང་བ་ཅན་
དེ་དག་ཀྱང་ཡུད་ཀྱིས་ཨུ་ཁུ་འབྲུག་རྡང་དང་བར་ཐག་ཇེ་ཉེ་ཇེ་ཉེལ་བཏང༌། ཨུ་ཁུ་འབྲུག་རྡང་གིས་ཚུལ་དེ་མཐོང་བ་ན་ལྷག་
པར་སྒྲུང་བཤད་འདོད་སྐྱེས་ཤིང་ཁ་ལྕེ་ཇེ་བདེ་ཇེ་བཟང་དུ་གྱུར།
ཁོང་གི་མུ་མཐུད་དུ“འོ། དེ་ནས་བླ་མ་རིན་པོ་ཆེས་ཐུགས་བསམ་ཡང་ཡང་བཏང་བ་ན་ད་གཟོད་འདྲེ་ཞིག་གིས་བར་
ཆད་གཏོང་བཞིན་ཡོད་པ་མཁྱེན། ཕྱི་ཉིན་ཞོགས་པར་བླ་མ་ཚང་གིས་ལྷ་ཁང་གི་ཐིག་རྩ་སྔར་ལྟར་བྲིས་ཏེ་ཁོང་ཉིད་བཟོ་པ་
དཀྱུས་མ་ཞིག་ཏུ་བརྫུས་ཏེ་བསྒུགས། ཉིན་གུང་ཡོལ་བ་ན། ལྷ་ཁང་བཞེངས་སར་སླར་ཡང་བླ་མ་ཞིག་སླེབས།
ཨ་ཙི། བླ་མ་ནི་བླ་མ་རེད། གལ་སྲིད་ཁྱོད་ལ་མཁྱེན་པ་འདྲ་ཡོད་ན་མ་གཏོགས། བླ་མ་གཉིས་ཀྱི་དངོས་རྫུན་འབྱེད་ཤེས་རྒྱུ་
མ་རེད། ལྟོས་དང༌། ཕྱག་གི་རྡོ་རྗེ། དབུ་ཡི་རལ་བ། ཞལ་གྱི་ཉམས་འགྱུར། གསུང་གི་སྙན་ཆ། ད་དུང་དད་ལྡན་དང་བ་འདྲེན་
པའི་གཟི་བྱིན། སྲིད་གསུམ་ཟིལ་གྱིས་གནོན་པའི་སྟང་སྟབས། དེ་དང་དེ་ལྟ་བུའི་རྡོ་རྗེ་འཆང་གཉིས་དུས་གཅིག་ཏུ་བྱུང་བ་ན། བཟོ་པ་
རྣམས་ཀྱིས་ཐོག་མར་སུ་ཞིག་ལ་ཕྱག་འཚལ་ལམ། དེ་བས་ཁོ་ཚོའི་གྲས་སུ་རྩོད་གཞི་ཞིག་བྱུང་བ་དང༌། རྩོད་གཞི་དེ་ནི་ཐོག་
མར་ཀུ་རེ་རྩེད་མོའི་རྩོད་པ་ནས་ཁོ་འཛིང་ངོ་འཛིང༌། ཐ་མར་ཁྱོད་ཤི་ང་གསོན་གྱི་དམར་འཛིང་ཞིག་ཏུ་གྱུར་པ་དང༌། གཅིག་
རྒྱལ་གཉིས་ཕམ་གྱི་འཐབ་རྩོད་ཁྲོད་དུ། ལ་ལས་བླ་མ་རིན་པོ་ཆེ་ལ་ཕྱག་བཙལ། ལ་ལས་འདྲེ་རྐང་ཏོ་ལ་ཕྱག་བཙལ། དེ་བཞིན་
དུ་བླ་མ་གཉིས་ཀྱི་བར་དུ་ཡང་འཐབ་རྩོད་བྱུང་སྟེ། དང་པོ་ཁོང་གཉིས་ཀྱི་རྟོགས་པའི་མཐོ་དམན་འགྲན། དེ་ནས་ཁ་རྩོད་ཚིག་
རྩོད་བྱས། ཐ་མར་ལག་རྩོད་བྱུང་སྟེ་བླ་མ་ཞིག་གིས་ལག་སྔ་བརྩད་དེ་ཕྱག་གི་རྡོ་རྗེ་འཕངས་པ་ན། ཅིག་ཤོས་ཀྱི་རྐང་བ་ཡ་
གཅིག་དུམ་བུར་བཅད་པས་ད་གཟོད་དེ་ནི་བླ་མ་རྫུན་མ་ཡིན་པ་གཞི་ནས་རྟོགས། དེ་ནས་བཟུང་བོད་གངས་ཅན་དུ“འདྲེ་
རྐང་ཏོ”ཟེར་བའི་བགེགས་བར་ཆད་གཏོང་མཁན་ཞིག་བྱུང་བ་རེད……”དེ་ནི་ཨ་ཁུ་འབྲུག་རྡང་གིས་བཤད་པའི་
འདྲེ་རྐང་ཏོའི་གཏམ་རྒྱུད་རེད།
འདྲེ་རྐང་ཏོ་ལའང་རང་ཉིད་ཀྱི་ཁྱད་ཆོས་མེད་པ་མ་ཡིན་ཏེ། ཁོ་རང་རི་རྩེ་དང་ཉག་ཁ་སོགས་སུ་ནག་ཡོར་རེ་རྐང་བ་ཡ་
གཅིག་གིས་འགྲེང་བར་དགའ་ལ། འཇམ་བཅག་གེར་གནས་པའི་སྡེ་བ་ཚོ་བར་ལྟ་རྒྱུ་དེ་བས་དགའ། ཁོ་རང་རི་རྩེ་འམ་ཉག་ཁ་
ཞིག་ན་ནག་ཡོར་རེ་འགྲེང་ཚེ། ས་དེ་ལ་ངེས་པར་དུ་མི་བདེ་བ་ཞིག་འབྱུང༌། ཁོས་སྡེ་བ་ཞིག་ལ་ཕུར་ཚུགས་སུ་ལྟ་བའི་ཚེ། སྡེ་བ་
དེར་ངེས་པར་གྱོད་སྣ་ཁ་མཆུ་ཞིག་འབྱུང་བར་གདོན་མི་ཟ།
གོ་ཐོས་སུ། ཉིན་འདི་དག་ལ་འདྲེ་རྐང་ཏོ་ལྕམ་མོ་དམར་མོའི་ལ་ཁ་ནས་ནག་ཡོར་རེ་འགྲེང་སྟེ། འཇམ་ཅག་གེར་གནས་
པའི་ལྕམ་མོ་སྡེ་བར་བལྟས་འདུག་ཟེར། དེ་ངེས་པར་བདེན་ཏེ། རྫོང་དམངས་འཐུས་ཚོགས་འདུར་ཞུགས་ནས་ཕྱིར་འོང་
བཞིན་པའི་ཨ་ཁུ་སྡེ་དཔོན་གྱིས་མཐོང་བར་མ་ཟད། ལྕམ་མོ་སྡེ་བའི་བྱིས་པ་འགའ་དང༌། ཨ་ཁུ་འབྲུག་རྡང༌། ཨ་ནེ་ལད་བོ། ད་
དུང་ཁོ་གཉིས་ཀྱི་བུ་སྟེ་དགེ་བོས་ཀྱང་དངོས་སུ་མཐོང་ཟེར། དེ་བས་ལྕམ་མོ་སྡེ་བའི་རྒན་རྒོན་རྣམས་མཚན་མོའི་གཉིད་ཀྱང་
མི་ཁུག་པར་གྱུར།།
གཅིག ཨ་ཁུ་འབྲུག་རྡང་གི་ཀླད་པའི་ཚ་རླབས།
ལྕམ་མོ་སྡེ་བའི་དཀྱིལ་དུ་སྡོང་བོ་གཅིག་ལ་ཡལ་ག་ཆེན་པོ་བརྒྱད་ལྡན་པའི་སྡོང་རྒན་ཞིག་ཡོད་པས་ཚང་མས་དེ་ལ་སྡོང་བོ་
བརྒྱད་ཚེབ་ཟེར་ཞིང༌། འདི་ནི་ལྕམ་མོ་སྡེ་བ་ཐོག་མར་ཆགས་སྐབས་གཞིས་འཛིན་སྔ་བའི་ཡབ་མེས་ཤིག་གིས་བཙུགས་པར་
བརྟེན་གནའ་སྡོང་དུ་རྩི་བར་འོས། 1966ལོའི་མུ་གེའི་སྐབས་སྡོང་བོ་བརྒྱད་ཚེབ་ཀྱི་སྟེང་དུ་ཅོང་རྙིང་ཞིག་བཀལ་བ་ནི་སྡེ་མི་
ཡོངས་ཀྱིས་ཟ་ཁང་གི་ཟ་མ་ནམ་བཟའི་དུས་ཚོད་ངོས་འཛིན་བྱེད་པ་ལས་དམིགས་ཡུལ་གཞན་མེད། རིག་གསར་སྐབས་ནས་
བཟུང་སྡེ་བའི་ཚོགས་འདུའི་ཚོགས་བརྡ་གཏོང་བྱེད་དུ་གྱུར་པ་དང༌། ད་ལྟ་ཡང་ལྕམ་མོ་སྡེ་བའི་ཚོགས་དུང་གི་ཚབ་ཏུ་གྱུར།
དཔེར་ན་ལོ་རེའི་བཞི་བའི་སྨྱུང་གནས་བཅུ་བའི་ལྔ་མཆོད། རྒྱ་ལོའི་སྨོན་ལམ་སོགས་དུས་ཆེན་གྱི་སྐབས་སུ་ཅོང་དེ་རྡུང་བར་
མ་ཟད། རྩྭ་ས་རྩོད་གླེང་དང་ཡང་ན་ལྕམ་མོ་སྡེ་པའི་སྔགས་འཆང་རྣམས་ཀྱིས་འདྲེ་རྐང་ཏོ་འདུལ་བའི་སྐབས་སུའང་ཅོང་དེ་
རྡུང་བའི་སྲོལ་ཡོད། དེ་བས་དོ་ནུབ་སྡེ་དཔོན་སྐུ་དངོས་ཀྱིས་ཅོང་བརྡུངས་པ་ན་ཅོང་སྒྲ་ལྕམ་མོ་སྡེ་བ་ཡོངས་སུ་ཁྱབ། ཡིན་ན་
ཡང་ལྕམ་མོ་སྡེ་མི་རྣམས་ཅོང་གི་རྡུང་རྐྱེན་ལ་བཞེད་པ་གཅིག་གྱུར་མ་བྱུང་སྟེ། ལ་ལས་རྩྭ་ས་རྩོད་གླེང་གི་དོན་དག་ཡིན་པ་
གདོན་མི་ཟ་ཟེར། འགའ་རེས་འདྲེ་རྐང་ཏོ་འདུལ་ཐབས་ལ་གྲོས་བྱ་རྒྱུ་མིན་ནམ་ཟེར། གང་ལྟར་མཇུག་མཐར་ཐམས་ཅད་སྡེ་
དཔོན་ཚང་དུ་འདུས།
ཁོ་ཚོའི་འདོད་ཚུལ་དེ་དག་གཅིག་ཀྱང་མི་འགྲིག ཡིན་རྒྱུ་ནི་སྡེ་དཔོན་ད་ཐེངས་ལྕམ་མོ་སྡེ་བའི་སྐུ་ཚབ་བྱས་ཏེ་རྫོང་
དམངས་འཐུས་ཚོགས་འདུར་ཞུགས་པའི་དགོངས་དོན་དྲིལ་བསྒྲགས་བྱེད་རྒྱུ་དེ་རེད།
ཚོགས་འདུའི་དགོངས་དོན་ལས་ལྕམ་མོ་སྡེ་བར་འབྲེལ་བ་ཡོད་པ་བསྡུས་ན་འདི་ལྟ་སྟེ། སྲིད་གཞུང་གིས་མ་དངུལ་འབོར་
ཆེན་བཏང་ནས་རྫོང་མཁར་དང་ལྕམ་མོ་སྡེ་བའི་བར་དུ་གཞུང་ལམ་ཞིག་བཟོ་རྒྱུ་དང༌། དེ་ཡང་གཞུང་ལམ་སྤྱིའི་རིང་ཚད་ཀྱི་
བརྒྱ་ཆའི་གོ་ལྔའི་མ་དངུལ་རྒྱལ་ཁབ་ཀྱིས་གཏོང་བ་དང༌། བརྒྱ་ཆའི་ལྔ་ལྕམ་མོ་སྡེ་བས་གཏོང་དགོས་པ་དེ་རེད།
སྡེ་དཔོན་གྱིས་ཐེངས་འདིའི་ཚོགས་འདུའི་དགོངས་དོན་མ་ལུས་པ་ཏང་གི་མི་རིགས་སྲིད་ཇུས་དང་སྦྲགས་ཏེ་ཇ་ཡུན་
གཉིས་ཙམ་ལ་བཤད་པ་ན་ད་གཟོད་ཡོངས་སུ་མཇུག་རྫོགས། ཡིན་ན་ཡང༌། གཞུང་ལམ་བཟོ་རྒྱུ་དེ་ལྕམ་མོ་སྡེ་བར་མཚོན་ན་
སྔར་ཐོས་ཀྱང་མ་མྱོང་བ་ཞིག་ཡིན་པས། དོན་དེ་འདྲ་ནི་སྡེ་དཔོན་ལྟ་བུའི་སྐུ་དབང་བཙན་པ་འགའ་རེས་བཤད་རྒྱུ་ཞིག་ལས་
ཁྱོད་དང་ང་ལྟ་བུས་ལས་རྒྱུ་ཞིག་ཡེ་ནས་མིན། གལ་སྲིད་ཁྱོད་ལྟ་བུས་དོན་དེ་གླེང་ཕོད་ན། ཐོག་མར་རྒན་རྒོན་རྣམས་ཀྱིས་ཁྱོད་
ནི་འདྲེ་རྐང་ཏོས་བཟུང་སོང་ཞེས་རྗོད་ངེས་ལ། དེ་ནས་རིམ་པ་བཞིན་མ་སྲུ་ཚོ། གསར་བུ་རྣམས། བྱིས་པ་དག་བརྒྱུད་ཚེ་ད་
གཟོད་ཁྱོད་རང་ངོ་མ་འདྲེ་རྐང་ཏོས་འཛིན་པར་ངེས།
སྡེ་དཔོན་གྱི་གཏམ་དེར་སྡེ་མི་རྣམས་ཡེ་ནས་འཐད་པ་མ་བྱུང་མོད། འོན་ཀྱང༌། རེ་ཞིག་སྡེ་དཔོན་གྱི་གདོང་ལ་དངོས་སུ་
བུད་དེ་རྩོད་པ་རྒྱག་མཁན་ཡང་མ་བྱུང༌། སྤྱིར་དོ་ནུབ་ཚོགས་འདུ་ལ་ཞུགས་མཁན་མང་ཆེ་བ་རྒན་པ་ཡིན་ལ། རྒན་པས་སྤྱིའི་
མི་གྲངས་ཀྱི་སུམ་ཆའི་གཉིས་ཙམ་ཟིན། དེའི་བྱིངས་ནི་ཕལ་ཆེར་གསར་བུ་གསར་མོ་དང༌། བྱིས་པ་གཉིས་གསུམ་ཙམ་ལས་
མེད། རྒན་པའི་གྲས་སུའང་ཆེས་བགྲེས་པ་གོ་ཁ་ན་སྐྱིལ་ཀྲུང་དུ་སྡོད་པའི་ཨ་ཁུ་ཆོས་དར་རེད། ཨ་ཁུ་ཆོས་དར་གྱིས་ཡུད་ཙམ་
ལ་ཅི་ཡང་མི་གསུང་བར་སྨ་ར་འབྱུག་བཞིན་མིག་གིས་དམར་ལོག་ལོག་ཡར་ལྟ་མར་ལྟ་བྱས། ཡིན་ན་ཡང༌། རྒན་པོ་གཞན་
རྣམས་ཀྱང་ཁོ་དང་འདྲ་བར་མིག་གིས་ཡར་ལྟ་མར་ལྟ་བྱེད་པ་དང༌། ཁ་ནས་ཤབ་ཤུབ་རེ་སྨྲ་བ་ལས་ཅི་ཡང་མེད། དེ་བས་ཐོག་
མེར་ཨ་ཁུ་ཆོས་དར་གྱིས་ཁ་མི་གྲག་སུ་གྲག “སྡེ་བར་གཞུང་ལམ་བཟོ་རྒྱུ་དེ་སྔར་མ་དར་བའི་ཁག་ཁུར་རེད། ལམ་ཐམས་
ཅད་གཞུང་ལམ་ཡིན་པ་ལས་སྒེར་ལམ་ག་ལ་ཡིན། དེ་བས་ལྕམ་མོ་དགོན་པ་སླར་གསོ་བྱས་ན་མི་ལེགས་སམ། ” ཨ་ཁུ་ཆོས་དར་གྱི་གཏམ་དེས་རྒན་པ་རྣམས་ཀྱི་བློ་སྒོ་ཕྱེ་བ་ལྟར། རྒད་པོ་འགའ་རེས་རང་ཉིད་ཀྱི་དྲན་ཚུལ་བཤད་པ་དང༌།
དེ་ནས་གསར་བུ་དང་གསར་མོ་སོགས་བསམ་ཚུལ་བཤད་མཁན་ཇེ་མང་ཇེ་མང་དུ་གྱུར་པས། མཐར་སྡེ་དཔོན་ཚང་ནི་སྐྱ་ཀའི་
ཚང་ལ་རྡོ་འཕངས་པ་བཞིན་འུར་འུར་ཟང་ཟིང་དུ་གྱུར།
“ང་ཡང་དེ་ལ་འཐད། གཞུང་ལམ་ནི་ང་ཚོའི་ཕ་མེས་ཡང་མེས་ལ་དར་བ་ཞིག་མ་རེད། འོ་ན་དགོན་པ། ད་དུང་གྱང་
ཆག་ཉིལ་ལེར་བཞག་ཡོད”རྒད་པོ་ཞིག་གིས་ཅུང་མ་རངས་པའི་ངང་ནས་བཤད།
“ངའི་བསམ་ཚུལ་ཡིན་ན། ད་ལྟ་འདྲེ་རྐང་ཏོ་ལ་གྲགས་རྒྱུ་ཅུང་ཆེ་བས་དགོན་པ་མ་བཞེངས་པའི་སྔོན་ལ་མ་ཎི་ཁང་དུ་
སློབ་དཔོན་གྱི་སྐུ་ཞིག་བཞེངས་ན་ལེགས་སྙམ”དེ་ལྟར་རྒད་པོ་གཞན་ཞིག་གིས་སྨྲས།
ཡང་ལ་ལས“དེ་ཡང་མི་བདེན་རྒྱུ་མེད་མོད། སྤྱིར་ལྕམ་མོ་སྡེ་བ་འདི་སྡེ་བ་དཔའ་རྩལ་ཅན་ཞིག་ཡིན་པས། རྩྭ་ས་རྩོད་
ཐེངས་རེར་རང་སྡེའི་ལ་རྒྱ་ཤོར་མ་མྱོང་བར་མ་ཟད། གཞེས་ནིང་ལོར་ཁ་སྟོད་ཀྱི་མི་གསུམ་བསད། ན་ནིང་ཡང་ཁ་སྨད་ཀྱི་མི་
གཅིག་བསད། དེ་བས་ལྕམ་མོ་སྡེ་བར་མི་སྡིག་ཅུང་ཆེ་བས་མ་ཎི་ཁང་དུ་མ་ཎི་དུང་ཕྱུར་ཚང་བའི་འཁོར་ལོ་ཞིག་བསྐོར་ན་ཅི་
འདྲ་རེད”ཟེར།
གྲོས་གཞི་དེ་དག་ལས་འགའ་ཞིག་གིས་སྔ་མ་གཉིས་བདེན། ལ་ལས་བར་མ་དེ་ལེགས་ཟེར། ཡང་འགའ་རེས་ནི་ཕྱི་མ་ལྟར་
བྱེད་ཟེར་བ་སོགས་ལས་གཅིག་མཐུན་གྱི་གྲོས་ཕུགས་ཤིག་བྱུང་མ་ཐུབ།
གསར་བུ་རྣམས་ཀྱིས་ཁོ་ཚོའི་འདོད་ཕྱོགས་ལ་བར་བགེགས་མི་བྱེད་ན་ཡང༌། ལྕམ་མོ་སྡེ་བ་ནས་རྫོང་མཁར་བར་དུ་གཞུང་
ལམ་བཟོ་རྒྱུ་དེ་གཏན་ནས་ཁས་མི་ལེན། རྒྱུ་མཚན་ནི་ལྕམ་མོ་སྡེ་བ་དང་ཁ་སྨད་གཉིས་རྩྭ་ས་རྩོད་ཐེངས་རེ་རེ་བཞིན་རྒྱལ་ཁ་
ལྕམ་མོ་སྡེ་བས་བླངས་པ་དེ་སྡེ་བའི་རྐང་ལམ་འདི་ཁོ་ནའི་དྲིན་ཡིན་པ་དང༌། གལ་སྲིད་རྐང་ལམ་འདི་བཤིག་སྟེ་གཞུང་ལམ་
བཟོས་ཚེ་ཁ་སྨད་ཀྱི་སྡེ་དམག་འགོག་ཐབས་མེད་ལ། དེ་ལྟར་ན་ཁ་སང་ཁ་སྨད་ལ་འོངས་པའི་ཆག་སྒོ་དེ་དེ་རིང་ལྕམ་མོ་སྡེ་བར་
འོང་བར་གདོན་མི་ཟ་ཟེར་བ་ན། སྡེ་མི་དག་གསར་བུ་རྣམས་ཀྱི་འདོད་ཚུལ་ལ་འཐད་ཅིང་མགོ་བོ་གུག་གུག་བྱས། ཡང་རྒན་པོ་
རྣམས་ཀྱིས་གཞུང་ལམ་བཟོས་ན་ཁ་སྨད་ཀྱི་དམག་འགོག་མི་ཐུབ་པ་ཁོ་ན་ཙམ་མ་ཡིན་ཏེ། སྤྱིར་རྐང་ལམ་འདི་ཨ་མ་ལྕམ་མོའི་
ལྕམ་མོ་སྡེ་བའི་གཞི་བདག)གསང་ལམ་ཡིན་པས་ང་ཚོ་ལྕམ་མོ་སྡེ་བར་དེ་སྲུང་སྐྱོབ་བྱེད་པའི་འོས་འགན་ཡོད་ཟེར་བ་ན་ལྕམ་
མོ་སྡེ་བའི་སྐྱེ་ཕོ་མོ་རྒན་གཞོན་རྣམས་ཀྱིས་གཅིག་མཐུན་གྱིས་མགོ་བོ་མ་ནེའི་འོག་ཏུ་གུག་གུག་བྱས།
“ཡ། ད་རེད་ད་རེད”སྡེ་དཔོན་སུན་སྣང་གི་ཉམས་ཀྱིས“དོ་ནུབ་ཀྱི་ཚོགས་འདུ་ནི་ཐེངས་འདིའི་རྫོང་དམངས་
འཐུས་ཚོགས་ཆེན་གྱི་དགོངས་དོན་དྲིལ་པསྒྲགས་བྱས་པ་ལས། ཁྱེད་ལྕམ་མོ་སྡེ་བའི་རྒད་པོ་ཚོར་གྲོས་གཞི་བཏོན་པ་མིན།
གཞུང་ལམ་པཟོ་རྒྱུ་ནི་ཐེངས་འདིའི་འཐུས་མི་ལྔ་བཅུ་ལྷག་གིས་གྲོས་གཞི་བཏོན་ཅིང༌། སྐབས་དགུ་བའི་རྒྱུན་ལས་གྲོས་ཚོགས་
ཐེངས་གསུམ་པའི་སྟེང་ནས་གྲོས་འཆམས་བྱུང་བ་ཡིན་པས་སུ་ཡིན་ཡང་བཟོ་བཅོས་བྱེད་པའི་དབང་ཆ་མེད”སྡེ་དཔོན་
གྱིས་ཚིག་སྣེ་གཞན་ཞིག་ཏུ་བསྒྱུར་ཏེ་མུ་མཐུད་དུ་བཤད་རྒྱུར་鉊རེད་ཡ། ད་ལྟ་འགྲིམ་འགྲུལ་སྟབས་བདེ་ཡིན་པའི་སྡེ་བ་གཞན་
རྣམས་སུ་སློབ་གྲྭ་ཡོད། ལས་བྱེད་པ་མང༌། ཚོང་ལས་དར་ཡོད། ཁྱོད་ཚོས་རྣར་ཨེ་འགྲོ། ཟི་ལིང་ནས་གླ་རྩི་གཅིག་ལ་སྒོར་ཉིས་
སྟོང་སྟེར་ཟེར། འོ་ན་གླ་རྩི་གཉིས་ལ། བཞི་སྟོང་རེད་ཡ། ཁྱོད་ཚོས་སོམས་དང༌། དེང་སྐབས་གཞན་པས་འཇིག་རྟེན་འཚོ་བ་ཇི་
ལྟར་རོལ་བཞིན་ཡོད། དེ་དག་ཐམས་ཅད་གཞུང་ལམ་ལ་རག་ལས་པ་ལས་ང་ཚོའི་སྡེ་བའི་རྐང་ལམ་ལ་རག་ལས་པ་མ་རེད……”སྡེ་དཔོན་གྱིས་བཤད་ཀྱིན་བཤད་ཀྱིན་ཅུང་ཞེ་སྡང་ལངས་པ་འདྲ།
སྡེ་དཔོན་གྱི་གཏམ་ལ་བློ་རིག་བསྒྲིམས་ནས་ཉན་ཡོད་པ་ནི་ཨ་ཁུ་འབྲུག་རྡང་རེད། དོ་ནུབ་ཨ་ཁུ་འབྲུག་རྡང་གིས་སྡེ་དཔོན་
གྱི་གསུང་བཤད་ལ་ཉན་པའི་ཚུལ་ནི་ངོ་མ་ཁོང་གིས་འདྲེ་སྒྲུང་བཤད་སྐབས་ལྕམ་མོ་སྡེ་བས་ཁོའི་ཁ་ནང་དུ་ཅེར་བའི་ཚུལ་དང་
གཉིས་སུ་མི་འདུག ཡིན་ན་ཡང༌། ད་ནི་ཕལ་ཆེར་ནམ་གུང་ཡོལ་ཟིན་པས་ད་གཟོད་ཚོགས་འདུ་དེ་གྲོལ་སོང༌།
སྡེ་དཔོན་གྱི་གཏམ་དེས་ཨ་ཁུ་འབྲུག་རྡང་གི་བློ་སྒོ་ཕྱེ་བར་མ་ཟད། བློ་སྒོ་དེ་ལས་བློ་རིག་ཅིག་རྒྱས་ཏེ་ཁོས་ཨ་ནེ་ལད་བོས་
ལོ་ཕྱི་ནང་གསུམ་ལ་མནའ་མ་བདེ་མཚོས་བྱིས་པ་བཙའ་དུས་མཁོ་སྙམ་སྟེ་ཉར་ཚགས་བྱས་པའི་གླ་རྩི་དེ་གཉིས་བརྐུས་ཏེ་ཟི་
ལིང་ལ་བཙོང་དུ་འགྲོ་རྒྱུ་བྱས།
དེ་བས་ཁོ་དེ་དགོང་གཉིད་མ་ཁུག་ལ་ཁུག་ཀྱང་སྲིད་རྒྱུ་མ་རེད། ཁོའི་ཀླད་པའི་ནང་དུ་གྲངས་ཀ་ཞིག་འཆར་བཞིན་ཡོད་ལ་
གྲངས་ཀ་དེ་ནི་ཇི་འདྲའི་ཆིན་པོ་ཞིག་རེད་ཨང༌། ལྟོས་དང་གླ་རྩི་གཅིག་ལ་སྒོར་ཉིས་སྟོང་ཡིན་ན། གཉིས་ལ་བཞི་སྟོང་རེད། དེ་
བས་ཁོའི་ལུས་ཡོངས་སུ་ཚ་རླབས་ཤིག་རྒྱས་པ་དེང་ཚ་རླབས་ཐམས་ཅད་གཅིག་ཏུ་འདུས་ཏེ་ཀླད་པའི་ནང་དུ་ཟུག་པ་ན་ཀླད་
དཀྱིལ་ཧྲིལ་བོ་ཚ་ལམ་ལམ་དུ་གྱུར།
ནམ་ད་དུང་གསལ་མེད། ཁོ་རང་རྐང་འཇབ་ལག་འཇབ་ཀྱིས་སོང་སྟེ་སྒམ་ནང་གི་གླ་རྩི་གཉིས་དང་སྒོར་སུམ་བརྒྱ་ཙམ་
ཁྱེར་ཏེ་རྐང་ལམ་དེ་བརྒྱུད་དེ་ཟི་ལིང་ལ་འགྲོ་བའི་ལམ་དུ་ཆས། ཁོ་རང་ལྕམ་མོ་ལ་ཁར་སླེབས་པ་ན་ད་གཟོད་རང་སྡེ་ལ་ཕྱི་ལྟ་
ཞིག་བྱས། སྐབས་དེར་གསེར་མདོག་ལྡན་པའི་ཉི་འོད་ཀྱང་ལྕམ་མོ་བྲག་རྩེ་ནས་སེར་ལམ་ལམ་དུ་ཤར་བ་དང༌། ཉི་འོད་འོག་གི་
ལྕམ་མོ་ཡུལ་ཁམས་ནི་རྨ་བྱའི་སྒྲོ་མདོངས། ཟ་འོག་གི་རི་མོ། གསེར་གྱི་ཐང་མ་བརྡལ་བ་བཞིན་མཛེས་ཤིང་ལྟ་ན་སྡུག་པ་དང༌།
དུད་འགྲོ་ཞིག་གི་ལོང་གའི་དབྱིབས་དང་མཚུངས་པའི་ལྕམ་མོ་དམར་ལུང་གི་ཁུགས་སོ་ན་ལྕམ་མོ་སྡེ་བ་ཆགས་ཤིང༌། དུད་ཚང་
སོ་སོའི་དུད་ཁུང་ན་དུ་བ་དཀར་པོ་ཞིག་སྔོ་ལིང་ལིང་འཕྱུར་བ་དང༌། སྡེ་དཔོན་ཚང་གི་གྱང་རྩ་ན་རྒད་པོ་རྒན་མོ་འགའ་ཉི་
མར་ལྡེ་བ་ལ་བལྟས་ན། དེ་རིང་ཡང་ཁོ་ཚོའི་ཁྲོད་ཀྱི་ཁ་བདེ་ལྕེ་བདེ་ཞིག་གིས་སྒྲུང་བཤད་རྒྱུ་ཡིན་པ་འདྲ། ཨ་ཁུ་འབྲུག་རྡང་
ལྕམ་མོ་ལ་ཁ་ནས་ནག་ཡོར་རེ་འགྲེང་སྟེ་ལྕམ་མོ་སྡེ་བའི་རྣམ་པ་ལ་ལྟ་བཞིན་ངལ་གསོ་ཡུད་ཙམ་བྱས། དེ་ནས་ཁྭ་ཏ་ཆད་པའི་
ལ་དགུ། སྐྱ་ཀ་ཆད་པའི་ཐུར་དགུ། གཡག་རོག་པོ་ཆད་པའི་སུལ་དགུ་ཟེར་བའི་ལྕམ་མོ་དམར་མོའི་རི་ལུང་ས་ཁུལ་བརྒྱུད་མགོ་
བརྩམས།
ཨ་ཁུ་འབྲུག་རྡང་ལམ་ཐག་ཅི་ཙམ་ལ་ཕྱིན་ཡོད་པ་ནི་མི་ཤེས་མོད། མཐོན་པོའི་རི་དང༌། གཟར་མོའི་བྲག སྟུག་པོའི་ནགས།
གྱ་གྱུའི་ཆུ་བོ་སོགས་རྒྱུན་ལྡན་གྱི་འཇིག་རྟེན་ཞིག་ལ་ཚང་བའི་དངོས་པོ་ཡོད་དོ་ཅོག་རྒྱབ་ཏུ་བསྐྱུར་ཏེ་ད་ནི་ཁོ་རང་འབའ་
མང་རའི་བྱེ་ཐང་དུ་སླེབས། མང་རའི་བྱེ་ཐང་ནི་ངོ་མ་ས་ཟད་པའི་བྱེ་མའི་ཐང་ཆེན་ཞིག་ཡིན་པ་དང༌། ཁྱོན་ཡངས་པའི་ཐང་
ཆེན་དེ་རུ་ཐ་ན་བགྲོད་ལམ་ངེས་ཅན་ཞིག་ཀྱང་མེད། གལ་སྲིད་ཨ་ཁུ་འབྲུག་རྡང་ལྕམ་མོ་དམར་ལུང་ན་སྐྱེས་མེད་པ་ཡིན་ན་
ཁོས་མང་རའི་བྱེ་ཐང་འདི་བརྒྱུད་དགོས་དོན་མེད་ལ་དཀའ་ཚེགས་འདི་འདྲ་ཡང་མྱོང་དགོས་དོན་མེད། བྱེ་མའི་ཐང་གི་རྐང་
ཐང་དཀའ་ཟེར་བ་ནི་ངོ་མ་རེད། ལྟོས་དང༌། ཁོའི་རྐང་འོག་ཏུ་སྲན་མ་གཏོར་བ་དང་མཚུངས་པར་སྔོན་ལ་གོམ་གང་སྤོས་ན་
ཕྱི་ལ་གོམ་ཕྱེད་འདྲེད་པས། དབྱར་ཟླ་དྲུག་པའི་ཉི་འོད་འོག་ནས་ཨ་ཁུ་འབྲུག་རྡང་གིས་ཇི་འདྲའི་དཀའ་ཚེགས་ཆེན་པོ་ཞིག་
མྱོང་བཞིན་ཡོད་ཨང༌། དེ་བས་ཁོའི་ཐོད་པའི་རྔུལ་ཆུ་གདོང་ཁུག་ཏུ་བཞུར་བ་དང༌། གདོང་གི་རྔུལ་ཆུ་གཉེར་མའི་ཤུར་མོ་རེ་
རེ་ནས་ལུས་པོ་ཡོངས་སུ་ཁྱབ་པས་ཨ་ཁུ་འབྲུག་རྡང་གི་ལུས་སྟེང་དུ་རླངས་པ་ཐུལ་ལེར་གྱུར།
སྐབས་དེར་ཨ་ཁུ་འབྲུག་རྡང་གི་ཡིད་ལ་ཆུ་དྲན་ཞིང་ཁོག་ཏུ་ཚ་བ་ཞིག་རྒྱས་པ་དང་ཚ་བ་དེ་སྙིང་ཁོང་བརྒྱུད་ནས་ཀླད་
པའི་གཙུག་ཏུ་ཟུག་པ་ན། དེ་ནི་མདང་དགོང་ཁོའི་ཀླད་གཙུག་ཏུ་རྒྱུགས་པའི་ཚ་རླབས་ལས་ཀྱང་སུམ་འགྱུར་གྱིས་ཆེ། ཁོས་ཚ་
བ་དེ་སྲོན་མ་ཐུབ་པར་ཡིད་ལ་འཚིག་པ་ཟོས། ཡང་གྲངས་ཀ་ཆེན་པོ་དེ་སེམས་སུ་དྲན་པས་དགའ་བ་ཞིག་རྒྱས། མང་རའི་བྱེ་
ཐང་གི་ལམ་ཐག་དྲན་པས་འགྱོད་པ་ཞིག་སྐྱེས། གང་ལྟར“སྟག་གི་མཇུག་མར་མི་འཇུ། འཇུས་པའི་ཉིན་མོར་མི་གཏོང”
ཟེར་བ་ཁོའི་མཇུག་མཐའི་ཆོད་སེམས་སུ་གྱུར།
ཉིན་གསུམ་གྱི་རྗེས་སུ། ཨ་ཁུ་འབྲུག་རྡང་གཞི་ནས་ཟི་ལིང་དུ་སླེབས། ཁོ་རང་ལོ་བཅོ་ལྔ་ཉི་ཤུ་ཙམ་ལ་ཟི་ལིང་དུ་ཡོང་མ་
མྱོང་བས་ད་ལྟའི་ཟི་ལིང་གི་རྣམ་པ་ནི་སྔོན་ཆད་ཀྱི་དེ་དང་ཡེ་ནས་མི་འདྲ། མཐོ་ཞིང་བརྗིད་པའི་ཁང་བརྩེགས། གྲོག་ཚང་
བརྡོལ་འདྲའི་མི་ཚོགས། ད་དུང་ལྕམ་མོ་སྡེ་བའི་བོང་བུ་ལས་ཀྱང་ལྡབ་འགྱུར་གྱིས་མང་བའི་རླངས་འཁོར་ཆེ་ཆུང་མང་པོ་
འཚུབ་ལོང་བྱེད་པ་འདིས་ཨ་ཁུ་འབྲུག་རྡང་མགོ་ཉོག་ཏུ་བཅུག་སྟེ་རེ་ཞིག་ཁོ་རང་གར་འགྲོ་ཆ་མེད་དུ་གྱུར།
ཨ་ཁུ་འབྲུག་རྡང་གིས་འདུ་འཛི་ཆེ་བའི་མི་ཚོགས་ལ་བལྟས་ཤིང་ཡིད་ལ་བློ་ཕམ་ཞིག་སྐྱེས་བྱུང༌། ཨ་ཙི། མི་ཚོགས་ནི་འདི་
ལྟར་མང༌། འདི་ལས་ངོ་ཤེས་ཤིག་ཕར་ཞོག ཐ་ན་འབྲོག་པ་
ཞིག་ཀྱང་མཐོང་མི་ཐུབ། དེ་བས་གླ་རྩི་སུ་ལ་འཚོང་…….
མུན་རུབ་ལ་ཉེ་བ་དང༌། རྒྱ་སྲང་གི་མི་ཚོགས་ཀྱང་ཇེ་ཉུང་དུ་གྱུར་ནའང༌། སྲང་ལམ་གཡས་གཡོན་གྱི་གློག་ཞུ་ཇེ་གསལ་དུ་སོང་
བས་ཉིན་དཀར་དང་གཉིས་སུ་མེད། ཨ་ཁུ་འབྲུག་རྡང་ད་དུང་གླ་རྩི་ཉོ་མཁན་ཞིག་ལ་མ་ཕྲད། དེ་བས་ཁོ་རང་འགྲུལ་རྩིས་ཤིན་
ཏུ་ཆེ་བའི་མགྲོན་བདག་ཅིག་གི་རྗེས་དེད་ནས་སྒེར་གཉིར་མགྲོན་ཁང་ཞིག་ཏུ་སོང༌།
ཕྱི་ཉིན་ནམ་གསལ་བ་ནས་ཁོ་རང་ཁྲོམ་སྲང་དུ་འོངས་ཏེ་གླ་རྩི་ཉོ་མཁན་བཙལ། ཡིན་ན་ཡང་དགོང་མོའི་རྒྱང་མིག་ཆད་
རག་བར་དུ་གླ་རྩི་ཉོ་མཁན་ཞིག་མ་རྙེད། དེ་ལྟར་ཉིན་བཞི་ལྔ་ཙམ་འགྱངས་ན་ཡང་ཁོ་ད་དུང་གླ་རྩི་ཉོ་མཁན་ཞིག་ལ་མ་ཕྲད།
སྐབས་དེར་ཁོའི་ཡིད་ལ་རེ་ཐག་ཆད་ཅིང་ལམ་འགྲམ་གྱི་སྡོང་རྒན་ཞིག་ལ་རྒྱབ་བསྙེས་ཏེ་ངལ་གསོ་བྱས།
“ཝེ-”
ཨ་ཁུ་འབྲུག་རྡང་གི་རྣ་བར་ཉན་ནོར་བྱུང་བ་མིན་ན། ཁོས་རྒྱབ་ཕྱོགས་སུ་འབོད་སྐད་ཅིག་ཐོས།
“ཨ་ཁུ། ཁྱེད་ཀྱིས་གླ་རྩིའི་དངོས་རྫུན་འབྱེད་ཨེ་ཤེས། ”
ཁོས་མྱུར་དུ་མགོ་བོ་ཕྱིར་འཁོར་ཏེ་བལྟས་པ་ན་དེ་ནི་ཧོས་ཕྲུག་བོད་སྐད་ཤེས་པ་ཞིག་རེད། སྐད་ཆ་འདི་ནི་ཨ་ཁུ་འབྲུག་
རྡང་ལ་མཚོན་ན་ཅི་འདྲའི་རིན་ཐང་ལྡན་པ་ཞིག་རེད་ཨང༌། སྤྱིར་དེ་ནི་བོད་སྐད་ཤེས་མཁན་ཞིག་ཡིན་པས་དགའ། སྒོས་སུ་
གླ་རྩི་ཉོ་མཁན་ཞིག་ཡིན་པས་སྐྱིད་པ་ལ་སྙམ་སོང༌།
“ལོས་ཤེས། མཚེར་ཁྲག་བསྲེས་ཡོད་མེད་ལ་བརྟག་དགོས”ཨ་ཁུ་འབྲུག་རྡང་གིས་ལུས་ཀྱིས་རྣམ་འགྱུར་སྟོན་བཞིན་
སྨྲས།
“འོ། དེས་ན་འགྲིག་སོང༌། ངས་གླ་རྩི་འགའ་ཉོ་དགོས་པས་དངོས་རྫུན་འབྱེད་མི་ཤེས། ཁྱོད་ཕ་གིའི་ཚོང་པ་དང་ངེད་
གཉིས་ཀྱི་བར་འདུག་བྱོས། གལ་སྲིད་ཚོང་འགྲིག་ཚེ་ངེད་གཉིས་ཀྱིས་ཁྱེད་ལ་བར་ཁེ་སྟེར། ཨ་ཁུ་ལེ་ལེ། རོགས་ཤིག་བྱོས། ཨ།

ཁོའི་གདོང་ལ་ཤ་འགུལ་ཞིག་རྒྱུགས། ལུས་ཡོངས་སུ་ཚ་བ་ཞིག་རྒྱས་ཤིང་ཚ་བ་དེ་དག་ལྷན་ཅིག་ཏུ་འདུས་ཏེ་ཀླད་དཀྱིལ་
དུ་ཟུག་པ་ན་ཀླད་པ་ཡོངས་རྫོགས་ཚ་ལམ་ལམ་དུ་གྱུར།
“བར་ཁེ། དེ་མི་དགོས། ཨིན____”
“ཅི་རེད། རོགས་ཤིག་བྱེད་དགོས་པ་མིན་ནམ” ཧོས་ཕྲུག་གིས་ཨ་ཁུ་འབྲུག་རྡང་ཐེ་ཚོམ་གྱི་དཔྱངས་ཐག་ལ་འཕྱང་
བ་མཐོང་ནས་མྱུར་དུ་ཁོའི་ཁ་ཕྲོགས་ཏེ་མིག་ཟུང་རིག་རིག་ཏུ་གཡོ་བཞིན་དྲིས།
“ཨིན____ང་ལ་ཡང་གླ་རྩི་གཉིས་ཡོད། རེ་རེར་སྒོར་ཉིས་སྟོང་རེ། བསྡོམས་པས་བཞི་སྟོང༌། དེའི་མན་ལ་སྐར་གང་ཡང་
མི་ཕབ། ”
“ཨ་ཧ་ཧ། ངས་ངོ་མ་ཁྱོད་ལ་རོགས་འདྲ་བྱེད་དགོས་པར་སྙམ། གླ་རྩི་ཉོ་རྒྱུ་དེ་ངའི་བྱ་བ་ཡིན། བཞི་སྟོང་མ་དགོས་ལྔ་་་་་་ཨ། ད་རེད་ད་རེད། ཐོག་མར་ཁྱོད་ཀྱིས་ང་ལ་རོགས་ཤིག་བྱོས།”
ཨ་ཁུ་འབྲུག་རྡང་དང་ཧོས་ཕྲུག་གཉིས་ཕ་གིའི་ཚོང་པ་དེའི་གམ་དུ་བཅར། ཨ་ཁུ་འབྲུག་རྡང་གིས་ཚོང་པ་དེའི་ལག་གི་གླ་
རྩི་བླངས་ཏེ་ཐོག་་མར་སྐྱི་པགས་སྟེང་དུ་མཛུབ་མོས་ཐག་ཐག་འགའ་བརྡུངས། དེ་ནས་སྣ་མདོར་ཁྱེར་ཏེ་སྣོམ་སྣོམ་འགའ་བྱས།
མཐའ་མར་ཁོས་རུམ་གྱི་རྭ་ཙེའི་ཚགས་ཐུར་བླངས་ཏེ་རྩི་མ་འགའ་ཕྱིར་དྲུས་ཏེ་ཞིབ་ལྟ་ཞིག་བྱས་རྗེས“རྫུན་མ་མ་རེད”
ཅེས་ཐག་བཅད།
ཧོས་ཕྲུག་དང་ཚོང་པ་གཉིས་ཀྱིས་ལག་པ་ཕུ་ཐུང་དུ་དྲངས་ཏེ་མགོ་བོ་ཐད་དུ་གཡུགས། ནང་དུ་གུག ཐད་དུ་གཡུགས།
སླར་ཡང་ནང་དུ་གཅིག་གུག་སྟེ་ཚོང་པས་གླ་རྩི་ཧོས་ཕྲུག་ལ་བྱིན། ཧོས་ཕྲུག་གིས་སྒོར་བརྒྱ་ཤོག་ཅན་བཅོ་བརྒྱད་ཚོང་པར་བྱིན་
ནས་རེ་རེས་སྒོར་བརྒྱ་ཤོག་མ་རེ་ཨ་ཁུ་འབྲུག་རྡང་ལ་གཏད།
“འདི་……འདི་ནི་ཅི་ཡིན། ”
“ཨ་ཁུ། སྐྲག་མི་དགོས། བར་ཁེ། ”
“མི་དགོས། ལེན་ན་ཨ་མ་ལྕམ་མོ། འདི་ཙམ་ལ་སྒོར་ཉིས་བརྒྱ་བླངས་ན་ལས་རྒྱུ་འབྲས་ལ་མི་རན། ” “ཨ་ཁུ། འདི་
ནི་ཚོང་པའི་ལུགས་སྲོལ་རེད། ” ཨ་ཁུ་འབྲུག་རྡང་གི་ལག་ཏུ་སྒོར་ཉིས་བརྒྱ་དེ་མི་དགོས་བཞིན་དུ་བརྫངས་པས། ཁོའི་
སེམས་སུ་ཚོང་ཟེར་པ་ནི་འདི་འདྲའི་སྐྱིད་པོ་ཞིག་མིན་ན་ཇི་འདྲ་ཡིན་སྙམ་ཞིང༌། ལུས་ཡོངས་སུ་ཚ་རླབས་ཤིག་རྒྱས། ཚ་རླབས་
དེ་དག་གཅིག་ཏུ་འདུས་ཏེ་ཀླད་དཀྱིལ་དུ་རྒྱུགས་པ་ན། ཀླད་པ་ཡོངས་རྫོགས་ཚ་ལམ་ལམ་དུ་གྱུར།
“ཡ། ད་ཁྱོད་ཀྱི་གླ་རྩི། ངས་ཅིག་ལྟ། ”ཧོས་ཕྲུག་གིས་དེ་ལྟར་ལབ་བཞིན་ལག་པ་ཚུར་བསྲིངས། ཨ་ཁུ་འབྲུག་རྡང་གིས་
གླ་རྩི་ཧོས་ཕྲུག་གི་ལག་ཏུ་བཞག་རྗེས། མཛུབ་མོ་བཞི་བསྟན་ཏེ་“འདིའི་མན་ལ་སྐར་གང་ཡང་མི་ཕབ”ཅེས་བཤད།
“རིན་གོང་འུ་གཉིས་ཀས་གཏམ་ཆོག་མོད། གཙོ་བོ་དངོས་རྫུན་འབྱེད་རྒྱུ་དེ་རེད། དེས་ན་ཡང་བར་འདུག་ཅིག་འཚོལ་
དུ་འགྲོ་དགོས། ད་གང་ལ་འགྲོ” ཧོས་ཕྲུག་གིས་རེ་ཞིག་བསམ་བློ་བཏང༌།
“རྫུན་མ་ཡིན་ཚེ་ང་ལ་རིན་མི་དགོས། གླ་རྩི་གཉིས་ཀ་ང་རང་གིས་ལྕགས་རྙི་བཙུགས་ཏེ་བཟུང་བ་ཡིན”ཨ་ཁུ་འབྲུག་
རྡང་གིས་ཤིན་ཏུ་གཟབ་ནན་གྱིས་བཤད།
“འདི་ནི་ཚོང་པའི་ལུགས་སྲོལ་རེད། ཨ་ཁུ། ”
ཧོས་ཕྲུག་དང་ཨ་ཁུ་འབྲུག་རྡང་གཉིས་སྲང་ལམ་བརྒྱུད་དེ་བར་བ་འཚོལ་དུ་ཕྱིན། ཁོ་གཉིས་སོང་སོང་བས་ད་གཟོད་སྲང་
ལམ་དོག་མོ་ཞིག་ཏུ་སླེབས་ཤིང༌། དེ་ན་ལམ་འགྲོ་བ་འགའ་རེ་ལས་མི་ཚོགས་ཀྱང་མང་པོ་མི་འདུག ཁོ་གཉིས་འགྲོ་ཞོར་དུ་ཧོས་
ཕྲུག་གིས་ཨ་ཁུ་འབྲུག་རྡང་ལ་གླ་རྩིའི་དངོས་རྫུན་ཇི་ལྟར་འབྱེད་པའི་བློ་ཐབས་དྲིས། ཨ་ཁུ་འབྲུག་རྡང་གིས་བར་བ་གང་དུ་
འཚོལ་བ་དང་ཇི་འདྲ་ཞིག་འཚོལ་རྒྱུ་དྲིས། བོད་པ་ཞིག་བཙལ་ན་ཁྱོད་བོད་ཡིན་པས་དྲང་གཏམ་མི་བཤད། དེ་བས་ཚོང་
བདག་རྒྱ་དང་ཧོས་ཧོས་ཡིན་ན་བར་བ་བོད་བཙལ་དགོས། ཚོང་བདག་བོད་ཡིན་ན་བར་འདུག་རྒྱའམ་ཧོས་ཧོས་བཙལ་
དགོས། དེ་ནི་ཚོང་པའི་ལུགས་སྲོལ་ཡིན། མཇུག་མཐར་ཁོ་གཉིས་ཀས་བར་བ་ཅིག་རྙེད་སོང༌། དེ་ནི་ཏག་ཏག་རྒྱའམ་ཧོས་ཧོས་
ཤིག་རེད།
བར་བས་གླ་རྩིར་འཕུར་འཕུར་འགའ་བྱས། མཛུབ་མོས་གནོན་ཙམ་བྱས་ཏེ་མགོ་བོ་ནང་དུ་གཅིག་གུག་སྟེ་གླ་རྩི་ཨ་ཁུ་
འབྲུག་རྡང་ལ་བྱིན། ཁོས་ཧོས་ཕྲུག་གི་ལག་ཏུ་བཞག་སྟེ་མཛུབ་མོ་བཞི་སྟོན་བཞིན“འདིའི་མན་ལ་སྐར་གང་ཡང་མི་ཕབ”
ཅེས་བཤད།
ཧོས་ཕྲུག་དགོད་བཞིན“སྤྱིར་ཚོང་ཕུ་རུང་ནང་ནས་གཏམ་དགོས་ཀྱང༌། ཁྱོད་ནི་ང་ལ་དྲིན་ཆེན་ཡིན་པས་ཁྱོད་ཀྱིས་ཅི་
བཤད་ན་ངས་དེ་སྟེར”ཟེར་བཞིན་སྐེད་ཀྱི་སྒོར་ཁུག་བླངས་ཏེ་སྒོར་མོ་རྩིས། ཡུད་ཙམ་ནས་ཧོས་ཕྲུག་ན་རེ“འདི་ན་སྒོར་
བཞི་སྟོང་འདང་མི་འདུག ཁྱོད་ཀྱིས་དངོས་གནས་སྐར་གང་ཡང་མར་མི་ཕབ་ན……ད་ཅི་བྱེད”ཡང་ཧོས་ཕྲུག་གི་
བསམ་བློ་རེ་ཞིག་བཏང་རྗེས་སླར་ཡང་བློ་ཐབས་གསར་བ་ཞིག་རྙེད་པ་ནང་བཞིན“དེས་ན་འདི་ལྟར་བྱེད་པ་ལས་ཐབས་
མེད། ངས་སྒོར་ཁུག་བར་བའི་ལག་ལ་འཇོག ཁྱོད་གཉིས་ཀྱིས་འདི་ནས་ཅུང་ཟད་སྒུགས་དང༌། ཕ་གི་ན་ང་ལ་ཚོང་པ་ངོ་ཤེས་
ཤིག་ཡོད། ངས་དེའི་ལག་ནས་སྒོར་མོ་བསྐྱིས་ཆོག ཁྱོད་གཉིས་འདི་ནས་གང་དུ་ཡང་མ་འགྲོ་ཨ” ཧོས་ཕྲུག་གི་གདོང་ལ་
བྲེལ་འཚུབ་ཀྱི་ཉམས་ཤིག་ཤར།
“ཡ། དེ་བྱོས་དེ་བྱོས། ཁྱོད་མྱུར་མོར་ཤོག ད་ས་ཡང་རུབ་ལ་ཉེ”ཨ་ཁུ་འབྲུག་རྡང་གིས་དེ་ལྟར་བཤད་བཞིན་སྨ་ར་
བྱིལ་བྱིལ་བྱས།
ཧོས་ཕྲུག་གིས་གླ་རྩི་ཁྱེར་ཏེ་ཕ་གིའི་ཕྱོགས་སུ་མདའ་འཕངས་པ་ལྟར་བརྒྱུགས་སོང༌། ཨ་ཁུ། འབྲུག་རྡང་དང་བར་འདུག་
གཉིས་སྲང་ལམ་དེ་ནས་འགུལ་ཙམ་ཡང་མ་བྱས་པར་ཧོས་ཕྲུག་ལ་བསྐུགས། དུས་ཚོད་གཅིག གཉིས། ད་ནི་དུས་ཚོད་གསུམ་
ཙམ་ཡང་འགོར་ལ་ཉེ། ཁོ་ད་དུང་མི་སླེབས།
“ཨ་རོག ཁྱོད་ཀྱི་ཚོང་གྲོགས་ད་དུང་མི་སླེབས། ད་ང་འགྲོ་རན་སོང༌། ཡ། ཁེ་བྱིན”པར་བ་སུན་སྣང་ཞིག་སྐྱེ་བཞིན་
དེ་ལྟར་ལབ།
“བར་ཁེ”ཨ་ཁུ་འབྲུག་རྡང་ལ་དོགས་སྣང་ཞིག་སྐྱེས་སོང༌།
“འོ་ལེ། དེ་ནི་ཚོང་པའི་ལུགས་རེད། ”
“སྒོར་བརྒྱ་ཨེ”ཨ་ཁུ་འབྲུག་རྡང་གིས་བར་ཁེ་ཡོངས་རྫོགས་སྒོར་བརྒྱ་ཡིན་ནམ་སྙམ་སྟེ། ད་ཅི་རང་གིས་བླངས་པའི་
སྒོར་ཉིས་བརྒྱ་དེ་ལས་བརྒྱ་བར་བ་ལ་གཏད།
བར་བ་དགོད་བཞིན་དུ“བར་ཁེ་བརྩི་ཚུལ་དེ་ལྟར་མིན། སྤྱིར་དུས་ཚོད་སྐར་མ་གང་ལ་བར་འདུག་བྱས་ན་ཕྱོགས་
གཉིས་ཀྱིས་སྒོར་གཅིག་རེ་ཡིན། དེས་ན་དོ་ནུབ་ཁྱོད་ཀྱི་ཚོང་རོགས་མི་འདུག་པའི་ཆ་དེ་ཁྱོད་ཀྱིས་ཁུར་ན། དུས་ཚོད་སྐར་མ་
རེར་སྒོར་གཉིས། ད་ལྟ་ཕལ་ཆེར་དུས་
ཚོད་གསུམ་ཙམ་འགྱངས་ཟིན་པས་ཁྱོན་སྡོམ་སྒོར་སུམ་བརྒྱ་དྲུག་ཅུ། དེའི་མན་ལ་སྐར་གང་ཡང་མི་ཕབ”ཅེས་ངར་གྱིས་
སྨྲས།
“ཨ”ཨ་ཁུ་འབྲུག་རྡང་ཧ་ལས་སོང༌། དེ་བས་ཁོ་གཉིས་ཀྱི་བར་དུ་དང་པོ་ཁ་རྩོད་བྱུང༌། དེ་ནས་ལག་འཐབ་ཅིག་ཀྱང་
བྱུང་མོད། གང་ལྟར་བར་བས་ལས་རྒྱུ་འབྲས་ཀྱི་སྐད་ཆ་རྐྱང་རྐྱང་བཤད་བྱུང་བས་ད་གཟོད་ཨ་ཁུ་འབྲུག་རྡང་གིས་ཁོའི་ཐོང་
ག་ནས་མི་ལྷོད་ཀ་མེད་བྱུང༌།
“ཨ་ཁུ། ཁྱོད་ཀྱིས་ལས་རྒྱུ་འབྲས་ཀྱི་སྐད་ཆ་ཤོད། ངས་ཁྱོད་དང་ཁྱོད་ཀྱི་ཚོང་རོགས་གཉིས་ཀ་ཡང་ངོ་མི་ཤེས། ངས་གླ་
རྩིའི་དངོས་རྫུན་ལ་བརྟགས་རྗེས་ཕྱིར་ཁྱོད་ལ་སྤྲད། དེ་ཨེ་བདེན། གླ་རྩི་ཁྱོད་ཀྱིས་རང་གི་ཚོང་རོགས་ལ་བྱིན་པ་ལས་ངས་བྱིན་
པ་མིན། ད་མང་པོ་ལབ་དོན་མེད། འདི། སྒོར་ཁུག་འདི་ཁྱོད་ལ་སྟེར། བར་ཁེ་སྐར་གང་ཡང་མར་མི་ཕབ”བར་བས་གནས་
ལུགས་ལྡན་པའི་སྐད་ཆ་ཆུ་བཞུར་བཞུར་བྱས་ནས་བཤད།
ཨ་ཁུ་འབྲུག་རྡང་གི་སེམས་སུ། སྒོར་ཁུག་ང་ལ་བྱིན་ན་བར་ཁེ་སྟེར་དགོས་ཀྱང་སྐྱོན་མི་འདུག མ་མཐའ་ཡང་སྒོར་ཁུག་
འདིའི་ནང་ན་སྒོར་སུམ་སྟོང་ཡོད་ངེས་རེད། དེ་བས་ཨ་ཁུ་འབྲུག་རྡང་གིས་རུམ་ནས་སྒོར་སུམ་བརྒྱ་དྲུག་ཅུ་རྩིས་ཏེ་བར་བ་ལ་
བྱིན། བར་བས་ཧོས་ཕྲུག་གི་སྒོར་ཁུག་ཨ་ཁུ་འབྲུག་རྡང་ལ་བྱིན་རྗེས། བར་བ་འཕྲལ་དུ་མི་ཚོགས་ཀྱི་ཁྲོད་ནས་གར་སོང་ཆ་མེད་
དུ་གྱུར།
ད་ལྟ་ཤུལ་དུ་ལུས་ཡོད་པ་ནི་ཨ་ཁུ་འབྲུག་རྡང་གཅིག་པུ་རེད། གང་ལྟར་གླ་རྩི་དེ་གཉིས་སྒོར་བཞི་སྟོང་ལ་བཙོང་མ་ཐུབ་
ཀྱང་སུམ་སྟོང་ལ་བཙོངས་ཡོད་སྙམ་བཞིན་སྒོར་ཁུག་གི་ཟྭ་སྒྲོག་འཐེན།
ཨ་ཙི། སྒྱུ་མ་མཁན་གྱི་འཕྲུལ་ཟེར་བ་ནི་འདི་མིན་ན་གང་ཡིན། སྒོར་ཁུག་ནང་གི་སྒོར་མོ་ཡོད་ཚད་ཤོག་གུ་རྐྱང་རྐྱང་དུ་
གྱུར་འདུག
མཚན་མོ་དེར་ཨ་ཁུ་འབྲུག་རྡང་གཉིད་གཏན་ནས་མ་ཁུག ཁོ་མལ་ལས་ཕར་འཁོར་ཚུར་འཁོར་བྱས། ད་དུང་གཉིད་མ་
ཁུག ཁོས་རྭ་ཙེ་བླངས་ཏེ་དུ་བ་རྔུབ་འཐེན་བྱས་པས་ཁང་མིག་ཏུ་དུད་དྲི་ཐུལ། མགྲོན་བདག་འོངས་ཏེ་གཤེ་གཤེ་འགའ་བཏང་
བ་མིན་ན་ཁོས་ད་དུང་མུ་མཐུད་དུ་འཐེན་རྩིས་ཡོད། ད་ལྟའི་དུས་སུ་ཁོའི་ཀླད་དཀྱིལ་གྱི་ཚ་རླབས་དེ་སྐད་ཅིག་དེ་ཉིད་ལ་ལུས་
ཡོངས་སུ་གྱེས་ཤིང་མཐར་གར་ཡོད་རྗེས་མེད་དུ་གྱུར་ན་ཡང༌། ་ ཁོའི་སྙིང་ཁོང་ན་ཡོད་པ་ཐམས་ཅད་ཞེ་སྡང་རེད། གལ་སྲིད་
ཧོས་ཕྲུག་དེ་ཁོའི་ལག་ཏུ་ཟིན་ཚེ་སྙིང་གསོན་པོ་དམར་ལེན་བྱ་རྒྱུར་ཐེ་ཚོམ་མི་འདུག ཡིན་ན་ཡང༌། ཟི་ལིང་ན་མི་ཚོགས་འདི་
འདྲ་མང་བས། ཁོ་རང་གང་དུ་འཚོལ་བར་འགྲོ་འམ་……
ཨ་ཙི། ཨ་ཁུ་འབྲུག་རྡང་གིས་ཐབས་ལམ་ཞིག་རྙེད་སོང༌། ཐབས་ལམ་དེ་ནི་ཇི་འདྲའི་ཐབས་མཆོག་ཅིག་རེད་ཨང༌། དེ་ལྟར་
ཡིན་ན་ཧོས་ཕྲུག་འཛིན་མི་ཐུབ་པའི་ངེས་པ་ཡང་མེད་པས་ཁོའི་སེམས་ལ་དགའ་སྤྲོ་མི་སྐྱེས་ཅི་ལ་སྲིད།
ཕྱི་ཉིན་ཁོས་སྤྱི་བདེ་ལས་ཁུངས་བཙལ། སྟབས་ལེགས་པར་གཤིས་རྒྱུད་དྲང་ཞིང་ངང་རྒྱུད་འཇམ་པའི་འབྲོག་པ་ཞིག་གི་
རོགས་སྐྱོར་འོག་ཁོས་སྤྱི་བདེ་ལས་ཁུངས་ཤིག་རྙེད། དེ་བས་ཨ་ཁུ་འབྲུག་རྡང་གིས་རང་གི་ལོ་རྒྱུས་དང༌། ཧོས་ཕྲུག་གི་ཚུགས་ཀ
གཟུགས་བྱད། ལོ་ཚོད། ཐ་ན་ལུས་སྟེང་གི་ལྭ་བའི་ཁ་དོག་དང་བཅས་པ་འབྲོག་པ་དེའི་ལོ་ཙཱ་བརྒྱུད་དེ་བཤད།
“ཡ། གླ་རྩི་དེ་གཉིས་ཁྱོད་ཀྱིས་གང་ནས་ཁྱེར་ཡོང”སྤྱི་བདེ་ལས་ཁུངས་ཀྱི་འདྲི་རྩད་པས་དི་ལྟར་དྲིས།
“ང་རང་གིས་རྙི་བཙུགས་ཏེ་བཟུང་བ་ཡིན། ང་ཚོའི་ས་ཆ་ན་ཅི་ཡོད་གླ་ཡོད། ” .
སྤྱི་བདེ་མི་སྣ་རྣམས་ཁོ་ཚོའི་མགོ་བོ་ཕྱོགས་གཅིག་ཏུ་གཏུགས་ཏེ་ཤབ་ཤུབ་འགའ་སྨྲས་རྗེས་ཡང་འདྲི་རྩད་པ་དེས་ཁོའི་ཕ་
ཡུལ་གྱི་ས་མིང་སོགས་གསལ་བོར་དྲིས།
“ xxxརྫོངXXXཞང་ལྕམ་མོ་སྡེ་བའི་ཨ་ཁུ་འབྲུག་རྡང་ཞེས་དྲིས་ན་མི་ཤེས་མཁན་མེད”ཅེས་ཨ་ཁུ་འབྲུག་རྡང་གིས་ལན་
བཏབ།
“ཡ། ཉིན་བཅོ་ལྔའི་བཀག་ཉར། སྒོར་ལྔ་བརྒྱའི་ཆད་པ། བྱེ་བྲག་གི་རྩད་གཅོད་བྱ་བ་ང་ཚོསXXXརྫོང་སྤྱི་བདེ་ཅུས་ལ་
འབྲེལ་གཏུག་བྱེད་རྒྱུ། གླ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་ཀྱི་རི་སྐྱེས་སྲོག་ཆགས་ཡིན་པ་ཁྱོད་ཀྱིས་ལོས་ཤེས”འདྲི་
རྩད་པས་དེ་ལྟར་ཁྱབ་བསྒྲགས་བྱེས།
“ཨ”ཨ་ཁུ་འབྲུག་རྡང་ཧ་ལས་སོང༌། ཁོས་ད་གཟོད་ལྕམ་མོ་དམར་ལུང་གི་གླ་གསོད་མི་ཉན་པའི་གནས་ལུགས་དེ་
ཐོས།
ཉིན་བཅུ་དྲུག་འདས་རྗེས། ཨ་ཁུ་འབྲུག་རྡང་ཟི་ལིང་གིXXXསྤྱི་བདེ་ལས་ཁུངས་ཤིག་གི་སྒོ་ཁ་ནས་མངོན། ད་ལྟ་ཁོའི་ལུས་
སྟེང་དུ་སྒོར་རྡོག་གཅིག་ཀྱང་མེད་པར་མ་ཟད། ད་དུང་སྤྱི་བདེ་ལས་ཁུངས་ལ་སྒོར་བཞི་བརྒྱ་ལྔ་བཅུའི་དོམ་ཆད།
གཉིས། དགེ་བོའི་མཇུག་མཐའི་དགའ་གྲོགས།
ཉིན་འདི་དག་ལ། སྡེ་དཔོན་ཚང་གི་གྱང་རྩ་ན་ཉི་མར་ལྡེ་མཁན་རིམ་གྱིས་ཇེ་ཉུང་དུ་སོང་སྟེ། མི་རྣམས་ཀྱི་གླེང་གཞི་ནི་ཨ་
ཁུ་འབྲུག་རྡང་གི་ཐོག་ལ་འཁོར་ནས། ཨ་ཁུ་འབྲུག་རྡང་ཟི་ལིང་དུ་སོང་བ་དེ་ཨ་ནེ་ལད་བོས་ཁ་གཡར་བ་ཙམ་ལས་དོན་དུ་འདྲེ་
རྐང་ཏོས་ཁྲིད་སོང་ཞེས་རྗོད་ཀྱིན་འདུག
སྐབས་འདི་དག་ལ། ཨ་ཁུ་སྡེ་དཔོན་དངོས་འབྲེལ་བྲེལ་བ་ཆེ་སྟེ། གོང་རིམ་ནས་སྤྱི་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ནས་ལྕམ་མོ་
གཞུང་ལམ་དངོས་སུ་ལས་མགོ་རྩོམ་རྒྱུ་ཡིན་པས་མ་དངུལ་རང་གྲབས་ཀྱི་ཚབ་ཏུ་ངལ་རྩོལ་པ་མངགས་དགོས་པའི་བཀའ་ཕབ་
པ་དང༌། སྡེ་གཞུང་ནས་ན་ནིང་ཁ་སྨད་དང་རྩྭ་ས་རྩོད་གླེང་གི་མཇུག་ད་དུང་སྡོམ་མེད་པས་སང་ཉིན་ལྕམ་མོ་སྡེ་བ་དམག་
ཚོགས་ཇི་ལྟར་རྒྱག་པའི་གྲོས་སྡུར་བྱེད་བཞིན་ཡོད་པ་དང༌། ཡང་སྔགས་འཆང་རྣམས་ཀྱིས་འདྲེ་རྐང་ཏོ་ད་ལྟ་ལྕམ་མོ་སྡེ་བར་
སླེབས་ཡོད་པས་མྱུར་བ་མྱུར་དུ་འདུལ་ཐབས་མ་བྱས་ཚེ། སླད་ནས་སློབ་དཔོན་དངོས་སུ་བྱོན་ཡང་འདུལ་མི་ཐུབ་ཚུལ་སྨྲས་པ་
དང༌། རྒད་པོ་རྣམས་ཀྱིས་ཨ་མ་ལྕམ་མོ་ནི་མི་རིང་གསུམ་གྱི་མི་རྒྱུད། ལྷ་རིང་གསུམ་གྱི་ལྟ་རྒྱུད་ཡིན་པས་དེའི་གསང་ལམ་
བཤིག་རྒྱུ་ཟེར་ན་ཡང་ལུས་འདོམ་གང་བོ་འབེན་ལ་འཇོག་དགོས་ཀྱང་འཇོབ་ཐུབ་ཅེས་ཁ་ཕོ་སྒྲོགས་ཀྱིན་ཡོད་པས་ཨ་ཁུ་སྡེ་
དཔོན་ལ་ངོ་མ་ཁག་མི་འདུག
དོ་ནུབ། ལྕམ་མོ་སྡེ་བ་ནམ་རྒྱུན་དང་མི་མཚུངས་པར་ཟང་ཟིང་ཧ་ཅང་ཆེ། མ་ཎི་ཁང་དུ་འཁར་རྔ་དང༌། སྦུབ་ཆ། ཌ་རུ་
སོགས་ཀྱི་སྒྲ་འཚུབ་མོ་ཞིག་བང་བང་དུ་གྲགས་པ་དང༌། ལྕམ་མོ་ལ་ཁའི་འགག་སྒོ་ན་ཕོ་གསར་རྣམས་ཀྱི་ལག་ཏུ་རྡོ་དང་དབྱུག་
པ། མདའ་མདུང་འུར་ཆ་སོགས་བཟུང་སྟེ་ཁ་སྨད་ཕྱོགས་སུ་སོ་མྱུལ་བྱས་ཡོད། ཨ་ཁུ་སྡེ་དཔོན་ཚང་ན་ལྕམ་མོ་སྡེ་བའི་རྒད་པོ་
རྒན་མོ་ཚོའི་བར་དུ་རྩོད་གཞི་བྱུང་སྟེ། གཅིག་ཁ་གཅིག་གིས་མི་ལོན་པའི་གནས་སུ་ལྷུང༌།
ཨ་ཁུ་སྡེ་དཔོན་ངོ་མ་འུ་ཐུག་ཐབས་ཟད་དུ་གྱུར་ཏེ་སྡེ་བའི་རྒད་པོ་ཚོའི་གྲོས་ཐག་བཅད་པ་ལྟར་མི་སྒྲུབ་ཀ་མེད་བྱུང༌། སྡེ་
བའི་རྒད་པོ་ཚོ་གཅིག་རྒྱལ་གཉིས་ཕམ་གྱིས་ཁ་རྩོད་བྱས་མཐར་ད་གཟོད་གྲོས་ཐོག་གཅིག་ཏུ་བབས་ཏེ། ཨ་མ་ལྕམ་མོའི་གསང་
ལམ་བཤིག་རྒྱུ་ཟེར་ན་རོ་ཐོག་ཏུ་རོ་འཇོག་དགོས་ཀྱང་འཇོག་རྒྱུ་ཡིན་པ་དང༌། ལྕམ་མོ་སྡེ་བའི་དམག་ཁ་སྨད་དུ་མི་འགྲོ་བར་
ལྕམ་མོ་ལ་ཁའི་འགག་སྒོ་ནས་ཟླ་གཅིག་འགྱངས་ཀྱང་སྒུག་དགོས་ཤིང༌། རེབ་འདིའི་སྡེ་དམག་ཏུ་མ་ཞུགས་པ་རྣམས་ཕ་ཚབ་
བུས་མི་ཆོག བུ་ཚབ་ཕ་མི་རུང༌། སུ་མེད་ན་སུ་ལ་གཅིག་མཐུན་གྱིས་ཉིན་རེར་སྒོར་བཅུ་རེའི་ཆད་པ་གཅོད་རྒྱུ་ཟེར།
ཕལ་ཆེར་ནམ་གུང་ཡོལ་ཟིན། མ་ཎི་ཁང་གི་རྔ་སྦུབ། ཌ་རུའི་སྒྲ་དང༌། དེ་དང་བསྡོངས་པའི་འདོན་དབྱངས་སྙན་མོ་དེ་ད་དུང་
གྲག་གིན་འདུག
“ཨོ-”
སོང་ཞིག་སོང་ཞིག་ད་སོང་ཞིག གལ་ཏེ་བཀའ་ལ་མི་ཉན་ན། གདུགས་དཀར་ལྷ་ཚོགས་ཐུགས་ཁྲོས་ཏེ་……”སྐབས་དེར།
སྔགས་འཆང་རྣམས་ཀྱིས་མདུན་དུ་ཤིང་གཞོང་ཆེན་པོ་ཞིག་བཞག་ཅིང༌། དེའི་ནང་དུ་རྩམ་པས་བཟོས་ཤིང་མར་རྒྱན་བཏང་
བའི་ལྷ་ཚོགས་ཆེ་ཆུང་ཉིར་གཅིག་ཙམ་བཞུགས་སུ་གསོལ། ཆོས་སྐྱོང་གཏོར་མ་དང་གཞི་བདག་གཏོར་མ་བགྲང་བས་ཉེར་
གསུམ། ད་དུང“མི་ཟ་དགུ་ཟ”ཟེར་བའི་རྩམ་པའི་མཛོ་ཞིག་ལ་དར་ཚོན་སྣ་ལྔའི་ཟ་ཟེད་བཏགས་ཤིང་རིན་པོ་ཆེའི་ཁལ་
ཐེག་ཚད་བཀལ་བ་བཅས་ཁ་ནུབ་ཕྱོགས་སུ་གཏད་དེ་འདོན་དབྱངས་སྙན་མོའི་ཀློང་དུ་འབྱམས་འདུག
སྡེ་དཔོན་ཚང་གི་ཚོགས་འདུ་དེ་གྲོལ་སོང༌། རྒད་པོ་རྒན་མོ་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་མ་ཎྀ་ཁང་གི་ཕྱོགས་སུ་
སོང༌། འདུ་ཁང་ཆེན་མོའི་རྡོ་ཐེམ་གྱི་ཞོལ་ན་གྲལ་བསྒྲིགས་ཏེ་གཏོར་མ་ནམ་འཕེན་ལ་ངང་སྒུག་བྱས་འདུག
འཁར་རྔ། སྦུབ་ཆ། ཌ་རུ། དེ་དང་བསྡོངས་པའི་འདོན་དབྱངས་བཅས་རིམ་གྱིས་འཇགས་པ་ན་ད་གཟོད་འདྲེ་འདུལ་གྱི་
ཆོ་ག་ཕལ་ཆེར་མཇུག་རྫོགས་པར་རྟོགས་ལ། སྐབས་དེར་སྔགས་ཕྲུག་གཉིས་ཀྱིས་ཤིང་གཞོང་ཆེན་པོ་དེ་ཁྱེར་ཏེ་མ་ཎྀ་ཁང་ལས་
ཕྱིར་བུད། རྒན་རྒོན་ཚོས་འཚང་ཀ་ཤིག་ཤིག་གིས་ལག་པའི་སྙིམ་པ་སྙིང་གར་སྦྱར་ཞིང་མགོ་བོ་མར་སྒུར་ཏེ་གཏོར་མའི་ཞབས་
འོག་ནས་འཛུལ་བ་ལ་འཕྲོག་རྩོད་བྱེད་ཀྱིན་འདུག(བཤད་ཚུལ་ལ་གཏོར་མའི་ཞཔས་འོག་ཏུ་ཚུད་ཚད་འདྲེ་གདོན་གྱི་གནོད་
པས་མི་ཚུགས་ཟེར)
ཡིན་ན་ཡང༌། ལྕམ་མོ་སྡེ་བའི་གསར་བུ་རྣམས་ཀྱིས་ད་དུང་མིག་གིས་ཁྲ་རིག་རིག་ཁ་སྨད་ལ་སོ་ལྟ་བྱས་ཡོད་པས། ད་
ཐེངས་ཀྱི་གཏོར་མའི་ཞབས་འོག་ཏུ་འཛུལ་མ་ཐུབ། ཁོ་ཚོ་ཞག་གང་བོར་སྒྱིད་པ་སར་མ་གུག་པར་དཔའ་ངར་ཞུམ་མེད་ཀྱིས་
དོགས་ཟོན་བྱས་ཀྱང་ཁ་སྨད་ཕྱོགས་ནས་གྲག་འགུལ་ཅི་ཡང་མ་བྱུང༌།
ད་ནི་དགུ་ཚིགས་སྐྱ་མོའི་འཁོར་ཕྱོགས་ལ་བལྟས་ན་ཡང་ཕལ་ཆེར་ནམ་གསལ་བར་ཉེ་འདུག སྡེ་དམག་རྣམས་ཀྱི་སེམས་
པ་ཅུང་བདེ་ལ་བབས་ཏེ་རང་རང་ས་ན་མདའ་མདུང་དབྱུག་པ་སོགས་གཡས་སློག་གཡོན་སློག་བྱས་ནས་བསྡད་ཡོད། གསར་
བུ་ལ་ལ་ངལ་དྲགས་ཏེ་སྡུར་བ་ཡང་མོ་ཞིག་ཀྱང་འཐེན་བཞིན་འདུག ཡིན་ན་ཡང༌། དགེ་བོ(ལྕམ་མོ་སྡེ་བའི་དམག་དཔོན)ལ་
ད་དུང་ངལ་སྣང་སྦུ་ཙམ་ཡང་མེད་པར་ཁ་སྨད་ཕྱོགས་སུ་སོ་་་་་་་
མྱུལ་བྱས་ཡོད། གལ་སྲིད་དགེ་བོས་འདྲེ་སྐད་ཅིག་ཐོས་པ་མིན་ན་རྒྱང་རིང་ཞིག་ན་གོམ་སྒྲ་ལྟ་བུའི་སྒྲ་ཡང་མོ་ཞིག་གྲག་གིན་
འདུག ཁོས་ཡང་བསྐྱར་རྣ་བ་གཏད་ནས་ཞིབ་ཏུ་ཉན་ན་ཡང་སྒྲ་དེ་ནི་གོམ་སྒྲ་ཡིན་པ་ཕུ་ཐག་གཅོད་ཐུབ་པས་དགེ་བོའི་སེམས་
སུ་རྗོད་དགའ་བའི་སྤྲོ་བ་ཞིག་སྐྱེ་བཞིན་ “ཡང་ལུག་གཅིག་གི་དགའ་རྟགས”སྙམ་བཞིན་ཁོང་འཛུམ་ཞིག་ཤོར།
ལུག་གཅིག་གི་དགའ་རྟགས་སྟེར་བའི་ལམ་ལུགས་འདི། ལྕམ་མོ་སྡེ་བའི་རྒད་པོ་རྣམས་མ་ཎི་ཁང་དུ་ཚོགས་ཏེ་ཕྱི་དྲོ་
གསུམ་ལ་ཛ་དྲག་གི་ཁ་རྩོད་ཅིག་བརྒྱུད་ནས་ད་གཟོད་གྲོས་འཆམས་བྱུང་སྟེ། རྩྭ་ས་རྩོད་སྐབས་སུ་ལ་བློ་རིག་རྒྱས་ཏེ་དམག་
བཀོད་གསར་བ་བེད་སྤྱད་པ་ལྟར་རྒྱལ་ཁ་བླངས་ན་དེ་ལ་ལུག་གཅིག་གི་དགའ་རྟགས་སྟེར་རྒྱུ་ཡིན་པར་མ་ཟད། ད་དུང་སྡེ་
ཚོགས་ཀྱི་ཁྲོད་དུ་བསྟོད་བསྔགས་དང་དཔའ་དར་འདོགས་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས། དགེ་བོ་ལ་མཚོན་ན་ལྕམ་མོ་སྡེ་
དམག་གི་བཀོད་འདོམས་པའི་འགན་ཁུར་ཏེ་ལོ་གཅིག་དང་ཟླ་བ་ལྔ་ལས་མ་འདས་ནའང༌། ཁོས་སྔ་ཕྱིར་ཐེངས་བརྒྱད་ལ་ལུག་
བརྒྱད་ཀྱི་དགའ་རྟགས་བླངས་པས་ལྕམ་མོ་སྡེ་ཚོགས་ཀྱི་ཁྲོད་དུ་ཁོ་ལ་ཐེངས་བརྒྱད་ལ་བསྟོད་བསྔགས་དང་དཔའ་དར་འཐེན་
མྱོང༌།
དགེ་བོས་རང་གི་གམ་དུ་སྔུར་བ་འཐེན་བཞིན་པའི་ཕོ་གསར་དེ་སྒུལ་སྒུལ་ཙམ་བྱས་ནས་དགྲ་ཡོད་པའི་གསང་བརྡ་སྤྲད་
པ་ན། ཕོ་གསར་དེས་ཀྱང་རང་གི་ཞོལ་ན་དབྱུག་པ་གཡས་སློག་བྱས་པ་དེ་ལ་གསང་བརྡ་སྤྲད། དེས་དེའི་ཞོལ་གྱི་དེ་དང༌། དེས་
ཀྱང་དེའི་ཞོལ་གྱི་དེ་ལ་བརྡ་སྤྲད་པས་མཐར་ཐམས་ཅད་ཀྱིས་ཐོས་ཤིང༌། ཁོ་ཚོ་རང་རང་ས་ནས་རྐང་འཇབ་ལག་འཇབ་ཀྱིས་
འོངས་ཏེ་ཁ་སྨད་ཕྱོགས་སུ་སོ་མྱུལ་བྱས། ཡིན་ན་ཡང་ཁ་སྨད་སྡེ་བའི་གཉའ་ན་མེ་ལྕེ་བུང་བ་ཙམ་ཞིག་མཆེད་པ་དེ་ལས་གཞན་
རྒྱུན་ལྡན་མིན་པའི་གནས་ཚུལ་ཅི་ཡང་མི་མཐོང་མོད། མ་གིའི་ལམ་ཕྲན་ན་ནག་ཡོར་ཡོར་གྱི་གཟུགས་རིས་ཆེན་པོ་ཞིག་མཐོང་
བྱུང༌། དེ་བས་ལྕམ་མོ་སྡེ་དམག་རྣམས་དམག་བཀོད་པ་དགེ་བོའི་བཀོད་འདོམས་ལྟར་བྱི་ལ་འཇབ་འཇབ་དང༌། གླ་བོ་ལྡིང་
ལྡིང་ལྟར་ལམ་ཕྲན་གྱི་གཡས་གཡོན་ན་སྦ་སྐུང་བྱེད་ཀྱིན་ཡོད་པ་དང༌། ལྡེམ་མྱུར་ཡོད་པའི་ཕོ་གསར་གཉིས་ཀྱི་ལག་ཏུ་ཐག་
ནག་འདོམ་དགུ་ལོང་ཙམ་ཞིག་བཟུང་ཞིང༌། ཕོ་རྒོད་ཅིག་གི་ལག་ཏུ་ནོར་རྩིད་ཀྱི་སྒྱེ་མོ་ཞིག་ཁ་བཟེད་དེ་བཟུང་བ་དང༌། དགེ་
བོས་དབྱུག་པ་ཞིག་གི་སྣེ་ལ་དམ་དུ་འཇུས་ཏེ་གཟུགས་རིས་དེའི་སྟེང་དུ་མཆོང་གྲབས་བྱས་ནས་བསྡད།
གཟུགས་རིས་དེ་ནག་ཡོར་ཡོར་ཁོ་ཚོ་དང་བར་ཐག་ཇེ་ཉེར་གྱུར་པ་དང༌། མཐར་ཐག་ཚད་གཅིག་ཙམ་གྱི་ས་ན་ཅི་ཞིག་ལ་
ཉན་པ་བཞིན་ནག་ཡོར་སེ་ལངས་བསྡད། ཡུད་ཙམ་ནས་སླར་ཡང་སྐྱོད་མགོ་བརྩམས་ཤིང་ད་ནི་ཁོ་ཚོའི་གམ་དུ་སླེབ་ལ་ཉེ། མ་
གཞིར་དེ་ནི་མི་གཟུགས་སྟོབས་ཅན་ཞིག་ཡིན་ཞིང་དབུགས་སྒྲ་འཚུབ་མོ་ཞིག་ཧལ་བཞིན་ཡོད་པའང་ཐོས་ཐུབ།
ལྕམ་མོ་སྡེ་བའི་གསར་རྒོད་རྣམས་ནི་ངོ་མ་དཔའ་རྩལ་སྤྱང་གྲུང་འཛོམ་པ་རྐྱང་རྐྱང་རེད། ཐོག་མར་དབྱུག་པ་ཐོགས་པའི་
དགེ་བོ་མཆོང་ཐེངས་གཅིག་གིས་མི་གཟུགས་སྟོབས་ཅན་དེའི་མདུན་དུ་སླེབས་ཤིང༌། དབྱུག་པས་མ་ཡོ་མ་འཁྱོག་པར་དེའི་
ཐོད་དཀྱིལ་ལ་གཟས་ཏེ་གཅིག་བརྒྱབ་པ་ན་མི་གཟུགས་སྟོབས་ཅན་དེ“ཐག”སྒྲ་དང་བཅས་བེམ་རོ་ཞིག་དང་མཚུངས་
པར་ས་ལ་འགྱེལ་སོང༌། དེ་མ་ཐག་སྒྱེ་བཟུང་བའི་གསར་བུ་དེ་གླ་ལྡིང་ལྡིང་བྱས་འོངས་ཏེ་དེའི་མགོ་ལ་སྒྱེ་མོ་བསྐོན། ཐག་ནག་
བཟུང་བའི་ཕོ་གསར་གཉིས་ཀྱིས་རིལ་རིལ་གྲུ་གུ་ལྟ་བུ་ཞིགབཀྱིགས་རྗེས་མྱུར་དུ་ལམ་འགྲམ་གྱི་གྲོག་ཤུར་དེའི་ནང་དུ་དྲུད་
སོང༌།
ལྕམ་མོ་སྡེ་དམག་རྣམས་ལ་ད་དུང་གྲག་འགུལ་སྦུ་ཙམ་ཡང་མེད་པར་ཁ་སྨད་ཕྱོགས་སུ་དོགས་ཟོན་མཐོར་འདེགས་བྱས་
ཡོད། ཡིན་ན་ཡང༌། ཁ་སྨད་སྡེ་བའི་གཉའ་ན་སྔར་གྱི་མེ་ལྕེ་དེ་མཆེད་པ་ལས་རྒྱུན་ལྡན་མིན་པའི་རྣམ་པ་ཅི་ཡང་མཐོང་རྒྱུ་མེད།
སྐབས་དེར། ཤར་གྱི་ཕྱོགས་ན་དཀར་གསལ་ལེར་སྐྱ་མདའ་ཞིག་ཤར་བ་དང༌། ཨ་སྔོན་དགུང་གི་རྒྱུ་སྐར་དང་བརྟན་སྐར་མང་
པོ་ཡང་ལྕམ་མོ་སྡེ་དམག་དང་མཉམ་དུ་མཚན་གང་བོར་སོ་ལྟ་བྱས་ཏེ་ཐང་ཆད་པ་ནང་བཞིན་གཅིག་རེ་གཉིས་རེ་བྱས་ནས་
རིམ་བཞིན་མི་མངོན་སྟོང་བའི་དབྱིངས་སུ་འཐིམ་པ་དང༌། དེ་ནས་ཇ་ཡུན་གཉིས་གསུམ་ཙམ་འདས་པ་ན་ཞོགས་པའི་ཉི་
གཞོན་སེར་ལམ་ལམ་ལྕམ་མོ་ལ་ཁ་བརྒྱུད་ནས་ཤར་བས་ལྕམ་མོ་ཡུལ་ཁམས་ཧྲིལ་བོ་ལག་མཐིལ་གྱི་སྐྱུ་རུ་ར་ལྟར་གསལ་བོར་
མཐོང་བྱུང༌།
ཡིན་ན་ཡང༌། ཁ་སྨད་ཕྱོགས་ཀྱི་མེ་ལྕེ་ད་ལྟ་མཐོང་མི་ཐུབ་པ་ལས་གཞན་སྡེ་བའི་ཕྱི་ནང་ཀུན་ཏུ་གྲག་འགུལ་ཅི་ཡང་མེད་
པར་ལྷུན་ཆགས་སེ་གནས་འདུག ཚུལ་འདི་ལ་འབྱུང་འགྱུར་སྔོན་དཔག་ལ་མཁས་པའི་དམག་བཀོད་པ་དགེ་བོ་ཡང་ཧ་ལས་
སོང༌། རྒྱུ་མཚན་ནི་སྤྱིར་ཁ་སྨད་སྡེ་བའི་དམག་འཐབ་ནི་ནམ་གུང་གི་འཐབ་རྩལ་ཡིན་ལ། མི་རྣམས་རྨི་ལམ་གྱི་ཞིང་ཁམས་སུ་
སོང་བའི་གོ་སྐབས་དང་བསྟུན་ནས་ཁོ་ཚོའི་སྡེ་དམག་རྐང་འཇབ་ལག་འཇབ་ཀྱིས་ལྕམ་མོ་སྡེ་བར་འཇབ་རྒོལ་བྱེད་པའི་སྲོལ་
ཡོད། དེ་ཡང་སྡེ་དམག་ལ་ཕམ་ཉེས་དང་བསླུ་བྲིད་མི་འབྱུང་ཆེད། ཁོ་ཚོས་སྡེ་དམག་མ་ཆས་པའི་སྔོན་དུ་སོ་བའམ་ལམ་མཁན་
ཞིག་སྔོན་དུ་མངགས་ཏེ་དམག་མང་དེའི་རྗེས་སུ་འབྲངས་པ་དང༌། གལ་སྲིད་སོ་པའམ་ལམ་མཁན་གཞན་ལག་ཏུ་ཚུད་པའམ་
ཉམས་ཉེས་ལ་ཕྲད་ཚེ་དེས་ཨག་སྐད་ཅིག་བརྒྱབ་པས་འཐུས། ཨག་སྐད་དེ་ནི་དམག་ཆེན་མུ་མཐུད་དུ་སྔོན་ལ་འགྲོ་མི་རུང་་
ཞིང་དགྲ་བོས་ངང་སྒུག་བྱས་ཡོད་པའི་གསང་བརྡ་སྟོན་བྱེད་ཡིན་པས་ད་གཟོད་སྡེ་དམག་འགྲོ་མཚམས་འཇོག་དགོས། འོན་
ཀྱང་དེ་ལས་ལྡོག་སྟེ་སོ་པའམ་ལམ་མཁན་གྱིས་ཨག་སྐད་མ་བརྒྱབ་ཚེ། དམག་མང་མུ་མཐུད་དུ་སྔོན་དུ་འགྲོ་ཆོག་ནའང་མདང་
དགོང་དགེ་བོའི་འཐབ་རྩལ་ལ་བརྟེན་ནས་ཁ་སྨད་སྡེ་བའི་སོ་བའི་མགོ་ལ་སྒྱེ་མོ་བསྐོན་ཅིང་རིལ་རིལ་གྲུ་གུ་ལྟ་བུ་ཞིག་བཀྱིགས་
ཟིན་ཀྱང༌། ཧ་ལས་པ་ཞིག་ལ་དེའི་རྗེས་སུ་ཁ་སྨད་སྡེ་དམག་འབྲངས་མེད་པ་འདི་ནི་ཡ་མཚན་པ་ཞིག་མ་ཡིན་ནམ། དེ་བས་ཁོ་
ཚོའི་འཐབ་རྩལ་གཞན་ཞིག་ཏུ་བསྒྱུར་ཏེ་ང་ཚོར་འཇབ་རྒོལ་བྱེད་རྒྱུ་ཡིན་པ་གདོན་མི་ཟ་སྙམ་བཞིན་རེ་ཞིག་བློ་རིག་ལྡན་པའི་
དམག་བཀོད་པ་དགེ་བོ་ཡང་ཅི་བྱ་གཏོལ་མེད་དུ་གྱུར།
མཇུག་མཐར་དགེ་བོས“ལྟས་ངན་འདི་ཨ་ཁུ་སྡེ་དཔོན་ཚང་དུ་བསྐྱལ་ཏེ་འདྲི་རྟོག་བྱོས”ཟེར་བ་ལས་ཐབས་ཟད། དེ་
བས་ཕོ་གསར་གླག་འདྲ་བ་གཉིས་ཀྱིས་གྲུ་གུ་དེའི་སྟེང་གི་ཐག་སྣེ་ཞིག་གིས་ཨ་ལོང་བཟོས། དེའི་ནང་དུ་དབྱུག་པ་དྲངས།
དབྱུག་པའི་མགོ་སྔ་གཉིས་རེ་རེའི་ཕྲག་ཏུ་བླངས་ཏེ་ལྕམ་མོ་སྡེ་བའི་ཕྱོགས་སུ་ཁུར།
ཨ་ཁུ་སྡེ་དཔོན་ཚང་ན་ལྕམ་མོ་སྡེ་བའི་རྒད་པོ་རྣམས་ཚོགས་འདུ་ཚོགས་ཡོད། ཚོགས་འདུ་དེ་ནི་རྩྭ་ས་རྩོད་གླེང་གི་ཆེད་དུ་
ཚོགས་པ་སྨྲས་མི་དགོས་ནའང༌། ད་ལྟ་ཚང་མའི་གླེང་གཞིར་གྱུར་པ་ནི་རྩྭ་ས་རྩོད་གླེང་མིན་པར་ཨ་ཁུ་འབྲུག་རྡང་གི་དོན་དག་
རྐྱང་རྐྱང་རེད། དོན་དངོས་སུ་ཨ་ཁུ་འབྲུག་རྡང་གང་དུ་སོང་བ་དེ་ད་དུང་སྡེ་བའི་རྒད་པོ་ཚོའི་རྩོད་གཞིར་གྱུར་འདུག སྡེ་
དཔོན་གྱིས་རྒད་པོ་ཚོའི་ཁ་བཀག་སྟེ“ཨ་ནེ་ལད་བོ་དངོས་སུ་བོས་ནས་རྒད་པོ་ཚོའི་མདུན་ནས་གར་སོང་གི་མནའ་ཞིག་
བསྐྱལ་ན་འཐད་དམ”ཞེས་སྨྲས་པས་ཚང་མས་འཐད་པའི་བརྡ་ལ་མགོ་བོ་ལྡེམ་ལྡེམ་བྱས།
ཨ་ནེ་ལད་བོའི་སྐད་ཆ་ལ་ད་དུང་འགྱུར་བ་སྤུ་ཙམ་ཡང་མེད། ཁོ་མོས་ཉིན་དེའི་ཞོགས་པར་ཨ་ཁུ་འབྲུག་རྡང་ལྕམ་མོ་ལ་ཁ་
བརྒྱུད་ནས་སོང་བའི་བརྒྱུད་རིམ་རྣམས་རང་གི་བུ་དགེ་བོ་མནའ་རྟེན་དུ་བཞག་སྟེ་སྨྲས་པ་ན་ད་གཟོད་ཐམས་ཅད་ཀྱིས་མགོ་
བོ་ནང་དུ་ལྡེམ།
ད་ལྟ་ཕོ་གསར་དེ་གཉིས་གཞི་ནས་ཨ་ཁུ་སྡེ་དཔོན་ཚང་དུ་སླེབས། ཁོ་གཉིས་ཀྱིས་དབྱུག་པའི་ཁུག་གི་གྲུ་གུ་དེ་ཅལ་སྒྲ་དང་
བཅས་ཏེ་སར་ཕོག་པ་ན། ལྕམ་མོ་སྡེ་བའི་རྒད་པོ་རྣམས་མགོ་བོ་ཀྲོག་ཀྲོག་ཏུ་གྱུར་ཅིང༌། སེམས་སུ་སྤྲོ་བས་ནོན་མ་ཐུབ་པར་ལ་
ལས“མྱུར་དུ་ཐག་པ་ཁྲོལ”ཟེར། ལ་ལས་“བུ་ཟེར་བ་ནི་དགེ་བོ་རེད། སྤྱིར་དཔའ་རྩལ་ཆེ་ཚུལ། སྒོས་བློ་རིག་རྒོད་ཚུལ།
འདི་ནི་ལྕམ་མོ་སྡེ་བའི་རྒྱན་རེད”ཅེས་ལབ། འགའ་རེས“ཡང་ལུག་གཅིག་གི་དགའ་རྟགས”ཞེས་སྨོན་པ་བྱས། ཕལ་
ཆེ་བས“གང་ལྟར་དཔའ་དར་ལེགས་པོ་ཞིག་འཐེན་དགོས”སོགས་སྡེ་དཔོན་ཚང་ནི་སྐྱ་ཀའི་ཚང་ལ་རྡོ་འཕངས་པ་བཞིན་
འུར་ལོང་ལོང་དུ་གྱུར།
དོན་དག་ཅི་ཞིག་བྱུང་བ་ནི་མི་ཤེས་མོད། སྡེ་དཔོན་ཚང་གི་འུར་སྒྲ་དེ་ནི“ཏིས་སི་ཁོ”རོལ་དབྱངས་གཏོང་བཞིན་
པའི་སྒྲ་འཛིན་འཁོར་ལོ་ཞིག་གི་གློག་སྒོ་བརྒྱབ་པ་བཞིན་འཇམ་བཅག་གེ། ལྷིང་འཇགས་སེ། ཁུ་སིམ་མེར་གྱུར་པར་མ་ཟད། གྲུ་
གུ་ལྟ་བུར་བཀྱིགས་པའི་སྒྱེ་མོའི་མཐའ་སྐོར་ལ་རུབ་པའི་ལྕམ་མོ་སྡེ་བའི་རྒད་པོ་རྣམས་ཐོ་ཡོར་ཞིག་དང་གཉིས་སུ་མེད་པར་
གྱུར།
ཡུད་ཙམ་ནས་ཨ་ཁུ་ཆོས་དར་གྱིས་རང་གི་མིག་གཅིག་ཕུར་ཏེ“འདི་ནི་མིག་འཁྲུལ་བསྟན་པ་མིན་ནམ”ཟེར། ཡང་ལ་
ལས“ཁ་སྨད་ཀྱིས་རང་སྡེ་ལ་མཐུ་བཏང་བར་གདོན་མི་ཟ”ཟེར། འགའ་རེས“རྟེན་འབྲེལ་མི་ལེགས། དགེ་བོའི་སྐེ་ལ་ཁྱི་
རྔ་འདོགས་དགོས”ཞེས་དམོད་མོ་བྱས། ཡང་འགའ་རེས“དགེ་བོ་ལ་གཡག་གཅིག་གི་ཆད་པ་གཅོད་དགོས”ཟེར།
ཕལ་ཆེ་བས“གང་ལྟར་དགེ་བོའི་གོ་ས་ཕབ་དགོས”སོགས་སྡེ་དཔོན་ཚང་ནི་སླར་ཡང་སྐྱ་ཀའི་ཚང་ལ་རྡོ་འཕངས་པ་
བཞིན་འུར་ཆིལ་ལེར་གྱུར།
རྒྱུ་མཚན་ནི། སྒྱེ་ནང་དུ་བཅུག་ཡོང་བ་དེ་ཨ་ཁུ་འབྲུག་རྡང་ཡིན་པས་སོ……
གསུམ། ཨ་ནེ་ལད་བོའི་ཞེ་སྡང༌།
ཨ་ནེ་ལད་བོའི་དངོས་མིང་ཤེས་མཁན་ལྕམ་མོ་སྡེ་བ་ན་ཕལ་ཆེར་མེད། རྒྱུ་མཚན་ནི་ཁོ་མོའི་སྐྱེ་ས་སྐྱེ་ཡུལ་ལྕམ་མོ་སྡེ་བ་མིན་
པ་དང༌། ཁོ་མོ་ནི་ཨ་ཁུ་འབྲུག་རྡང་གིས་སྡེ་བ་གཞན་ཞིག་ནས་མིས་མི་གོ ། ཁྱིས་མི་ཚོར་བའི་ངང་ནས་བརྐུས་འོངས་པ་ཡིན་
པས་ཁོ་མོའི་དངོས་མིང་ཤེས་ག་ལ་སྲིད།
ལྕམ་མོ་སྡེ་བ་ནི་ཁ་བཤད་རྒོད་ཅིང་གཞན་གྱི་ངན་མཚང་ལ་བརྟག་པར་དེ་བས་དགའ་ཕྱིར། ཨ་ཁུ་འབྲུག་རྡང་གི་ཆུང་མ་
བག་གསར་ཡིན་དུས་ནས་ལྕམ་མོ་སྡེ་བའི་རྒད་པོ་རྒན་མོ་ཚོས་ལད་བོ་བླ་སོང་མའི་མིང་དེ་ཁོ་མོ་ལ་བཏགས་པས་ད་ལྟ་ནི་མིང་
དེ་ཁོ་མོའི་དངོས་མིང་དུ་གྱུར་ཡོད། ཡིན་ན་ཡང༌། ལད་བོ་ཞེས་པའི་མིང་ཚིག་འདིའི་གོ་དོན་གསལ་བོར་མི་ཤེས་མོད། གང་
ལྟར་ལད་བོ་བླ་སོང་མ་ནི་ལྕམ་མོ་སྡེ་བའི་རུལ་མའི་ཡང་རྩེ་ཡིན་པ་ཀུན་ལ་གྲགས། དེ་ལས་ཀྱང་ལད་བོ་ལ་ཁྱད་ཆོས་ཤིག་ཡོད་
པ་ནི་གཙང་བཙོག་མེད་པ་དེ་རེད། དེ་བས་ཉིན་ཞིག་ལྕམ་མོ་སྡེ་བའི་རྒད་པོ་གཉིས་རྒྱལ་སྐུགས་ཏེ་ཁྱོད་ཀྱིས་ལད་བོའི་ཅ་ནེའི་
ཕྱི་ངོས་སུ་ལྕེ་ལྡག་ཅིག་བྱེད་ཐུབ་ན་ངས་ཁྱོད་ལ་དངུལ་རྟ་རྨིག་མ་གཉིས་སྟེར་ཟེར་ཡང་ཅིག་ཤོས་ཀྱིས་མ་ནུས།
དེ་རིང་ཨ་ནེ་ལད་བོ་ཞེ་སྡང་ལངས་ཡོད་པ་འདྲ། ཁོ་མོ་ཐོག་མར་ཨ་ཁུ་འབྲུག་རྡང་གི་སྟེང་ལ་ཞེ་སྡང་ཞིག་ལངས་ཤིང༌། དེ་
ནས་ཞེ་སྡང་དེ་དག་གཅིག་ཏུ་འདུས་ཏེ་དགེ་བོའི་སྟེང་དུ་འཁོར་པ་ན་ཁོ་མོའི་ལོ་ཕྱི་ནང་གསུམ་ལ་བཀྲུས་མ་མྱོད་བའི་རྫོབ་རོ་
ཆགས་པའི་གདོང་ཡང་ངམར་པོར་གྱུར་ཅིང༌། རྗེས་སུ་ཞེ་སྡང་ཡོད་ཚད་ཨ་ཁུ་སྡེ་དཔོན་གྱི་སྟེང་དུ་འཁོར་བས་ད་གཟོད་ད་
ལྟའི་གནས་ཚུལ་འདི་བྱུང་བ་རེད།
ཨ་ཁུ་འབྲུག་རྡང་སྨན་ཁང་དུ་སོང་ནས་ཉིན་བཅོ་ལྔ་བསྡད་རྗེས་ད་ལྟ་ཕྱིར་རང་ཡུལ་དུ་ཡོང་ཡོད། ཡིན་ན་ཡང༌། ཨ་ཁུ་
འབྲུག་རྡང་ད་ལྟ་སྡེ་དཔོན་ཚང་གི་གྱང་རྩ་ན་རིག་རྒྱུ་མེད་པས་ཁོ་རང་ལ་བྱང་ཆ་ཡོད་པའི་འདྲེ་རྐང་ཏོའི་གཏམ་རྒྱུད་ཀྱང་
ཐོས་ཐབས་མེད། གོ་ཚུལ་ལྟར་ན། ཁོས་ད་དུང་ཡུལ་ནས་ནད་བཅོས་བྱེད་བཞིན་ཡོད་ཟེར་མོད། དོན་དུ་ཨ་ནེ་ལད་བོ་དང་ཁོ་
གཉིས་ཀྱི་བར་ལ་རྩོད་པ་ཞིག་བྱུང་སྟེ་ཁོ་རང་བེ་རྒྱག་གིས་ཉིན་བཞི་ལྔ་ཙམ་ལ་གཡོ་ཉལ་བྱས་ཟེར།
སྤྱིར་བཤད་ན། ཨ་ཁུ་འབྲུག་རྡང་ད་ཐེངས་ཟི་ལིང་དུ་ཚོང་བྱེད་དུ་སོང་བ་དེ་ཨ་ནེ་ལད་བོས་གཏན་ནས་ཤེས་མེད། སྒོས་སུ་
གླ་རྩི་དེ་གཉིས་ནི་མནའ་མ་བདེ་མཚོར་བྱིས་པ་བཙའ་དུས་མཁོ་བས་ཨ་ནེ་ལད་བོས་ལོ་ཕྱི་ནང་གསུམ་ལ་ཉར་ཚགས་བྱས་
པའི་ཁྱད་ནོར་ཡིན། ཡིན་ན་ཡང༌། དྲུག་པའི་ཚེས་བཞིའི་ཉིན་མོར་བདེ་མཚོར་བུ་ཞིག་སྐྱེས་པས་ཨ་ནེ་ལད་བོ་ངོ་མ་དགའ་སོང་
། ཞིབ་ཏུ་བསམས་ན་ཨ་ནེ་ལད་བོ་དགའ་བ་མི་སྐྱེ་ཅི་ལ་སྲིད། སྤྱིར་ད་ལྟའི་དུས་འདིར་བུ་ལས་བུ་མོ་མང་དུ་སྐྱེས་པ་དང༌།
གཞེས་ནིང་ལོ་ནས་ལྕམ་མོ་སྡེ་བར་བུ་མོ་རྐྱང་རྐྱང་ལས་བུ་གཅིག་ཀྱང་མ་སྐྱེས། ཡིན་ན་ཡང༌། དེ་རིང་བདེ་མཚོ་ལ་སྐྱེས་པ་ནི་བུ་
ཞིག་ཡིན་པར་མ་ཟད། ད་དུང་སྐྱེས་སྐར་ཡང་ཤིན་ཏུ་བཟང༌། ལྟོས་དང༌། དེ་རིང་ནི་སངས་རྒྱས་ཀྱིས་ཆོས་འཁོར་སྐོར་བའི་ཉིན་ཡིན་པས། བུ་འདི་ཡང་སྤྱིར་བཏང་ཞིག་ག་ལ་ཡིན། དེ་བས་ཨ་ནེ་ལད་བོས་སྒམ་ནང་གི་གླ་རྩི་ལེན་དུས་གླ་རྩི་གཅིག་ཀྱང་མི་
འདུག
དེ་ནི་གཞན་སུ་ཡང་མིན། ནང་རྐུན་ནི་ཨ་ཁུ་འབྲུག་རྡང་ཡིན་པས་ཨ་ནེ་ལད་བོས་བསང་ཕུད་དེ་ཨ་མ་ལྕམ་མོར་གཏོད་
རྩིས་བྱས་པ་ན་ད་གཟོད་ཨ་ཁུ་འབྲུག་རྡང་གིས་རང་ཉེས་ངོས་ལེན་བྱས། ཡིན་ན་ཡང༌། ད་ནི་རི་བོང་པགས་པ་མཉེད་ཀྱང་
ཡར་སྐྱེད་མེད་པ་སུས་མི་ཤེས། ཐེངས་འདིའི་ཨ་ཁུ་འབྲུག་རྡང་གི་སྨན་རིན་ལ་སྒོར་བདུན་བརྒྱ་ཤོར་ཡང༌། སྟབས་ལེགས་པར་
སྐབས་འདིར་ཧོས་ཧོས་ཚོང་བ་ཞིག་ལྕམ་མོ་སྡེ་པར་འོངས་པས་དགེ་བོའི་ཆད་པ་གཡག་རོག་རྡང་གིས་ངོ་མ་གོ་ཆོད་སོང༌། དེ་
བས་ཁོང་རྒན་རྒོན་གཉིས་ཀྱིས་སྒོར་ཉིས་བརྒྱའི་འགྲོ་སོང་མ་གཏོགས་གཏོང་མ་དགོས་ནའང༌། ད་ནི་ཨ་ནེ་ལད་བོས་ཁྱིམ་ཚང་
འདིའི་དངུལ་ཁུག་ཕྱིར་བསློགས་ཀྱང་སྒོར་སུམ་བརྒྱ་ལས་སྒྲིག་མ་ཐུབ། སྒོར་སུམ་བརྒྱས་གླ་རྩི་ཞིག་ཁུག་དཀའ་ཡང་ད་ལྟ་ཨ་ཁུ་
འབྲུག་རྡང་གིས་སྒོར་སུམ་བརྒྱ་བཟུང་སྟེ་ལྕམ་མོ་སྡེ་བའི་སྟོད་སྨད་ཧྲིལ་གྱིས་མི་གཅོད་ཀ་མེད་རེད།
དེ་རིང་ནི་ལྕམ་མོ་ལ་ཁར་ལྕམ་མོ་སྡེ་བའི་དཨག་སྒར་བཏབ་ནས་ཟླ་གཅིག་དང་ཉིན་བཅོ་ལྔ་འགྱངས་པའི་ཉིན་མོ་ཡིན།
ཡིན་ན་ཡང༌། ལྕམ་མོ་སྡེ་བ་དང་ཁ་སྨད་གཉིས་ཀྱི་གྱོད་ཁ་མཆུ་ད་དུང་མཇུག་སྡོམ་མ་ཐུབ་པར་མ་ཟད། དེ་ལས་ལྡོག་སྟེ་སྡེ་
གཉིས་ཀྱི་འགལ་བ་ཛ་དྲག་ཏུ་གྱུར་ཅིང༌། ཁ་སྨད་ཀྱི་དམག་སྒར་ལྕམ་མོ་ལ་ཏིང་དུ་བཏབ་པས་ད་ལྟ་ནི་ལྕམ་མོ་གཞུང་ལམ་བཟོ་
མཁན་བཟོ་པ་དག་གིས་ཀྱང་རེ་ཞིག་ལས་མཚམས་བཞག་པ་དང༌། རྫོང་སྤྱི་བདེ་ལས་ཁུངས་དང་རྫོང་དྲག་ཆས་ཉེན་རྟོག་རུ་
ཁག་གི་མི་སྣ་བརྒྱ་ཙམ་ཐེངས་འདིའི་སྡེ་གཉིས་ཀྱི་རྩོད་གཞིའི་བར་འདུམ་ལ་ཡོང་ཡོད།
ཨ་ཁུ་འབྲུག་རྡང་གིས་ལྕམ་མོ་སྡེ་བའི་སྟོད་སྨད་ཧྲིལ་གྱིས་བཅད་ན་ཡང་གླ་རྩི་འཚོང་མཁན་ཞིག་མ་བྱུང༌། ད་ནི་ལྕམ་མོ་སྡེ་
བའི་སྡེ་མགོ་ན་ཡོད་པའི་ཨ་ཁུ་ཆོས་དར་ཚང་ལས་ལུས་མེད། ཁོས་སྐད་བརྒྱབ་སྟེ་ཨ་ཁུ་ཆོས་དར་ལ་གླ་རྩི་ཡོད་མེད་དྲིས་ན་ཡང་
ཁོ་ལ་ཨ་ལན་སྟེར་མཁན་ཞིག་མ་བྱུང༌། ཨ་ཁུ་འབྲུག་རྡང་འཚིག་པ་ཟོས་ཏེ་བསྟུད་མར་ཐེངས་གསུམ་ལ་སྐད་བརྒྱབ་ཀྱང་ད་
དུང་ཨ་ལན་སྟེར་མཁན་མ་བྱུང༌། དེ་ནས་ཨ་ཁུ་འབྲུག་རྡང་ལ་ཞེ་སྡང་ཞིག་སྐྱེ་བཞིན་སྒོ་ཁྲོག་སེ་ཕྱེ་སྟེ་ནང་ལ་སོང༌།
དུས་ཡུན་ཅི་ཙམ་འགྱངས་པ་ནི་མི་ཤེས་མོད། ཨ་ཁུ་འབྲུག་རྡང་ད་དུང་ཐོ་ཡོར་ཞིག་དང་མཚུངས་པར་ཧད་འདུག ཁོའི་
རྒྱུད་ཀྱི་ཞེ་སྡང་དེ་དག་སྐད་ཅིག་ཙམ་ལ་གར་སོང་ཆ་མེད་དུ་གྱུར་པར་མ་ཟད། སྐྲག་སྣང་ངམ་དོགས་མི་བདེ་བའི་ཚོར་བ་རྣོན་
པོ་ཞིག་ཀྱང་སྐྱེས་བྱུང༌། ལས་ངན་ལ་ཡུལ་ངན་ཟེར་བ་དེ་ཅིས་མ་བདེན། མ་གཞིར་ཨ་ཁུ་ཆོས་དར་ཚང་གི་ལྷས་དཀྱིལ་ན་སྤྱི་
བདེ་མི་སྣས་གང་འདུག དེ་དག་ནི་ལྕམ་མོ་སྡེ་བ་དང་ཁ་སྨད་སྡེ་བའི་བར་འདུམ་པ་མིན་པའི་ངེས་པ་མེད་ལ། ཡང་ལྕམ་མོ་སྡེ་
བའི་རྒད་པོ་ཚོའི་དམག་ཇུས་ལ་རྒོལ་གཏམ་གཏོང་བའི་རྩ་འཛུགས་ཤིག་ཀྱང་མིན་མི་སྲིད་པ་དང༌། ད་དུང་ཨ་ཁུ་འབྲུག་རྡང་
གི་དོམ་པ་སྟེ། ཟི་ལིང XXXསྤྱི་བདེ་ལས་ཁུངས་ཀྱི་ཆེད་མངགས་མི་སྣ་མིན་པའི་གདེང་ཡང་སུ་ལ་ཡོད།
སྤྱི་བདེ་མི་སྣ་ཚོས་མཇུག་མཐར་ཐག་བཅད་པ་འདི་ལྟ་སྟེ“སྒོར་སུམ་བརྒྱས་ཁྱོད་ཀྱི་བུ་ལོན་ཡོངས་སུ་རྫོགས་པ་མིན། ད་
དུང་སྒོར150ཆད་པ་དེ་མྱུར་དུ་སྤྲོད་དགོས་པ་དང༌། རྫོང་སྤྱི་བདེ་ལས་ཁུངས་ནས་ཁྱོད་ཀྱི་ནག་ཉེས་ལ་རྗེས་ནས་རྩད་གཅོད་
བྱེད་རྒྱུ་ལས། དེང་ཕྱིན་ཁྱོད་ནི་ལྕམ་མོ་སྡེ་བའི་རྩྭ་ས་རྩོད་གླེང་གི་མགོ་རྔ་གང་རུང་ལ་ཐེ་ཚེ། ཉིན་བཅོ་ལྔའི་བཀག་ཉར་ཅི་ཡང་
མིན། སྒོར་ལྔ་བརྒྱའི་ཆད་པས་ག་ལ་ཆོག”ཅེས་པ་ན། ཨ་ཁུ་འབྲུག་རྡང་ལོའུ(བྱི་ལ)རྐུན་ཞིག་དང་མཚུངས་པར་གྱུར།
ད་ལྟ་ཨ་ཁུ་འབྲུག་རྡང་གིས་ལག་སྟོང་མཆན་ལ་དྲངས་ཏེ་ཡུལ་ལ་མི་འགྲོ་ཀ་མེད་བྱུང༌། ཁོས་དོན་རྐྱེན་འདིའི་མགོ་རྔ་མ་
ཡོངས་རྫོགས་རང་གིས་འདྲེ་རྐང་ཏོའི་གཏམ་རྒྱུད་བཤད་བཤད་ལྟར། ལུས་ཀྱིས་རྣམ་འགྱུར་སྟོན་བཞིན་ཨ་ནེ་ལད་བོ་ལ་
འགྲེལ་བཤད་བརྒྱབ་ན་ཡང༌། ད་ལྟའི་ཨ་ནེ་ལད་བོ་ལ་མཚོན་ན་གཏམ་དེ་དག་ནི་མེ་ཐོག་ཏུ་མར་ཁུའི་རྒྱུ་ལས་མ་འདས་པས་ཁོ་
མོའི་མིག་རྩ་ཡང་དམར་པོར་གྱུར། ཡིན་ན་ཡང༌། ཨ་ཁུ་འབྲུག་རྡང་ལའང་ཁག་མི་འདུག ད་ལྟ་ནི་བཟུང་ན་ལག་པ་འཚིག
བཏང་ན་རྫ་མ་ཆག་པའི་དུས་སྐབས་ལ་སླེབས་འདུག་པས། ཁོས་ལག་པས་ཁུ་ཚུར་བཅངས། མིག་གཉིས་བཙུམས་ཏེ་ཨ་ནེ་ལད་
བོའི་འགྲམ་ཀོང་དུ“རྫ་མ་ཆག”པའི་དཔེ་དེ་སྤྱད་ རྗེས། གཞི་ནས་གཉིད་ཐེངས་གཅིག་གིས་ཉིན་བཞི་ལྔ་ཙམ་འགྱངས།
ཨ་ནེ་ལད་བོ་རྨི་ལམ་མ་ཡིན་པའི་རྨི་ལམ་ཞིག་ལས་སད་དུས། མོ་རང་གོ་འགྲམ་ནས་མགོ་བོ་ཐུར་དུ་གཏད་ནས་ཉལ་ཡོད་པར་
མ་ཟད། ཁོ་མོའི་འགྲམ་ཀོང་དུ་སྐྲང་འབུར་ཁུ་ཚུར་ཙམ་ཞིག་ཚ་བེར་བེར་བྱེད་ཀྱིན་འདུག ཡིན་ན་ཡང༌། ཁོ་མོའི་འགྲམ་པའི་
ཟུག་གཟེར་ཇེ་ཐུ་ཇེ་ཐུ་ལ་སོང་བ་ནས་རྒྱུད་ཀྱི་ཞེ་སྡང་ཡང་ཇེ་ཆེ་ཇེ་ཆེར་གྱུར་པས་ད་གཟོད་བེ་ཅོན་བཟུང་ནས་ལྕམ་མོ་ལ་རིང་
མི་བརྒྱུད་ཀ་མེད་རེད།
སྤྱིར་ཨ་ནེ་ལད་བོའི་བྱེད་ཐབས་དེ་ནི་སྲན་མ་མ་ཆོད་ཡོས་ཟེར་བ་ཡིན་ན་ཡང༌། ཨ་ནེ་ལད་བོའི་བྱེད་ཐབས་དེ་ལ་རྒྱུ་མཚན་
གཏན་ནས་མེད་པ་ནི་མ་ཡིན་ཏེ། དགེ་བོའི་དམག་བཀོད་ནི་རང་གི་ཕ་རྒན་གྱི་མགོ་བོ་གཅོག་བྱེད་དུ་གྱུར་པར་མ་ཟད། ཕ་
རྒན་སྨན་ཁང་ནས་ཉིན་བཅོ་ལྔར་བསྡད་ཀྱང་དགེ་བོའི་གྲིབ་གཟུགས་ཙམ་ཡང་མ་མཐོང༌། ད་ལྟ་རང་གི་ཆུང་མར་བྱིས་པ་སྐྱེས་
ན་ཡང་ཁོ་ད་དུང་རིག་རྒྱུ་མེད། དེར་མ་ཟད་དགེ་བོའི་ཁ་ནས་རྒྱུན་དུ“སྡེ་བ་ཚོ་བ། ཁོག་དཔུང་ལ་རྒྱ”ཟེར་བའི་སྐྱག་རྫུན་
རྐྱང་རྐྱང་གླེང་བས་ཨ་ནེ་ལད་བོས་ཚུལ་འདི་བསམས་ཀྱིན་ཞེ་སྡང་གིས་གདོང་བ་ཡང་དམར་པོར་གྱུར་ཅིང་ལྕམ་མོ་ལ་རིང་
གིས་ཁོ་མོའི་དབུགས་ཀྱང་ལྷེམ་ལྷེམ་དུ་ཧལ་བཞིན་ཡོད།
ལྕམ་མོ་ལ་ཁའི་ལྕམ་མོ་དོམག་སྐར་དང་ལྕམ་མོ་ལ་རྟང་གི་ཁ་སྨད་དམག་སྒར་གཉིས་ད་ལྟ་འགལ་བ་ཛ་དྲག་ཏུ་གྱུར་ཏེ་
ཕན་ཚུན་ལ་གཡུལ་བསྲེ་བར་ཐག་མི་རིང༌། དེ་བས་སྤྱི་བདེ་མི་སྣ་དང་དྲག་ཆས་ཉེན་རྟོག་པ་རྣམས་བྲེལ་འཚུབ་ཤིན་ཏུ་ལངས་
ལ། གནད་དོན་ཐག་མ་བཅད་པའི་སྔོན་དུ་སྡེ་བ་གཉིས་བར་གྱི་ཉེ་འབྲེལ་གྱི་འགྲོ་འོང་གཅོད་རྒྱུའི་བཀའ་རྒྱ་བསྒྲགས་པར་མ་
ཟད། སྤྱི་བདེ་ཉེན་རྟོག་པ་རྣམས་ཀྱིས་གཉིད་བཅག་ཟས་བརྗེད་ཀྱིས་ལྟ་ཞིབ་བྱས་ཡོད།
སྐབས་འདི་དག་ལ། སྤྱི་བདེ་ཉེན་རྟོག་པ་རྣམས་སྡེ་གཉིས་ཀྱི་བར་བཤོལ་དུ་ཡོང་མེད་པ་ཡིན་ན། དགེ་བོའི་དམག་བཀོད་
འོག་ནས་ལྕམ་མོ་སྡེ་བས་རྒྱལ་ཁ་ལེན་པར་ངེས། རྒྱུ་མཚན་ནི་ལྕམ་མོ་སྡེ་བ་ལ་ས་བབ་ཀྱི་ངོས་ནས་བཤད་ན་དགེ་མཚན་ཡོད་
པར་མ་ཟད། ད་དུང་དགེ་བོས་རྦབ་རྡོ་བསྒྲིལ་ན་རྒྱལ་ཁ་ཡོད་པའི་དམག་ཐབས་གསར་བ་ཞིག་ཀྱང་གསར་གཏོད་བྱས་པས་
ལྕམ་མོ་སྡེ་ངམག་རྣམས་ཀྱིས་བྲེལ་འཚུབ་ཀྱི་ངང་ནས་རྦབ་རྡོ་སྒྲུག་གིན་ཡོད།
སྤྱིར་དགེ་བོ་ནི་ཕ་འབྲུག་རྡང་དང་མི་འདྲ། མ་ལད་བོ་དང་མི་མཚུངས་ཤིང་སྡེ་མགོ་ཚོ་མགོ་གང་ལའང་སླེབས་པའི་བུ་ཡ་
རབས་ཤིག་ཡིན་པས་ལྕམ་མོ་སྡེ་བའི་རྒད་པོ་རྣམས་ཛ་དྲག་གི་ཁ་རྩོད་ཅིག་བརྒྱུད་ནས་ད་གཟོད་ལྕམ་མོ་སྡེ་དམག་གི་བཀོད་
འདོམས་པར་བསྐོས། དེ་བས་དགེ་བོ་ལ་སྐུལ་མ་ཐེབས་ཏེ་རང་གི་བློ་རིག་དང་འབད་བརྩོན་གཉིས་ལ་བརྟེན་ནས་ལྷམ་མོ་སྡེ་
བས་ཐེངས་བརྒྱད་ལ་རྒྱལ་ཁ་བླངས་པས། ལྕམ་མོ་སྡེ་བའི་རྒད་རྣམས་ཀྱིས་བསྟོད་བསྔགས་བྱེད་པར་མ་ཟད། ད་དུང་ལུག་
བརྒྱད(ལྕམ་མོ་སྡེ་བས་རྩྭ་ས་རྩོད་གླེང་ཁྲོད་རྒྱལ་ཁ་ཐེངས་རེ་བླངས་ན་ལུག་རེའི་དགའ་རྟགས་སྟེར་སྲོལ་ཡོད)ཀྱི་དགའ་རྟགས་
དང་གཟིག་ལྤགས་ཀྱི་གོང་རྒྱན་སོགས་ཀྱང་བྱིན་མྱོང་བས། ཁོའི་མཚན་སྙན་ལྕམ་མོ་སྡེ་བ་མ་ཟད། སྡེ་བ་གཞན་རྣམས་སུ་ཡང་
ཁ་ལས་རླུང་རྟ་རྟ་ཕོ་རྒྱུག་རྒྱུག་བྱེད་ཀྱིན་ཡོད། ཡིན་ན་ཡང༌། ཐེངས་འདིའི་འཐབ་རྩལ་ཁྲོད་ཁོ་ལ་ལྟས་ངན་དེ་ལྟ་བུ་ཞིག་
བསྟན་པས་ལྕམ་མོ་སྡེ་བའི་རྒད་པོ་ཚོས་ཛ་དྲག་གི་ཁ་རྩོད་ཅིག་བརྒྱུད་ནས་གཡག་གཅིག་གི་ཆད་པ་གཅོད་རྒྱུ་གཞིར་བཞག་
པའི་སྟེང༌། གལ་སྲིད་ཐེངས་འདིའི་སྡེ་གཟར་ཁྲོད་བྱས་རྗེས་ཡོད་ན་ཁོའི་དམག་བཀོད་པའི་གོ་ས་མུ་མཐུད་དུ་རྒྱུན་སྲིང་བྱ་རྒྱུ་
དང༌། དེ་ལས་ལྡོག་ན་གོ་ས་ཕབ་རྒྱུའི་གྲོས་ཐག་བཅད་ཟིན་པས་དགེ་བོས་རང་གི་གོ་ས་བརྟན་འཛིན་གྱི་ཆེད་དུ་རང་ནུས་ཡོད་
དགུ་རྩལ་དུ་སྤྲུག་གིན་ཡོད།
སྐབས་དེར་ཨ་ནེ་ལད་བོ་ད་གཟོད་ལྕམ་མོ་ལ་ཁར་སླེབས་བྱུང༌། ཁོ་མོས་བེ་ཅོན་བཟུང་སྟེ་ཐོག་མར་དམག་གུར་དུ་འཛུལ་
ནའང་ཅུང་ཟད་ནས་ཕྱིར་ཐོན་ཏེ་མ་གིའི་དམག་ཚོགས་ཀྱི་ཁྲོད་དུ་ཐད་ཀར་ཕྱིན། ཁོ་མོ་ནོར་མི་སྲིད། དེ་ནི་དངོས་གནས་ཁོ་
མོས་འཚོལ་བཞིན་པའི་རང་གི་བུ་དགེ་བོ་རེད། དགེ་བོས་ཁ་སྨད་ཕྱོགས་སུ་མཛུབ་མོས་བསྟན་ཏེ་རྦབ་རྡོ་འདི་ལྟར་སྒྲིལ་དགོས་
ཚུལ་དང་དེ་ལྟར་སྒྲིལ་མི་རུང་བའི་འཐབ་རྩལ་བཤད་ཀྱིན་ཡོད། དུས་དེར་ཨ་ནེ་ལད་བོ་གཞི་ནས་ཁོའི་ལྟག་རྒྱབ་ཏུ་སླེབས་
འདུག ཁོ་མོས་དགེ་བོའི་གཡས་ནས་གཅིག་བལྟས། གཡོན་ནས་གཅིག་བལྟས་རྗེས་ད་གཟོད་ལག་གཉིས་བེ་ཅོན་གྱི་ཡུ་བར་
འཇུས།
མགོར་ཕྱར་ཏེ་མ་ཡོ་མ་འཁྱོག་པར་དགེ་བོའི་སྤྱི་གཙུག་ལ་གཟས་ཏེ་གཅིག་བརྒྱབ་པ་ན“སང”སྒྲ་ཞིག་གྲགས།
ངོ་མ་དགེ་བོའི་གཡས་གཡོན་ན་བསྡད་ཡོད་པའི་ཕོ་རྒོད་ཚོས་ཀྱང་ཅི་ཡིན་འདི་ཡིན་མ་ཤེས། རེ་ཞིག་ནས་དགེ་བོ་ནི་བེམ་རོ་
ཞིག་དང་མཚུངས་པར་ས་ལ་འགྱེལ་པས་ད་གཟོད་གསར་རྒོད་ཚོས་ཁོའི་མགོ་ལ་དབྱུག་པའི་སྐོར་འཆམ་ཞིག་བྱུང་བ་ཤེས་ཏེ་
ལ་ལས་ཁོའི་རྣ་ནང་དུ་ཀི་བཏབ། འགའ་རེས་ཐོང་ག་ནས་བཟུང་སྟེ་སྤྲུག་སྤྲུག་བྱས། ཕོ་གསར་ཤེས་རྒྱ་ཅན་ཞིག་གིས་སྣ་མདོར་
སེན་མོ་བཙུགས་ཏེ་ཤེད་ཀྱིས་མནན་པ་ན་དགེ་བོའི་དབུགས་རྔ་དེ་ཆུ་རྐྱལ་ནང་གི་དབུགས་ཤོར་བ་བཞིན་ཕྱིར་མཐུད་ཐུབ་
སོང༌། ཟང་ཟིང་ལང་ལོང་གི་སྐབས་དེར་སྤྱི་བདེ་པ་གཉིས་གླ་བོ་ལྡིང་ལྡིང་བྱས་ནས་མཆོངས་འོངས་ཏེ་ཨ་ནེ་ལད་བོའི་གཡས་
གཡོན་ནས་བཟུང་སྟེ་བསམ་དབང་དྲན་དབང་མེད་པར་གཞན་ཞིག་ཏུ་ཁྲིད་སོང༌།
འདི་ལྟ་བུའི་ཛ་དྲག་གི་དུས་སྐབས་སུ། ལྕམ་མོ་སྡེ་བའི་རྒད་པོ་རྣམས་ཉི་མར་ལྡེ་ནས་འདུག་ཐབས་ག་ལ་ཡོད། དེ་བས་རྒད་
པོ་ཞིག་གིས་སྡོང་བོ་བརྒྱད་ཚེབ་སྟེང་གི་ཅོང་ཆེན་དེ་དྲག་ཏུ་བརྡུངས་པ་ན་ཅོང་སྒྲ་བང་བང་དུ་ལྕམ་མོ་ཡུལ་ཁམས་ཡོངས་སུ་
ཁྱབ་ཅིང༌། ལྕམ་མོ་སྡེ་བའི་རྒད་པོ་རྣམས་སྡེ་དཔོན་ཚང་ལ་ཚོགས་འདུར་སོང༌།
སྐབས་ངེར་གྲལ་མགོ་ན་སྡོད་པའི་ཨ་ཁུ་ཆོས་དར་གྱིས་མིག་གིས་ཡར་ལྟ་མར་ལྟ་ཞིག་བྱས་པ་ན་ད་གཟོད་རྒད་པོ་གཅིག་
ཚོགས་འདུར་ཞུགས་མེད་པ་རྟོགས། དེ་ནི་གཞན་མ་ཡིན་པར་ཨ་ཁུ་འབྲུག་རྡང་རེད། རྒད་པོ་ཚོའི་ཁ་ཤོམ་ལ་བལྟས་ན་ད་
ཐེངས་ཁོ་ལ་ཀུ་ཡངས་སྤུ་ཙམ་ཡང་གཏོང་རྒྱུ་མིན་པ་འདྲ། ལ་ལས“སྨན་ཁང་དུ་བསྡད་པའི་རིང་གི་ཉིན་བཅོ་ལྔ་ལ་ཆད་པ་
མི་གཅོད། དེ་ལས་གཞན་ཉིན་གཅིག་ལ་སྒོར་བཅུ། སྐར་གང་ཡང་མར་མི་ཕབ”ཟེར། འགའ་རེས“དེ་ནི་ཆད་པའི་གནད་
དོན་མ་རེད། སྡེ་གྲལ་ནས་འཕུད་དགོས”ཟེར། ཡང་འགའ་རེས“སྒོར་སྟེར་རྒྱུ་མེད་ན་གཡག་རྒན་རྒྱ་ཐོ་ཡིན་ཡང་རུང”ཟེར།
ཉིན་གསུམ་གྱི་རྗེས་སུ། ཨ་ནེ་ལད་བོ་ཉེན་རྟོག་པའི་སྒར་འདབས་སུ་མངོན། ཁོ་མོའི་མིག་འགྲམ་དུ་མིག་སྐྱག་མཐེ་བོང་
ཙམ་ཞིག་ཆགས་ཡོད་ནའང༌། ཁོ་མོའི་ཞེ་སྡང་ད་དུང་ཞི་མེད། ཉེན་རྟོག་པ་རྣམས་ཀྱིས་བྲེལ་ཟིང་གི་བྱ་བའི་ཁྲོད་དུ་ཉིན་གསུམ་
ལ་ཁོ་མོའི་ཐོབ་ཐང་ལ་རྒྱུས་ལོན་བྱས་ཀྱང་སུ་ཡིན་རྩད་མ་ཆོད། དེ་ནས་ལྕམ་མོ་སྡེ་བའི་ཕོ་གསར་ཞིག་གདན་དྲངས་པ་ན་ད་
གཟོད་ཁོ་མོ་སུ་ཡིན་ཉེན་རྟོག་པས་གཞི་ནས་རྟོགས་སོང༌། མ་གཞིར། ཁོ་མོ་ནི་ཁ་སྨད་སྡེ་བའི་བུད་མེད་སྡེ་དམག་མིན་པར་
ལྕམ་མོ་སྡེ་བའི་ཨ་ཁུ་འབྲུག་རྡང་གི་བཟའ་ཟླ། དམག་བཀོད་པ་དགེ་བོའི་ཨ་མ། ཨ་ནེ་ལད་བོ་ཡིན་པ་ངོ་འཕྲོད་པས་ད་གཟོད་
ཉེན་རྟོག་པ་དག་གིས“དགོངས་པ་མ་ཚོམས”ཞེས་དག་སེལ་ཅིག་བྱས་ཏེ་གློད་བཀྲོལ་བཏང༌།
ཨ་ཙི། ཨ་ཁུ་འབྲུག་རྡང་ད་དུང་ཉལ་འདུག ཁོ་རང་ཤི་སོང་བ་ཡིན་ནམ་སྙམ་ན་མིན་ཏེ། ལྕམ་མོ་སྡེ་བའི་རྒད་པོ་ཞིག་དང་
མཉམ་དུ་ཅི་ཞིག་ལ་ཁ་རྩོད་བྱེད་ཀྱིན་འདུག
“སྤྱི་བདེ་ལས་ཁུངས་ཀྱི་བཀག་ཉར་བྲོ་བ་ངས་ཤེས། ཁྱོད་ཀྱིས་མི་ཤེས། ཉིན་བཅོ་ལྔ་ནི་ངོ་མ་ལོ་བཅོ་ལྔ་དང་འདྲ། ད་ནི་
གཡག་རྒྱ་ཐོ་མ་དགོས་གྭ་ཐོ་འཆོར་དགོས་ཀྱང་འགྱོད་པ་མེད། དེང་ཕྱིན་ང་འབྲུག་རྡང་ས་རྩོད་ཀྱི་མགོ་འཛིན་དུ་མི་འབོད་པར་
ཞུ་……”དེ་ནི་ཨ་ཁུ་འབྲུག་རྡང་གི་སྐད་རེད།
མ་གཞིར་རྒད་པོ་དེ་ནི་ཨ་ཁུ་འབྲུག་རྡང་ཐེངས་འདིའི་རྩྭ་ས་རྩོད་གླེང་ལ་མ་ཞུགས་པས་དངུལ་ཆད་ལེན་དུ་འོངས་མཁན་
རེད། ཡིན་ན་ཡང༌། ཁོའི་དངུལ་ཁུག་ཏུ་ད་ལྟ་རང་ཉིད་སྨན་ཁང་དུ་བསྡད་པའི་འཁྲོལ་འཛིན་འགའ་ལས་ཅི་ཡང་མི་འདུག་
པས་གཡག་རྒན་རྒྱ་ཐོ་རྐང་མར་མི་སྟེར་ཀ་མེད་བྱུང༌། ཡང་གཅིག་བཤད་ན། ཁོ་རང་ཐེངས་འདིའི་རྩོད་གླེང་ཁྲོད་ཏུ་ཞུགས་
པའི་སྙིང་སྟོབས་ཤིག་གང་ན་ཡོད། རྒྱུ་མཚན་ནི་སྤྱི་བདེ་ལས་ཁུངས་ཀྱི་བཀག་ཉར་བྲོ་བ་ཨ་ཁུ་འབྲུག་རྡང་གིས་མྱངས་ཡོད་པ་
ལས་ལྕམ་མོ་སྡེ་བས་མྱངས་ག་ལ་མྱོང༌། གླ་གཉིས་བསད་པའི་མཇུག་འབྲས་འདི་ལྟར་ཚབས་ཆེ་ན། ཁོ་རང་ལྕམ་མོ་སྡེ་བར་སྐྱེས་
པ་ནས་ད་ལྟའི་བར་གླ་ཅི་ཙམ་བསད་པའི་གྲངས་དེ་ཇི་ལྟར་དཔོག་ནུས། གལ་སྲིད་དེ་དག་ཐམས་ཅད་སྤྱི་བདེ་ལས་ཁུངས་
ཀྱིས་ཤེས་པ་ན་ཁོ་ལ་མཇུག་འབྲས་ཅི་འདྲ་ཞིག་འབྱུང་བ་ཡང་སུ་ཞིག་གིས་རྟོགས་ཐུབ། དེའི་རྐྱེན་གྱིས་ཁོ་རང་མལ་དུ་ལྷུང་
ཡོད་ལ་ལྷུང་ཡང་སྲིད་རྒྱུ་རེད།
ད་ནི་མུན་ཡང་རུབ་ལ་ཉེ། ཨ་ནེ་ལད་བོ་ལྷས་དཀྱིལ་ན་ཀྲོང་ངེར་ལངས་འདུག་ཅིང༌། ཨ་ཁུ་འབྲུག་རྡང་གི་གཏམ་དེ་དག་
ལ་ལྐོག་ཉན་བྱས་ཏེ་ཐོས་འཕྲལ་ཁོ་མོ་ལ་ཞེ་སྡང་གཞན་དང་མི་མཚུངས་པ་ཞིག་ལངས། རྒྱུ་མཚན་ནི་ད་ནི་གཡག་རྒན་རྒྱ་ཐོ་
ཡང་རང་གི་ལག་ནས་ཤོར་བར་མ་ཟད། ད་དུང་སྟབས་ཉེས་ན་གྭ་ཐོ་ཡང་འཆོར་ཉེན་ཆེ། གང་ལྟར་ཁ་ལན་སྣ་ལན་ཟེར་ཡང་
ལན་ཐག་ཆོད་སྡེ་དཔོན་ཚང་ལན་འདུག གལ་སྲིད་སྡེ་དཔོན་ཚང་ལྟ་བུའི་ལྕམ་མོ་སྡེ་བ་འཚོགས་ས་ཞིག་མེད་ན་ཆད་པ་འདི་
འདྲ་མང་པོ་ཡང་གང་ནས་འབྱུང༌། རྩྭ་ས་རྩོད་ཐེངས་རེར་གཡག་རེའི་ཆད་པ་གཅོད་རྒྱུ་ན་མི་འགྱངས་པར་ལྕམ་མོ་སྡེ་བ་
གཡག་གིས་བཀང་ངེས་ཡིན། དེ་བས་ན་ང་གཉོམ་ཆུང་ལད་བོའི་འཚོ་རྟེན་ཅི་ཞིག་བྱེད་སྙམ་བཞིན་ཕྱགས་མའི་སྣེ་ལ་མེ་བསྒོས་
ཏེ་སྡེ་དཔོན་ཚང་གི་ཁང་བ་མེར་བསྲེག་ཏུ་བརྒྱུགས། མེར་བསྒོས་པའི་ཕྱགས་སྣེ་དེ་ནི་སྐབས་རེར་མིས་བཟོས་འཁོར་སྐར་ཞིག་
དང་མཚུངས་ལ། ལན་རེར་ཨ་སྔོན་དབྱིངས་ཀྱི་སྐར་མདའ་ཞིག་དང་གཉིས་སུ་མི་འདུག
བཞི། ལྕམ་མོ་སྡེ་བའི་མཚན་ལྗོངས།
ལྕམ་མོ་ལ་ཁ་ནས་བལྟས་ན། ལྕམ་མོ་སྡེ་བའི་དཀྱིལ་ན་མེ་ལྕེ་དམར་པོ་ཞིག་ཡོམ་ཡོམ་དུ་མཆེད་པ་མཐོང་ཐུབ། མེ་འོད་ལ་
བརྟེན་ན་སྨག་ཤིནཏུ་ནགཔའི་མཚན་མོ་འདིར་ཡང་ལྕམ་མོ་སྡེ་བའི་ཆགས་དབྱིབས་གསལ་བོར་རྟོགས་ངེས། འོ། དེ་ནི་གཞན་
མ་ཡིན་པར་ཨ་ཁུ་སྡེ་དཔོན་ཚང་རེད། སྤྱིར་ཨ་ནེ་ལད་བོས་ཨ་ཁུ་སྡེ་དཔོན་ཚང་གི་ཁྱིམ་གཞི་འདི་མེ་ཡི་ཞིང་ཁམས་ཤིག་ཏུ་སྒྱུར་
རྩིས་ཡོད་མོད། རྐྱེན་དུ་མས་ཁོ་མོས་སྡེ་དཔོན་ཚང་གི་གཡུལ་ཁའི་རྩྭ་དང་སྒོ་ཁའི་བུད་ཤིང་ལས་མེར་སྲེག་མ་ཐུབ། སྐབས་
འདིར་ལྕམ་མོ་སྡེ་བའི་མཚན་ལྗོངས་ནི་ངོ་མ་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡིན་ནའང༌། མེ་ལྕེ་དམར་པོའི་ཉེ་འཁོར་གྱི་ཀི་སྒྲ་
དང༌། བྱིས་པའི་ངུ་སྐད། ཁྱིའི་ཟུག་སྐད། བོང་བུའི་འོ་དོད་དང་རྟའི་འཚེར་སྐད། ར་ལུག་གི་འབའ་སྒྲ། ནོར་གནག་གི་ངུར་སྒྲ་
སོགས་ཀྱིས་ལྕམ་མོ་སྡེ་བ་ནི་ཡོམ་ཡོམ་དུ་འཁྱོམ་པ་དང་མཚུངས། དེ་ལས་ཀྱང་སྒྲ་འཚུབ་མོ་ཞིག་རྣ་བར་ཟུག་འོངས་པ་ནི་སྡོང་
བོ་བརྒྱད་ཚེབ་སྟེང་གི་ཅོང་ཆེན་གྱི་སྒྲ་རེད། ཡིན་ན་ཡང་ང་སྐྱེས་ནས་དེ་འདྲའི་སྒྲ་འཚུབ་མོ་ཞིག་ཐོས་མ་མྱོང༌། ཕོ་རྒོད་གཉིས་
ཀྱིས་ལྕགས་དབྱུག་རེ་བཟུང་སྟེ་ཅོང་ཆེན་གྱི་གཡས་གཡོན་གཉིས་ནས་སྐོར་རྡུང་བྱས་པ་ན། ཅོང་སྒྲ་ནི་སྡོང་བོ་བརྒྱད་ཚེབ་ཀྱི་
ཉེ་འཁོར་བརྒྱུད་ནས་ལྕམ་མོ་ལུང་བའི་མདུན་རྒྱབ་ཀྱི་གཡའ་བྲག་གི་ཀློང་དུ་འཐིམ་པ་དང༌། དེ་ནས་སླར་ཡང་བྲག་སྐད་ཀྱི་
ཟོལ་དུ་ལྕམ་མོ་དམར་ལུང་དུ་ཁྱབ་པ་ན། ལྕམ་མོ་ཡུལ་ཁམས་ཧྲིལ་བོར་ཅོང་སྒྲ་འཚུབ་མོ་དེས་ཁྱབ་པས། མེ་ལྕེ་དམར་པོའི་
འགྲམ་གྱི་ཀི་སྒྲ་དང༌། ངུ་སྐད། ཟུག་སྐད། འོ་དོད། འཚེར་སྐད། ངུར་སྒྲ་སོགས་ཀྱང་རེ་ཞིག་ལ་ཟིལ་གྱིས་མནན་སོང༌།
སྡེ་མི་ལ་ལ་ད་དུང་ཅོང་གི་རྡུང་རྐྱེན་ལ་ཐེ་ཚོམ་ཟ་བཞིན་ཡོད་ན་ཡང༌། སྔགས་འཆང་རྣམས་ཀྱིས་སྔར་ནས་འདི་ལྟའི་ཅོང་
སྒྲ་འཚུབ་མོ་ཞིག་གྲག་རྒྱུ་ཡིན་པ་མཁྱེན་འདུག དེ་བས་ལྕམ་མོ་སྡེ་བའི་རྒན་རྒོན་རྣམས་མ་ཎྀ་ཁང་དུ་འཚང་ཀ་ཤིག་ཤིག་གིས་
འཚོགས་ཀྱིན་འདུག
སྤྱིར་ཚོགས་འདུ་གཞན་ཞིག་ཡིན་ན་སྡེ་དཔོན་གྱིས་ཚོགསམགོ་འཛིན་དགོས་ཀྱང་དོ་ནུབ་ཀྱི་ཚོགས་འདུ་ལ་སྔགས་འཆང་
དག་གིས་ཚོགས་མགོ་བཟུང༌། རལ་སྣེ་ལ་ཅ་ལ་དམར་པོ་བཏགས་པའི་སྔགས་རྒན་དེས“ད་ཅི་ཞིག་བྱས་ན་དྲག་ངེས་རེད།
ཐབས་ཅི་འདྲ་ཡོད་ན་སྙན་སང་ཞུས”ཞེས་གེ་སར་སྒྲུང་གླུ་ལྟ་བུའི་གྲོས་གཞི་ཞིག་བཏོན་པ་ན། ལྕམ་མོ་སྡེ་བའི་རྒན་རྒོན་
སྔགས་འཆང་དག་སྐྱ་ཀའི་ཚང་ལ་རྡོ་འཕངས་པ་བཞིན་འུར་ཆིལ་ལེབ་གྱུར། དེ་དག་ལས་འགའ་ཞིག་གིས“ལྷ་ཕབ་ན་
བཟང”ཟེར། ལ་ལས“མོ་བཏབ་ན་ལེགས”ཟེར། ཡང་རེ་འགས་ནི“རྩིས་བརྒྱབ་ན་དྲག”ཟེར་བ་སོགས་རང་རང་
གང་ལཡིད་ཆེས་ཡོད་པའི་གཏམ་དེ་མགྲིན་པ་གཟེངས་སུ་བསྟོད་དེ་སྨྲ་བས་དགོངས་འཆར་དེ་དག་གཡག་རྭ་ལྟར་ནམ་ཡང་
མདོ་རྩ་གཅིག་ཏུ་སྒྲིལ་བའི་སྐབས་མེད་པས། སྔགས་“འཆང་དེས“གསུམ་ག་ཡང་ཐབས་མཆོག་རེད”ཅེས་མི་གསུང་ཀ་
མེད་བྱུང༌།
དེ་བས། ལྕམ་མོ་སྡེ་བའི་མ་ཎི་ཁང་དུ་ཤིང་ཁྲི་ཆུང་ཆུང་ཞིག་བཤམས། དེའི་སྟེང་དུ་འབོལ་གདན་བཏིང༌། སྟེང་དུ་ལྷ་ཆས་
མ་ཚང་བ་མེད་པར་གྱོན་པའི་ལྷ་པ་བཞུགས་ཤིང༌། སྔགས་ཕྲུག་གཉིས་ཀྱིས་མདུན་ནས་ཤུག་བདུག་བྱས་པ་དང༌། སྔགས་
འཆང་གཞན་ཞིག་གིས“ཨ་མ་ལྕམ་མོའི་གསོལ་ཀ”དབྱངས་སུ་གྱེར་ཏེ་བཏོན་པ་ན། རེ་ཞིག་ནས་ལྷ་བའི་མགྲིན་པ་ལས་
ཁག་ཁག་གི་སྒྲ“ཞིག་གྲགས་པ་དང༌། མགོ་བོ་ཌ་རུ་ལྟར་གཡུགས་པས་ཞྭ་མོ་སྣེ་ཚར་སྟེང་གི་འཁྲོལ་དྲིལ་མང་པོ་སི་ལི་ལི་
གྲགས། ལྷ་བ་ནི་དྲག་རྩལ་ལ་མཁས་པའི་མི་མཉེན་སྟོབས་ཅན་ཞིག་དང་མཚུངས་པར་གནམ་ལྡིང་ས་ལྡིང་བྱེད་པ་ལ་བལྟས་ན།
ད་ལྟ་ལྷ་བ་དངོས་སུ་ལྷས་བཟུང་ཡོད་པ་ཤེས་ཐུབ།
“ལྷ་རྒན་ཐུགས་རྗེ་ཅན། སྡེ་དཔོན་ཚང་གི་གཡུལ་ཁའི་རྩྭ་དང་སྒོ་ཁའི་བུད་ཤིང་རྣམས་མེས་འཚིག་པ་དེ་ལྟས་ངན་ཞིག་ཨེ་ལགས”སྔགས་རྒན་དེས་ཞུས།
“ལྷ་རྒན་ཐུགས་རྗེ་ཅན། ཨ་ནེ་ལད་བོ་ལ་ཞེ་སྡང་དེ་འདྲ་ལངས་མ་མྱོང”སྔགས་ཕྲུག་ཤུག་བདུག་བྱེད་མཁན་དེས་
ཞུས།
“ལྷ་རྒན་ཐུགས་རྗེ་ཅན། ཨ་ཁུ་འབྲུག་རྡང་ཟི་ལིང་ལ་སོང་བ་དེ་་་་་་”སྡེ་མི་གཞན་ཞིག་གིས་ཞུས།
“ལྷ་རྒན་ཐུགས་རྗེ་ཅན། སྤྱིར་ལྕམ་མོ་སྡེ་བ་འདི་་……”སྡེ་མི་ཡོངས་ཀྱིས་མགྲིན་གཅིག་ཏུ་ཞུས།
ཡང་དེའི་ཚེ་ཨ་ཁུ་ཆོས་དར་ཚང་གི་མཆོད་ཁང་དུ་བལ་གདན་དཀར་པོ་ཞིག་བཏིངས་པའི་སྟེང་དུ་ཅོག་ཙེ་གྲུ་བཞི་མ་ཞིག་
བཞག དེའི་སྟེང་དུ་མོ་ཆས་རྣམས་བཤམས་ཤིང་མོ་བ་གམ་དུ་ཙོག་པུར་བསྡད་དེ་ཐ་གུ་རིང་ཐུར་དྲུག་ཡོད་པ་དེ་དག་གི་ཐིག་
སྣེ་ཟུར་རེ་ཉིས་གཤིབ་བྱས་པའི་རྩེར་མོ་མདུད་བོར། དེ་ལྟར་མདུད་པ་ཁག་བཞིར་བོར་བའི་ལྷག་མ་གཉིས་མོ་བའི་ལག་ཏུ་
བཟུང་སྟེ་མདུད་པའི་རྣམ་པ་ཅི་རིགས་ལ་སྐེ་བསྲེངས་ཏེ་ཡང་ཡང་ལྟ་བ་དང༌། ཡང་ལག་པའི་མཁྲིག་མར་གོན་པའི་ཕྲེང་བ་
བླངས་ཏེ་སྙིམ་པར་ནས་འཕུར་འཕུར་ཙམ་བྱས་རྗེས་མིག་ཟུང་བཙུམས། ཕྲེང་བའི་ཁུགས་སོ་ཞིག་བྱུང་རྒྱལ་གྱིས་མཚམས་ཕྱེ་
སྟེ་ལག་ཟུར་གིས་ཕྱོགས་གཉིས་ནས་ཕྲེང་རྡོག་ཆ་རེ་ཉུག་ཙམ་ཉུག་ཙམ་བཏང་སྟེ་མཐར་ཕྲེང་རྡོག་ཏུ་ལྷག་ལ་ཡང་ཡང་དཔྱད་
མཐར་མགོ་བོ་མ་ནེའི་འོག་ཏུ་གུག་གུག་འགའ་བྱེད་པ་ལ་བལྟས་ན་ལྕམ་མི་སྡེ་བའི་སྡེ་དཔོན་ཚང་གི་རྩྭ་འབར་རྐྱེན་དེ་ཤེས་
སོང་བ་མཚོན་ཐུབ།
ཡིན་ན་ཡང༌། དགེ་བོ་ཚང་ན་སྨེ་བ་སྤར་ཁའི་རེའུ་མིག་འགོད་བཞིན་པའི་ཨ་ཁུ་རྩིས་པའི་རྩིས་འབྲས་སྔར་ནས་དཔྱད་
ཐོན་བྱུང་ཡོད་པས་ཨ་ཁུ་རྩིས་པའི་གདོང་ལ་རྒྱལ་ཁའི་འཛུམ་མདངས་ཤིག་མངོན་ཡོད། མཇུག་མཐར་ལྷ་པ་མོ་པ་རྩིས་པ་
གསུམ་གྱི་ལུང་བསྟན་མགོ་གཏུགས་པ་ན་དེ་ནི་ཤིང་རྟ་བུབས་ཤིག་ལས་ཕྲལ་བའི་ལྷུ་ལག་ཕྱིར་འཕལ་ག་སྤྲོད་པ་བཞིན་ལྷུ་
འཕྲོད་པས་ལྕམ་མོ་སྡེ་མི་ཡོངས་ཡིད་ཆེས་ཀྱི་མགོ་བོ་མ་ནེ་འོག་ཏུ་གུག་བཞིན་རལ་སྣེ་ལ་ཅ་ལ་དམར་པོ་བཏགས་པའི་སྔགས་
འཆང་དེའི་ཁ་ནང་དུ་ཅེར་འདུག
鉊སྡེ་དཔོན་ཚང་གི་རྩྭ་སྲེག་མཁན་དེ་འདྲེ་རྐང་ཏོ་རེད鉋སྐད་ཆ་དེས་ལྕམ་མོ་སྡེ་བ་འཇིགས་ཡེར་སེ་བཏང༌།
“ཨ་ཁུ་འབྲུག་རྡང་ཟི་ལིང་དུ་ཁྲིད་མཁན་རྔ་འདྲེ་རྐང་ཏོ་རེད”ཚང་མས་ཨ་ཁུ་འབྲུག་རྡང་གི་གདོང་ལ་བལྟས།
“དགེ་བོའི་དམག་བཀོད་དེ་འདྲེ་རྐང་ཏོའི་དམག་བཀོད་རེད”དགེ་བོའི་གདོང་བ་དམར་པོ་དམར་རྐྱང་དུ་གྱུར།
“ལད་བོ་འདྲེ་རྐང་ཏོས་བཟུང་འདུག”ཨ་ནེ་ལད་བོས་ཨག་རིང་ཞིག་བཏབ།
“འདྲེ་རྐང་ཏོ་ཐོག་མར་སྡེ་དཔོན་གྱི་རྗེས་དེད་ནས་འོངས་པ་རེད”ཅེས་མགྲིན་པ་གཟེངས་སུ་བསྟད་ནས་སྨྲས་པ་ན་
ལྕམ་མོ་སྡེ་བ་སྐྱ་ཀའི་ཚང་ལ་རྡོ་འཕངས་པ་བཞིན་དུ་གྱུར།
“འོ་ལེ། སྡེ་དཔོན་ཐེངས་འདིའི་དམངས་འཐུས་ཚོགས་འདུར་ཞུགས་པ་ནས་སྡོན་ཆད་ཀྱི་མི་དེ་རེད་ཟེར་ན་རྣར་མི་
འགྲོ། ཁོ་འགྱུར་འདུག ཨེ་ན”ཨ་ཁུ་ཆོས་དར་གྱིས་རང་གི་གམ་གྱི་རྒད་པོ་དེར་བཤད།
“འོ་ཡ། ཁོས་གླ་རྩི་གཅིག་ལ་སྒོར་ཉིས་སྟོང་སྟེར་བའི་འདྲེ་ཧེབ་དེ་མ་ལངས་པ་ཡིན་ན། ཨ་ཁུ་འབྲུག་རྡང་ཟི་ལིང་དུ་ཅི་
ལ་འགྲོ”རྒད་པོ་དེས་དེ་ལྟར་སྨྲ་བཞིན་རང་གི་གམ་གྱིརྒན་མོ་དེའི་གདོང་ལ་བལྟས།
“ཁོ་ཟི་ལིང་དུ་སོང་མེད་རྒྱུ་ན་ཁོ་ལ་གོད་ཁ་དེ་འདྲ་ཚབས་ཆེན་རྒྱག་མི་སྲིད་ལ། ཁོའི་མགོ་ལ་སྒྱེ་ཡང་བསྐོན་དོན་མེད”
རྒན་མོ་དེས་བཤད།
“དེ་ལྟར་བཤད་ན་དེ་ཡང་བདེན། ཨ་ཁུ་འབྲུག་རྡང་ལ་གོད་ཁ་མ་བརྒྱབ་པ་ཡིན་ན་ཨ་ནེ་ལད་བོ་ལ་ཞེ་སྡང་ཞིག་ཅི་ལ་སྐྱེ།
ངོ་མ་འདྲེ་རྐང་དེ……鉋སྡེ་མི་གཞན་ཞིག་གིས་སྨྲས།
鉊དེས་ན་སྡེ་དཔོན་ཚང་གི་རྩྭ་ཡང་འབར་དོན་མེད鉋ཚང་མས་བཤད།
鉊དགེ་བོའི་མགོ་ལ་དབྱུག་པ་ཡང་འབབ་མི་སྲིད鉋ཚང་མས་བཤད།
鉊……鉋
ཉིན་ཅི་ཙམ་འགྱངས་པ་ནི་ང་ལའང་བཤད་རྒྱུ་མེད་མོད། ད་ལྟའི་དུས་འདིར་ལྕམ་མོ་ཡུལ་ཁམས་སུ་ལྷ་པ་མོ་པ་རྩིས་པ་
གསུམ་གྱི་ལུང་བསྟེན་དེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་པ་དང༌། དེ་ལ་བརྟེན་ནས་ལྕམ་མོ་ཡུལ་ཁམས་དེ་ས་རྣམ་པ་གསུམ་དུ་གཡོས་
པ་སྟེ། སྔགས་འཆང་རྣམས་ཀྱིས་ཉིན་ཞག་བདུན་ལ་འཁར་རྔ་དང་ཌ་རུའི་སྒྲ་མ་ཆད་པར་འདྲེ་མཐར་སྐྲོད(ད་ལྟ་འདྲེ་རྐང་
ཏོའི་བསྟན་པ་ཤིན་ཏུ་དར་ཡོད་པས་ཞི་བའི་སྒོ་ནས་སྡེ་བ་གཞན་ཞིག་ལ་མཐར་སྐྲོད་གཏོང་བ་ལས་དྲག་པོས་འདུལ་མི་ཐུབ)
ཀྱི་ཆོ་ག་བྱེད་ཀྱིན་ཡོད་པ་དང༌། རྒད་པོ་དག་གིས་སྡེ་ཁྲིམས་དམར་པོ་མེ་ལས་དབལ་ཚ་བ་ཞིག་རྩོམ་བཞིན་ཡོད་ཅིང༌། ཕོ་
གསར་དག་གིས་དམག་བཀོད་པ་གསར་བ་ཞིག་གི་བཀོད་འདོམས་འོག་སྡེ་བའི་ལ་རྒྱ་བཟུང་ཞིང་ཁ་སྨད་ལ་དོགས་ཟོན་མཐོར་
འདེགས་བྱེད་ཡོད།
བདུན་གཅིག་གི་རྗེས་སུ། ད་གཟོད་ན་ཎི་ཁང་གི་ཌ་རུའི་སྒྲ་རིམ་གྱིས་འཇགས་ཤིང་རྒད་པོ་དག་གིས་བརྩམས་པའི་སྡེ་
ཁྲིམས་ཀྱང་ཁྱབ་བསྒྲགས་བྱེད་ཐུབ་པ་བྱུང༌།
སྡེ་ཁྲིམས་ཀྱི་དགོངས་དོན་མདོར་བསྡུས་ན་འདི་ལྟ་སྟེ། གཅིག ལྕམ་མོ་སྡེ་བར་འདྲེ་རྐང་ཏོ་མི་འིང་ཆེད། སྡེ་མི་རྣམས་རྩྭ་
ས་རྩོད་གླེང་གི་སྐབས་མ་གཏོགས་ལྕམ་མོ་ལ་ཁའི་ཕན་ཆད་དུ་འགྲོ་མི་ཆོག གཉིས། ལྕམ་མོ་སྡེ་བ་དང་རྫོང་མཁར་བར་གྱི་
གཞུང་ལམ་དེ་鉊སྐབས་དགུ་བའི་དམངས་འཐུས་ཚོགས་ཆེན་鉋མ་གཏོགས་鉊སྐབས་ཉི་ཤུ་བའི་དམངས་འཐུས་ཚོགས་ཆེན་鉋
གྱིས་ཐག་བཅད་ཀྱང༌། ལྕམ་མོ་སྡེ་བ་ལ་鉊ཨ་མ་ལྕམ་མོའི་གསང་ལམ鉋སྲུང་སྐྱོབ་བྱེད་པའི་བཀའ་ཡོད་པས། ང་ཚོས་སྲོག་
དམར་པོ་ཡིན་ཡང་འབེན་ལ་འཇོག་དགོས། གསུམ། དེང་ཕྱིན་ཆད་སུ་ཞིག་ལ་ཨ་ཁུ་འབྲུག་རྡུང་གི་ཀླད་པའི་ཚ་རླབས་ལྟ་བུ་
ཞིག་ལངས་ཚེ་མྱུར་དུ་སྔགས་འཆང་རྣམས་ཀྱི་མདུན་དུ་སོང་སྟེ་གདོན་གྲོལ་བྱ་དགོས་ཞེས་པ་དེ་རེད།
དེ་རིང་ལྕམ་མོ་སྡེ་བའི་རྒན་གཞོན་རྣམས་ཀྱི་མིག་འཁྲུལ་བ་མིན་ན། འདྲེ་རྐང་ཏོ་ལྕམ་མོ་ལ་ཁ་ནས་ནག་ཡོར་སེ་རྐང་ཡ་
གཅིག་གི་ཁར་ལངས། ཁ་ལག་པས་བཀབ། རྐུབ་གཡས་གཅུ་གཡོན་གཅུ་བྱེད་བཞིན་གད་མོ་དགོད་བཞིན་འདུག་ཟེར།
ཡང་ལ་ལས་བཤད་ན། འདྲེ་རྐང་ཏོ་རྐང་པ་ཡ་གཅིག་གིས་འགྲེང་སྟེ་འབལ་མང་རའི་ཕྱོགས་སུ་ཅེར་ཡོད་ཟེར། གང་ལྟར་
ད་ནི་ལྕམ་མོ་སྡེ་བ་ནས་སོང་པ་ཐག་གིས་ཆོད། དེ་འདྲ་མིན་ན། སྡེ་དཔོན་ཚང་གི་གྱང་རྩའི་སྡེ་མི་དེ་དག་ལ་ལྟོས་དང༌། ཁོ་ཚོས་
བློ་བཀལ་ནས་འདྲེ་སྒྲུང་ལ་ཉན་མི་སྲིད་པ་དང༌། ཨ་ཁུ་འབྲུག་རྡང་གི་ཁ་ལྕེ་ཇི་བདེ་དང་ལུས་ཀྱི་ཉམས་འགྱུར་ཇེ་ཡག་ཏུ་ཡང་
འགྲོ་ག་ལ་སྲིད……

རྩོམ་སྒྲིག་པ་ཚེ་རིང་མཁར་ཡིན།

བརྒྱུད་སྐུལ།

མཆན་སྤེལ།