མཁས་དབང་ར་སེ་དཀོན་མཆོག་རྒྱ་མཚོ་མཆོག་གི་ཕྱག་དེབ་མི་བུ་ཕལ་པའི་ཤེས་རབ་ཀྱི་དཔལ་ཞེས་པ་གསར་ཐོན།

མཁས་དབང་ར་སེ་དཀོན་མཆོག་རྒྱ་མཚོ་མཆོག་གི་ཕྱག་དེབ་མི་བུ་ཕལ་པའི་ཤེས་རབ་ཀྱི་དཔལ་ཞེས་པ་གསར་ཐོན།
དོན་དམ་པའི་བོད་རིག་པ་ཞིབ་འཇུག་པ་མཁས་དབང་ར་སེ་དཀོན་མཆོག་རྒྱ་མཚོ་མཆོག་གིས་བོད་རེ་བ་ཅན་གཙོར་བྱས་པའི་དེ་སྔོན་རིན་ཐང་གཞལ་དུ་མེད་པའི་བརྩམས་ཆོས་དུ་མ་ཞིག་འུ་ཅག་གི་མིག་ལམ་དུ་བསྟར་མྱོང་ལ། དེས་བོད་ཀྱི་སྤྱི་ཚོགས་ལ་ཤུགས་རྐྱེན་ཧ་ལས་པ་ཐེབས་ཡོད། ད་སྐབས་རྩ་བའི་ཆ་ནས་བོད་ཡིག་ངོ་ཤེས་ནས་ར་སེ་དཀོན་མཆོག་རྒྱ་མཚོ་མི་ཤེས་པ་མེད་པའི་ཟོལ་འདྲ་ཆགས་ཟིན་པས། དེ་དག་ནི་རླབས་ཆེན་སྐྱེས་བུ་ཞིག་གིས་མང་ཚོགས་ཀྱི་འཚོ་བའི་ནང་ལ་བསམ་བློ་རྒྱག་ཕྱེ་བྱིན་པ་དང་མཚུངས་ལ།

ད་སྐབས་ཀྱང་མི་བུ་ཕལ་པའི་ཤེས་རབ་ཀྱི་དཔལ་ཞེས་པའི་བརྩམ་དེབ་གསར་པ་ཞིག་བརྩམས་གནང་འདུག་ལ། ནང་དོན་གཙོ་བོ་ཁོང་ལྟ་ལོག་པ་ཡིན་མིན་དང་། ལྟ་ལོག་ཟེར་བའི་ཉེས་ཞྭ་གཡོགས་མིན་ལ་མ་ལྟོས་པར་བོད་ཀྱི་ཆོས་དང་རིག་གནས། དད་མོས་དང་འདུ་ཤེས་འཛིན་སྟངས་སོགས་བསམ་གཞིགས་ཀྱི་འབྲས་བུ་གཅིག་ཏུ་སྤུངས་ནས་གཟིགས་མོར་བཤམས་པ་ཞིག་ཡིན་པས། ལྟ་ལོག་པ་ཟེར་བ་ཡག་ཉེས་ཅི་ཞིག་ཡིན་མིན་ཡང་གཟིགས་ཐུབ།
མདོར་ན་ང་ཚོས་གནའ་དེང་རིག་གནས་ཀྱི་བར་ཐག་རྒྱང་ནས་རྒྱང་དུ་གྱེས་བཞིན་པའི་གནས་སྟངས་སྐྱོ་པོ་འདིར་རིག་གནས་གསར་རྙིང་གི་དབྱེ་ཞིབ་ལེགས་པོ་ཞིག་བྱས་ཡོད་པས། དཔེ་ཀློག་ལ་དགའ་བའི་སྐྱེ་བོ་ཚོས་གོ་སྐབས་དམ་འཛིན་གནང་རོགས། ཁོང་གི་གྲོགས་པོ་ཁྱུང་ཡོན་ནས།

གསལ་བཤད། དཔེ་དེབ་ཤོག་གྲངས་ ༦༢༠ ཡོད་ལ། སྡེབ་ཚོང་ལས་སིལ་འཚོང་བྱེད་ 5I
VX:ky7153 /DL: 18108914111
ཡོང་ཁུངས། ཁྱུང་ཡོན་བོད་ཡིག་སྤྱི་སྟེགས།

བརྒྱུད་སྐུལ།

མཆན་སྤེལ།