༄༅། །ཞབས་བརྟན་སྲོང་བཙན་འོད་དཀར་བཞུགས་སོ། །
༄༅།།དཔལ་འབྲི་གུང་མལ་གྲོ་ཀ་ཚལ་ དགོན་གྱི་མཆོག་སྤྲུལ་གཉའ་ལྟག་དཀོན་མཆོག་བསྟན་ འཛིན་ཐུབ་བསྟན་དབང་པོའི་ཞབས་བརྟན་སྲོང་བཙན་འོ ད་དཀར་ཞེས་བྱ་བ་བཞུགས་སོ། །
ཨོཾ་སྭཱ་སྟི།
དཀོན་པའི་མཆོག་གྱུར་ཡིད་བཞིན་ དབང་གི་རྒྱལ། །
རྒྱལ་བའི་བསྟན་པ་འཛིན་ལ་ཟླ་བྲལ་ བ། །
ཐུབ་པའི་བརྟུལ་ཞུགས་བསྟན་པའི་རྒྱ ལ་མཚན་ཆེ། །
གྲུབ་པའི་དབང་ཕྱུག་ཆེན་པོ་ཞབས་ བརྟན་གསོལ། །
བགྲང་ཡས་ཐུགས་བསྐྱེད་དུས་སུ་སྨི ན་པ་ཡིས། །
སྙིགས་དུས་འགྲོ་བའི་སྐྱབས་གནས་ པད་འབྱུང་དང༌། །
སྲོང་བཙན་འཕྲིན་ལས་འོད་དཀར་འབྱེ ད་མཛད་པའི། །
གཉའ་ལྟག་ཐུབ་བསྟན་དབང་པོ་ཞབས་ བརྟན་གསོལ། །
ཀླུ་གྲུབ་གཉིས་པའི་རིང་ལུགས་སྤེ ལ་ཕྱིར་དུ། །
ཡོངས་འཛིན་མཆོག་སྤྲུལ་སྐུ་ཕྲེང་ དུ་མ་རུ། །
བསྟན་པའི་ཁུར་ཆེན་བདག་གིར་བཞེས་ མཛད་པའི། །
གཉའ་ལྟག་ཐུབ་བསྟན་དབང་པོ་ཞབས་ བརྟན་གསོལ། །
ཞེས་རྒྱལ་བ་འབྲི་གུང་པའི་མཚན་གྱི ས་བྱིན་གྱིས་རླབས་པ་དཀོན་མཆོག་ བསྟན་འཛིན་ཀུན་བཟང་འཕྲིན་ལས་ལྷུན་གྲུ བ་ཀྱིས། ། རབ་གནས་ཤིང་རྟ་སྤྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༩ ཉིན་ལ།
༄༅། །ཞབས་བརྟན་འཆི་མེད་མཆོག་སྩོལ་མ།
ངོ་བོ་ཀློང་ཡངས་ཆོས་སྐུ་རྡོ་རྗེ ་འཆང་།།
རང་བཞིན་མ་འགག་ལོངས་སྐུ་ཚེ་དཔག་ མེད།།
ཐུགས་རྗེའི་ཀུན་ཁྱབ་མཚོ་སྐྱེས་ རྡོ་རྗེ་ལ།།
གསོལ་བ་འདེབས་སོ་ཚེ་དབང་མཆོག་གྲུ བ་སྩོལ།།
ཐུབ་ཆེན་རྒྱལ་བའི་བཀའ་གསང་མཚན་ ཉིད་ཐིག།
རྨད་བྱུང་མཚོ་སྐྱེས་རྡོ་རྗེས་ གསང་བ་སྔགས།།
མདོ་སྔགས་ཟུང་འཇུག་བསྟན་པའི་སྒྲོ ན་མེ་མཆོག།
ཞབས་པད་བརྟན་ཅིང་མཛད་འཕྲིན་རབ་ འཕེལ་ཤོག།
རིམ་གཉིས་ཟབ་མོའི་དོན་ལ་མངའ་ དབང་འབྱོར།།
རྩ་གསུམ་འདུས་ཞལ་མཆོག་གི་སྤྲུལ་ སྐུ་ཉིད།།
ཚེ་དཔག་མེད་པའི་ངོ་བོ་འཚོ་བ ཞེས་ཤིང་།།
རྟག་བརྟན་འགྱུར་མེད་གཡུང་དྲུང་ ངོ་བོ་རུ།།
ཞབས་པད་བརྟན་ཅིང་མཛད་འཕྲིན་རབ་ འཕེལ་ཤོག།
ཚེ་འོད་དཔག་མེད་གཙུག་གཏོར་རྣམ་ པར་རྒྱལ།།
ཡིད་བཞིན་འཁོར་ལོ་གྲུབ་པའི་རྒྱ ལ་མོ་སོགས།།
བདེན་ཚིག་གྲུབ་པའི་དྲང་སྲོང་ཚོ གས་རྣམས་ཀྱིས།།
རྣམ་དག་སྨོན་པས་དོན་ཀུན་འགྲུབ་ པར་མཛོད།།
ཅེས་པ་འདི་ཡང་མལ་གྲོ་ཀ་ཚལ་དགོན་ གྱི་དགེ་སློང་ བྱམས་པ་ཆོས་འཕེལ་ནས་རིམ་གཉིས་ མཛོད་དར་ བཅས་སྐུལ་ངོར་བཟློག་མ་ཕོད་ནས་ འབྲོང་བན་བློ་ བཟང་བདེ་ཆེན་ནས་བོད་ཆུ་བྱ་ལོའི་ ཧོར་ཟླ་ ༡༡ ཚེས་ ༩ ཉིན་ཉི་མ་བྱང་བགྲོད་ཀྱི་དུས་དགེ ་བར་གསོལ་བ་བཏབ་པས་དགེ་ལེགས་འཕེ ལ།