རང་གི་ཚུལ་ལ་བསམ་པའི་ཧ་ཅང་སྐྱོ་བའི་གནས་ཚུལ་བཅོ་བརྒྱད།

རང་གི་ཚུལ་ལ་བསམ་པའི་ཧ་ཅང་སྐྱོ་བའི་གནས་ཚུལ་བཅོ་བརྒྱད།

ཧའོ་རིན་པོ་ཆེ་༸ཚེ་དབང་དོན་གྲུབ་མཆོག

 

 

༄༅། །རང་གི་ཚུལ་ལ་བསམ་པའི་ཧ་ཅང་སྐྱོ་བའི་གནས་ཚུལ་བཅོ་བརྒྱད། 

ཧའོ་རིན་པོ་ཆེ་ཚེ་དབང་དོན་གྲུབ་མཆོག

思考自身行为的十八种可悲之事

 

皓仁波切慈旺顿珠

ན་མོ་ཨརྱ་ཏ་རེ་ཡེ། །

南无阿尔雅达日益

མི་ཚེ་གཅིག་དངུལ་ལོར་གྱི་བྲན་གཡོག་བྱས་ཀྱང་དངུལ་ལོར་གྱིས་གཞན་ལ་ཕན་མ་ཐུབ་པ་དེ་ཧ་ཅང་སྐྱོ།

一生为金钱的奴才,却不能以金钱来利益他人,是乃可悲。

མི་ཚེ་གཅིག་ལས་ལ་འབད་ཀྱང་ཉིན་གཅིག་ཀྱང་གཞན་ཕན་གཙང་མར་སོང་ཐུབ་མེད་པ་དེ་ཧ་ཅང་སྐྱོ།

一生忙忙碌碌,却没有一日利他,是乃可悲。

 

མི་ཚེ་གཅིག་རིག་གནས་སྦྱངས་ཀྱང་ཐུན་ཚོད་གཅིག་ཀྱང་གཞན་ངོས་ལ་བསླབ་མ་ཐུབ་པ་དེ་ཧ་ཅང་སྐྱོ།

一生学习文化,却一刻也没能向他人学习,是乃可悲。

མི་ཚེ་གཅིག་ཟས་ལ་རོལ་ཀྱང་ཉིན་གཅིག་ཀྱང་དཀར་ཟས་བྱེད་རྒྱུ་མ་བྱུང་བ་དེ་ཧ་ཅང་སྐྱོ།

一生吃食,却没有吃过哪怕一天的素食,是乃可悲。

མི་ཚེ་གཅིག་ནང་ཆོས་ལ་བཞུགས་ཀྱང་ཐུན་གཅིག་ཀྱང་བྱང་ཆུབ་ཀྱི་སེམས་སྒོམ་མ་མྱོང་བ་དེ་ཧ་ཅང་སྐྱོ།

一生都在佛门,却没有修持过一刻的菩提心,是乃可悲。

མི་ཚེ་གཅིག་ཐོས་བསམ་ལ་ཕྱིན་ཀྱང་རང་སེམས་ཏིལ་འབྲུ་ཙམ་ཡང་བརྟུལ་མ་ཐུབ་པར་སྔར་བཞིན་ལུས་པ་དེ་ཧ་ཅང་སྐྱོ།

一生闻思,却未能调服自心丝毫而依然如故,是乃可悲。

མི་ཚེ་གཅིག་དབང་ཆའི་བདག་པོ་བྱས་ཀྱང་རང་རིགས་ལ་ཞབས་འདེགས་ཀྱི་ནུས་པ་ཉིན་གཅིག་ཀྱང་མ་བཏོན་པ་དེ་ཧ་ཅང་སྐྱོ།

一生驾驭权利,却没能为本社会服务过哪怕一天,是乃可悲。

མི་ཚེ་གཅིག་བླ་མ་བསྟེན་ཀྱང་དད་པའི་མིག་ཆུ་ལན་གཅིག་ཀྱང་ཤོར་མ་མྱོང་བ་དེ་ཧ་ཅང་སྐྱོ།

一生依止上师,却从未流过一次虔诚的眼泪,是乃可悲。

མི་ཚེ་གཅིག་རང་གཡོག་བྱས་ཀྱང་རང་མགོ་མ་ཐོན་པར་དཀྱུས་མར་ལུས་པ་དེ་ཧ་ཅང་སྐྱོ།

一生都是私心的奴才,却仍是不能自立而碌碌无为,是乃可悲。

༡༠

མི་ཚེ་གཅིག་གཞན་ལ་བལྟས་ཀྱང་གཞན་གྱི་ཡོན་ཏན་ཁབ་ཙམ་ཡང་མ་མཐོང་བ་དེ་ཧ་ཅང་སྐྱོ།

一生都在看着别人,却看不到别人的丝毫优点(功德)是乃可悲。

༡༡

མི་ཚེ་གཅིག་བསམ་བློ་བཏང་ཡང་དོན་སྙིང་ཆེ་ཞིག་ཡིད་ལ་མ་དྲན་པ་དེ་ཧ་ཅང་སྐྱོ།

一生都在思考,却想不出任何有意义的东西,是乃可悲。

༡༢

མི་ཚེ་གཅིག་སྐད་ཆ་བཤད་ཀྱང་ཕན་སེམས་ཀྱི་སྐད་ཆ་སྣ་གཅིག་ཀྱང་མ་ཐོན་པ་དེ་ཧ་ཅང་སྐྱོ།

一生都在说语,却没有说出一句利益他人之话,是乃可悲。

༡༣

མི་ཚེ་གཅིག་སྒོམ་ལ་བཞུགས་ཀྱང་གནད་ཐིག་གི་སྙིང་པོ་མ་མཐོང་བ་དེ་ཧ་ཅང་སྐྱོ།

一生都在禅修,却悟不出究竟的真理,是乃可悲。

༡༤

མི་ཚེ་གཅིག་ཕ་མའི་དྲུང་དུ་གནས་ཀྱང་ཕ་མ་མཉེས་པའི་ལས་ཀ་སྣ་གཅིག་ཀྱང་མ་གྲུབ་པ་དེ་ཧ་ཅང་སྐྱོ།

一生都在父母身边,却做不出任何让父母满意之事,是乃可悲。

༡༥

མི་ཚེ་གཅིག་བསྟན་པའི་མགོ་རུ་བསྡད་ཀྱང་བསྟན་དོན་ཉིན་གཅིག་ཀྱང་མ་གྲུབ་པ་དེ་ཧ་ཅང་སྐྱོ།

一生高居教门首座,却一天也不曾成办教门事业,是乃可悲。

༡༦

མི་ཚེ་གཅིག་ལས་ཀ་སྣ་ཚོགས་ལ་འཇུག་ཀྱང་ལས་ཀ་གཅིག་ཀྱང་མཐར་མ་གསོན་པ་དེ་ཡང་ཧ་ཅང་སྐྱོ།

一生都在进行各种事业,却一件事情也没能圆满,是乃可悲。

༡༧

མི་ཚེ་གཅིག་ཡོན་ཏན་ཅན་དང་མཉམ་དུ་འགྲོགས་ཀྱང་རང་ལ་ཡོན་ཏན་སྣ་གཅིག་ཀྱང་མ་ཐོབ་པ་དེ་ཡང་ཧ་ཅང་སྐྱོ།

一生都在于贤人为伴,却自己得不到任何德行,是乃可悲。

༡༨

ཧ་ཅང་སྐྱོ་དགོས་པའི་གནས་ཚུལ་འདི་དང་གཞན་ཡང་རང་ལ་ཡོད་ཀྱང་ཧ་གོ་ཙམ་ཡང་མེད་པ་དེ་ནི་ཧ་ཅང་ཧ་ཅང་གི་སྐྱོའོ།། །།

自身有着这些以及更多可悲之事,却毫无知觉,是乃可悲。

弟子主尊旦塔恭译

于皓寺塔朗佛学院

2020/6/23

བརྒྱུད་སྐུལ།

མཆན་སྤེལ།