༄༅།། སྨོན་ལམ་འདོན་སྒྲིག་སྐོར་ལས་ བརྩམས་ཏེ་དྲི་བ་མང་ཙམ་དྲིས་པའི་ ལན་ཕྱོགས་གཅིག་ཏུ་བཀོད་པ་བཞུགས་ སོ།།
མཛད་པ་པོ། དབལ་མང་དཀོན་མཆོག་རྒྱལ་མཚན།
ན་མོ་གུ་རུ། བདུད་དང་མུ་སྟེགས་ཐམས་ཅད་སྟོབས་ བཅུའི་སྒོ་ནས་ཟིལ་གྱིས་གནོན་པའི ་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་ པ་དང་ངོ་བོ་དབྱེར་མ་མཆིས་པའི་ དཔལ་ལྡན་བླ་མ་དམ་པའི་ཞབས་ལ་གུས་ པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ ་མཆིའོ།།
དེ་ལ་འདིར་དྲི་བ་རྣམས་ཀྱི་ལན་ ཕྱོགས་གཅིག་ཏུ་འགོད་ན། ཆོ་འཕྲུལ་སྨོན་ལམ་འཚོགས་པའི་སྐ བས་སུ་བླ་མ་ཕེབས་སྐབས་དམིགས་བརྩེ ་མ་འཐེན་ཞིང་གསུངས་པ་ནི། བླ་མ་དང་རྗེ་རིན་པོ་ཆེ་དབྱེར་མེ ད་དུ་གོ་དགོས་པའི་བརྡ་ཡིན་པས་སྐ བས་ཀུན་དུ་ཤེས་དགོས། ལེགས་བྲིས་མ་ནི་རྒྱལ་བ་དགེ་འདུ ན་གྲུབ་ཀྱིས་གསུངས་པ་ཡིན་པས།
རྗེ་རིན་པོ་ཆེས་ཚུགས་པ་མིན་འགྲོ ། བདག་གིས་བསམ་ཚོད་ལ་ལྷ་ས་སྨོན་ ལམ་ལ་དགེ་ལུགས་པ་མེད་པར་ཀརྨ་པ་ འཚོགས་ནས་ལོ་ཉི་ཤུ་ཙམ་སོང་བའི་ ཚེ་རྒྱལ་བ་དགེ་འདུན་རྒྱ་མཚོའི་ ཐབས་མཁས་ལ་བརྟེན་ནས་དགེ་ལུགས་པ་ འཚོགས་ཐུབ་པ་བྱུང་བ་གྲགས་ཆེ་ཞི ང་ད་ལྟའི་བར་ལྷ་ས་སྨོན་ལམ་ལ་འབྲ ས་སྤུངས་པ་དབང་བཙན་པ་ཡང་རྒྱལ་བ་ དགེ་འདུན་རྒྱ་མཚོ་འབྲས་སྤུངས་ཀྱི ་མཁན་པོ་ཡིན་པའི་རྒྱུ་མཚན་གྱིས་ ཡིན།
དེས་ན་ལེགས་བྲིས་མ་རྗེ་རིན་པོ་ ཆེའི་འཕྲིན་ལས་ཡུན་རིང་དུ་གནས་ པའི་ཕྱིར་རྒྱལ་བ་དགེ་འདུན་རྒྱ་ མཚོས་ཚུགས་པ་ཡིན་ནམ་སྙམ། བཅོམ་ལྡན་འདས་མ་སོགས་ནི། རྒྱལ་ཚབ་རྗེར་མནལ་ལམ་དུ་རྒྱལ་བ་ དགེ་འདུན་གྲུབ་ཀྱིས་ཞལ་བསྟན་ནས་ ལེགས་བྲིས་མའི་མཇུག་ཏུ་འདི་ལྟར་ བཏོན་ན་ལེགས་ཞེས་གསུངས་པར་རྒྱལ་ ཚབ་རྗེའི་རྣམ་ཐར་འགའ་ཞིག་ལས་ བཤད། སྐབས་གསུམ་པ་ནས་ཤིས་བརྗོད་ཀྱི་ བར་རྗེ་རིན་པོ་ཆེས་གསུང་བཀོད་ཡི ན་པར་སེམས་ཤིང་། སྐབས་གསུམ་པ་ནི་བསྟོད་ཆེན་དང་ བསྟོད་ཆུང་བཞིའམ་གསུམ་གྱི་ནང་ ཚན་བྱིན་རླབས་ཀྱི་ཚན་ཀ་ཤིན་ཏུ་ ཆེ་བ་ཡིན་ལ། བསྟོད་ཚན་གསུམ་ནི་བསྟན་པའི་བདག་ པོ་ཐུབ་དབང་ལ་བསྟོད་པ་ལེགས་བཤད་ སྙིང་བོ། ཟབ་མོ་ལྟ་བའི་བདག་པོ་འཇམ་དབྱངས་ ལ་བསྟོད་པ་བསྟོད་སྤྲིན་རྒྱ་མཚོ། རྒྱ་ཆེན་སྤྱོད་པའི་བདག་པོ་བྱམས་ པ་ལ་བསྟོད་པ་ཚངས་པའི་ཅོད་པན་གསུ མ་དང་། བཞིར་བྱེད་ན་དེའི་སྟེང་དུ་རྣམ་ རྒྱལ་མའི་བསྟོད་པ་འཆི་མེད་གྲུབ་ པ་བསྣན་པ་ཡིན། བསྟོད་ཆུང་གསུམ་ནི་ཐུབ་དབང་གི་ བསྟོད་པ་བྱིན་རླབས་མྱུར་འཇུག་ གམ་སྐབས་གསུམ་པ། འཇམ་དབྱངས་བསྟོད་པ་མཚམས་སྤྲིན་ གཞོན་ནུ་མ། བྱམས་པའི་བསྟོད་པ་ཟབ་ཡངས་མ་གསུ མ་ཡིན་ལ། བཞིར་བྱེད་པ་ལ་གདུགས་དཀར་བསྟོད་ པ་རྒྱལ་བ་བྱེ་བ་མ་དང་། ཚེ་དཔག་མེད་ཀྱི་བསྟོད་པ་ཉི་གཞོ ན་འཆར་ཀ་མ་བསྣན་པའི་ལུགས་གཉིས་ སྣང་། བྱམས་སྨོན་ནི་བསྟན་པ་འདིར་ཞུགས་ པ་རྣམས་བྱམས་པའི་འཁོར་དུ་སྐྱེ་ བར་གསུངས་པ་ལྟར་དེའི་རྒྱུར་དགོ ངས་པ་ཡིན་ལ། བསྟན་པ་ཡུན་རིང་དུ་གནས་པ་འདུལ་ ཁྲིམས་རྣམ་དག་ལ་རག་ལས་པས་ན་ཚུལ་ ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག་གི་ སྐབས་སུ་མཇལ་ཁ་ཞུ་བར་སྣང་། སྤྱིར་དགེ་ལུགས་པའི་འདུལ་ཁྲིམས་ རྣམ་དག་གི་སྲོལ་རྨད་དུ་བྱུང་བ་ འདི་ཉིད་བྱམས་མགོན་གྱི་ཐུགས་རྗེ ་ལ་བརྟེན་པ་ཡང་ཡིན་ཏེ། རྫིང་ཕྱིས་བྱམས་པའི་ཞིག་གསོས་ དང་། ཚངས་ཅོད་མ་བརྩམས་པའི་རྣམ་ཐར་སོ གས་ཀྱིས་ཤེས་སོ།། ཐོག་མཐའ་བར་ནི་རྗེ་ཉིད་ཀྱི་ལྷག་ བསམ་རྣམ་དག་གི་སྟོབས་ཀྱིས་བསྐྲུ ན་པའི་སྨོན་ལམ་འགྲན་ཟླ་དང་བྲལ་ བ་ཡིན་ལ། ལུས་ཅན་འཁོར་བའི་མཚོ་ལས་སྒྲོལ་ བར་ཤོག། ཅེས་པའི་སྐབས་སུ་མཇལ་ཁ་ཞུ་བ་ནི་ བྱང་ཆུབ་ཀྱི་སེམས་གསལ་འདེབས་པའི ་ཆེད་དུ་སྣང་།
སྨོན་ལམ་གཏང་རག་གི་ཉིན་མི་ནུབ་ བསྟན་པའི་རྒྱལ་མཚན་འཛིན་པར་ཤོག་ གི་སྐབས་སུ་མཇལ་ཁ་ཞུ་བ་ནི། བསྟན་པ་ཡུན་རིང་དུ་གནས་པའི་རྟེ ན་འབྲེལ་དང་། བསྟན་པ་ཡུན་རིང་དུ་གནས་པ་ཡང་དེ་ བཞིན་གཤེགས་པའམ་བླ་མའི་གསུང་གི་ མཛད་པ་ལ་རག་ལས་པ་ན། ཆོས་སྟོན་མཛད་ཅིང་བཞུགས་གྱུར་ཅི ག་གི་སྐབས་སུ་མཇལ་ཁ་ཞུ། དེ་ནས་མཆོད་པའི་ཡོ་བྱད་རྣམས་ཚར་ དུ་དངར་ནས། ཕུན་སུམ་ཚོགས་པ་ཐམས་ཅད་ཅེས་སོ གས་ཚིགས་བཅད་ལྷུག་གཉིས་ཀྱིས་དགོ ངས་གསོལ་དང་སྙན་གསན་ཕབ། མ་ལུས་སེམས་ཅན་སོགས་ཀྱིས་སྤྱན་ དྲངས། འདིར་ནི་གཟུགས་དང་སོགས་ཀྱིས་རྟེ ན་རྣམས་དང་ལྷན་ཅིག་ཏུ་བརྟན་པར་ བཞུགས་པ་སོགས་ཀྱིས་གསོལ་བ་འདེ བས།
སྐུ་ཁྲུས་གསོལ་བར་ཞུ་ཞེས་སོགས་ ཚིགས་བཅད་ལྷུག་གཉིས་ཀྱིས་ཁྲུས་ ཀྱི་སྙན་གསན་ཞུ་ཞིང་ཀུན་སློང་ བརྟན་པོས་དམ་བཅས་ཏེ། སྐུ་ཁྲུས་གསོལ་བའི་ཆེད་དུ་སོ་སོ འི་ན་བཟའ་བསལ་ནས་ཁྲུས་ཁང་གི་གཞི འི་སྐྱེད་མོའི་ཚལ་གྱི་ལྗོན་ཤིང་ སོ་སོའི་ཡལ་ག་འགེལ་བའི་མཚོན་བྱེ ད་དུ་སྟེང་ཁེབས་དང་ཁྲུས་རས་སོ གས་ཕྲག་པར་བཀལ། ཁྲུས་ཁང་གི་མཚོན་བྱེད་དུ་ཁྲུས་ གཞོང་། མེ་ལོང་ཁྲུས་བུམ་དང་བཅས་པ་ལག་ཏུ ་ཐོགས་ཏེ་ཁྲུས་ཀྱི་ཁང་བ་སོགས་ཀྱི ་ཚིགས་བརྗོད་ནས་ལྷ་རྣམས་ཁྲུས་ ཁང་དུ་གཤེགས་པར་བསམ། ཇི་ལྟར་བལྟམས་པ་སོགས་ཀྱི་ཚིགས་ བཅད་སྔགས་དང་བཅས་པས་ཁྲུས་གསོལ་ བའི་ཚེ། ངོ་བོ་ཟག་པ་མེད་པའི་ཕ་རོལ་ཏུ་ཕྱི ན་པ་དྲུག་ལ་སོགས་པའི་ཡེ་ཤེས་ཀྱི ་རང་བཞིན་ཡིན་པ་ལ། རྣམ་པ་དྲིས་བསྒོས་པའི་གཙང་ཞིང་ ཡིད་དུ་འོང་བའི་ཆུས་ཁྲུས་གསོལ་ བས་རྒྱལ་བ་སྲས་བཅས་ལ་ཉོན་མོངས་ པ་བག་ཆགས་དང་བཅས་པ་དང་། དེས་བསླད་པའི་དྲི་མ་མེད་ཀྱང་། སེམས་ཅན་རྣམས་ཀྱི་མ་དག་པའི་སྣང་ བ་ལ་བརྟེན་ནས་མ་དག་པའི་སྤྱོད་པ་ སྟོན་པ་དང་སྣང་བ་ཡོད་པ་དེ་དག་ སངས་ཀྱིས་དག་པ་ན་ཡུལ་དང་བྲལ་བས་ ཡུལ་ཅན་མི་གནས་པའི་ཚུལ་གྱིས་སེ མས་ཅན་རང་རྒྱུད་ཀྱི་ཉོན་མོངས་པ་ བག་ཆགས་དང་བཅས་པ་བརྩད་ནས་དག་པའི ་མོས་པ་བྱེད།
དེ་དག་སྐུ་ལ་སོགས་སྔགས་དང་བཅས་ པས་སྐུ་དབྱི་ཞིང་སྐུ་དབྱིའོ་ཞེ ས་པའི་སྐབས་སུ་རྟེན་ལ་གཡས་བསྐོ ར་དུ་དབྱི། ཨོཾ་ཞེས་པས་སྐུ་སྟོད་ཀྱི་རླན་ ཐམས་ཅད་སྤྱི་བོར་བསྡུས་ནས་དབྱི། དེ་བཞིན་དུ་ཧཱུཾ་ཞེས་པས་སྐུའི་ བར་གྱི་རླན་ཐམས་ཅད་ཐུགས་ཀ་ནས་ དབྱི། ཏྲཾ་ཞེས་པས་སྐུ་སྨད་ཀྱི་རླན་ ཐམས་ཅད་ལྟེ་བ་ནས་དབྱི། ཧྲཱིཿཞེས་པས་ཕྱག་གཡས་པ་དང་། ཨཱཿ་ཞེས་པས་ཕྱག་གཡོན་པའི་རླན་ དབྱི། ཀཱ་ཡ་སོགས་ཀྱི་སྐབས་སུ་རྟེན་ལ་ གཡོན་སྐོར་དུ་དབྱི།
སྟོང་གསུམ་ཀུན་ཏུ་སོགས་ཀྱིས་དྲི འི་བྱུགས་པ་དབུལ། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་ སོགས་ཀྱིས་སྐབས་སྟོད་གཡོགས་དང་། སྨད་གཡོགས་ཀྱི་དོད་དུ་སྟེང་ཁེ བས་དང་དར་དཀར་སྦྲགས་ནས་འཕྱར། རྒྱལ་བ་མཚན་དཔེ་སོགས་ཀྱི་སྐབས་ རྒྱན་འབུལ་ཞིང་། དེའི་མཚོན་བྱེད་དུ་བླ་མས་རིན་པོ ་ཆེའི་འཕྲེང་བ་སོགས་སྟེང་ཁེབ་ཀྱི ་སྟེང་དུ་མགུལ་རྒྱན་སོགས་ཀྱི་རྣ མ་པར་འཕྱང་བ་ཕྱག་ཏུ་བསྣམས་པའི་ ཕྱག་ལེན་མཛད། བརྩེ་བའི་འཁོར་ཡུག་སོགས་ཚིགས་ བཅད་གཉིས་ཀྱིས་འཁོར་ཡུག་གམ་ཡོལ་ བ། བ་དན་བླ་བྲེ། རིན་པོ་ཆེའི་བུམ་པ་སོགས་ཁྲུས་ ཁང་གི་ཡོ་བྱད་ལུས་པ་མེད་པར་འབུ ལ། དེ་ནས་བདག་དང་འགྲོ་ལ་ཞེས་སོགས་ ཀྱི་ཚིགས་བརྗོད་དམ་མ་བརྗོད་ཀྱང་ རུང་། ལྷ་རྣམས་ཁྲུས་ཁང་ནས་གཤེགས་ཏེ་སོ ་སོའི་གདན་ལ་བཞུགས་པར་བསམ། ཁྲུས་ཁང་སོགས་མི་དམིགས་པར་བསམ་ ན་ཆོག་གསུངས། དེ་ལྟར་བཞུགས་པ་ན་མཉམ་མེད་ཐུབ་ པའི་དབང་བོ་སོགས་ལོངས་སྤྲུལ་གྱི ་སངས་རྒྱས་དང་། ལོངས་སྤྲུལ་གྱི་རྣམ་པ་ཅན་གྱི་རྒྱ ལ་བ་སྲས་བཅས་ལ་དབུ་རྒྱན་ཕུལ་ཏེ་ ལོངས་སྐུར་ཞལ་བསྒྱུར་བའི་ཆེད་དུ ་ཕུན་ཚོགས་གསེར་འོད་མའི་ཚིགས་ བཅད་ཚོགས་མང་གིས་གསུངས་ཤིང་། དེ་ཉིད་བཀྲོལ་བའི་ཚིགས་ལྷུག་གི་ བསྔོ་བ་བླ་མས་གསུངས་ནས་ཚོགས་མང་ གིས་མཐུན་འགྱུར་བྱེད་པ་ཚིགས་ལྷུ ག་ཐམས་ཅད་ལ་འདྲ། རེ་རེའི་མཐར་རོལ་མོ་སོགས་རྒྱས་ པར་བྱེད།
དེ་ཡང་སྔོན་རྒྱལ་བ་བཙོང་ཁ་པ་ཆེ ན་པོས་ལྷ་སའི་ཇོ་བོ་རྣམ་གཉིས་ལ་ དབུ་རྒྱན་ཕུལ་ཏེ་ལོངས་སྐུར་ཞལ་ བསྒྱུར་བའི་རྟེན་འབྲེལ་ལ་བརྟེན་ ནས་བསྟན་པ་ལོ་སྟོང་གི་བར་དུ་ གནས་པའི་ཡུན་ཚད་ལྷག་པར་འཕེལ་བར་ གསུངས་པའི་རྣམ་ཐར་ཡིད་ལ་དྲན་ནས་ བདག་གིས་ཀྱང་རྒྱལ་བ་སྲས་བཅས་ལ་ དབུ་རྒྱན་ཕུལ་བའི་རྟེན་འབྲེལ་གྱི ་དབང་གིས་ཐུབ་བསྟན་རིན་པོ་ཆེ་ འཁོར་བ་མ་སྟོངས་ཀྱི་བར་དུ་བར་ གནས་པ་དང་། དེའི་མཐུས་སེམས་ཅན་ཐམས་ཅད་གནས་ སྐབས་དང་མཐར་ཐུག་གི་བདེ་དགའ་རྒྱ ་ཆེན་པོ་ལ་རྟག་ཏུ་ལོངས་སྤྱོད་ པར་གྱུར་ཅིག་སྙམ་པའི་འདུན་པ་དང་ སྨོན་ལམ་ཤུགས་དྲག་ཏུ་བྱེད་པ་འདི ་ཉིད་ཆོ་འཕྲུལ་སྨོན་ལམ་ཞེས་ཡོ ངས་སུ་གྲགས་པ་རྒྱལ་བ་ཙོང་ཁ་བ་ཆེ ན་པོའི་མཛད་ཆེན་ཁྱད་པར་ཅན་གྱི་ རྩ་བའམ་དངོས་གཞིའི་གནད་ཡིན་པས་ སླ་ཆོས་སུ་མ་སོང་བར་གནད་དུ་སྨི ན་པ་གལ་ཆེ།
འདིར་ནི་བསོད་ནམས་མའི་སྐབས་སུ་ ཆོས་གོས་གསུམ་མཁར་གསིལ་ལྷུང་བཟེ ད་རྣམས་འབུལ། འདི་ནི་སྔོན་རྒྱལ་བ་ཙོང་ཁ་བ་ཆེ ན་པོས་རྫིང་ཕྱིའི་བྱམས་པ་རྟེན་ དང་བརྟེན་པར་བཅས་པ་ཞིག་གསོས་དང་ ། རབ་གནས་སོགས་རྨད་དུ་བྱུང་བར་ མཛད་པའི་རྗེས་སུ་རྗེ་བཙུན་འཇམ་ པའི་དབྱངས་ཀྱི་བཀའ་ལས་སླར་ཡང་རྫི ང་ཕྱིའི་བྱམས་པ་ལ་དགེ་སྦྱོང་གི་ རྟགས་ཆ་ཚང་བར་ཕུལ་ཏེ་སྨོན་ལམ་ མཛད་ན་བོད་དུ་རབ་བྱུང་གི་སྡེ་རྣ མ་དག་ཚུགས་པའི་རྟེན་འབྲེལ་ཡོད་ ཅེས་པའི་ལུང་བསྟན་བརྙེས་པ་ལྟར་ ཀུན་གྱི་མཐུན་སྣང་དུ་གྲུབ་པའི་ མཛད་ཆེན་ཡིན་པའི་ཚུལ་ཡིད་ལ་དྲན་ ཏེ། དེ་དང་མཐུན་པའི་སྨོན་ལམ་ནན་ཏན་ དུ་འདེབས། སྤྱིར་བསྔོ་སྨོན་གང་གི་སྐབས་སུ་ དགེ་རྩ་དེ་ཉིད་མཚོན་བྱེད་དུ་བྱ ས། རྒྱལ་བ་སྲས་བཅས་ཀྱི་ཚོགས་གཉིས་ སོགས་ཀྱི་དགེ་རྩ་དང་། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ ཅད་ཀྱི་དགེ་རྩ་ཕྱོགས་གཅིག་ཏུ་ བསྡོམས་ནས་སྨོན་ལམ་འདེབས་པ་གནད་ ཆེ། ཕུལ་བྱུང་གཟུགས་མཛེས་མས་ཉེར་སྤྱོ ད་ལྔ་དང་། པི་ཝང་མ་དང་སོགས་ཀྱིས་རིགས་མ་ བཅུ་དྲུག ཞིང་འདི་འཁོར་ལོ་སོགས་ཚིག་བཅད་ ལྷུག་གཉིས་ཀྱིས་རྒྱལ་སྲིད་སྣ་ བདུན་ཕུལ་ནས་སྨོན་ལམ་གདབས། འདིའི་སྐབས་སུ་འཁོར་ལོས་བསྒྱུར་ བ་ལ་འོས་པའི་རྒྱལ་སྲིད་སྣ་བདུན་ གྱིས་ས་གཞི་བར་སྣང་ནམ་མཁའི་ཁམས་ གང་བ་དང་། མཆོད་ལྷ་ཕྱག་ན་དཔག་བསམ་གྱི་ལྗོ ན་ཤིང་ཡལ་གའི་གསེབ་ཏུ་རྒྱལ་སྲི ད་སྣ་བདུན་གྱི་སྤྲིན་འཁྲིགས་པ་ ནམ་མཁའི་ཁམས་གང་བ་དང་། བློན་པོ་དང་ཁྱིམ་བདག་བཙུན་མོ་སོ གས་རྟ་མཆོག་གླང་བོ་རིན་པོ་ཆེ་ལ་ ཞོན་ཏེ། ལག་ན་རལ་གྲི་དང་། འཁོར་ལོ་དང་ནོར་བུའི་སྤྲིན་འཕྲོ ་བ་ནམ་མཁའི་ཁམས་གང་བ་དང་། རང་ཉིད་བྱང་ཆུབ་སེམས་དཔའ་ཀུན་ཏུ ་བཟང་བོ་ཕྱག་གཉིས་ཐལ་མོ་སྦྱར་ བའི་བར་དུ་ནོར་བུ་རིན་པོ་ཆེ་ཐོ གས་པར་མོས་ནས། ཕྱག་གི་ནོར་བུ་ལས་འོད་ཟེར་དཔག་ ཏུ་མེད་པ་འཕྲོས་པའི་འོད་ཟེར་རེ་ རེའི་སྣེ་མོ་ལ་ཡང་ཀུན་ཏུ་བཟང་བོ ་དཔག་ཏུ་མེད་པ་དང་། དེ་རེ་རེས་ཀྱང་རྒྱལ་སྲིད་སྣ་བདུ ན་དཔག་ཏུ་མེད་པའི་སྤྲིན་སྤྲོ་ བའི་ཚུལ་གྱིས་ནམ་མཁའ་གང་བར་སྤྲུ ལ་ཏེ་རྒྱལ་བ་སྲས་བཅས་ལ་མཆོད་པས་ དེ་དག་གི་ཐུགས་རྒྱུད་ཟག་པ་མེད་ པའི་བདེ་བས་ཚིམ་ཞིང་མཉེས། བདེ་བ་དེས་སྟོང་བ་ངེས་པས་བདེ་སྟོ ང་དབྱེར་མེད་ཀྱི་མཉམ་བཞག་ལས་སྐ ད་ཅིག་ཀྱང་གཡོ་བ་མེད་བཞིན་དུ་ཆུ ་ཟླ་དང་མིག་འཕྲུལ་བཞིན་དུ་སྤྲུ ལ་བའི་བཀོད་པ་མཐའ་ཡས་པའི་སྒོ་ ནས་འཕྲིན་ལས་ལྷུན་གྲུབ་ལ་མངའ་ བརྙེས་པའི་མཛད་པ་རབ་འབྱམས་ཀྱི་ ཚོགས་གང་ལ་གང་འཚམས་སུ་བསྟན་ཏེ། སེམས་ཅན་ཐམས་ཅད་གཅིག་ཀྱང་མ་ལུས་ པར་སྨིན་གྲོལ་གྱི་ལམ་ལ་བཀོད་པར་ བསམ་པ་འདི་མཆོད་རྫས་ཐམས་ཅད་ལ་རི གས་འདྲ།
རྒྱལ་སྲིད་སྣ་བདུན་གྱི་ཚིགས་ལྷུ ག་གི་རོལ་མོའི་སྐབས་སུ་དུང་མཁན་ དུང་དར་གྱོན་པ་བཞི་ཚར་དུ་བསྒྲི གས། རིན་ཆེན་གདུགས་དང་ཞེས་སོགས་བཅད་ ལྷུག་གཉིས་ཀྱིས་བཀྲ་ཤིས་རྟགས་ བརྒྱད་དང་། རྔ་བོ་ཆེ་རྣམས་སོགས་བཞིས་རིམ་པ་ བཞིན་དུ་ཆོས་ཀྱི་རྔ། ཆོས་ཀྱི་དུང་དང་གདུགས། ཆོས་ཀྱི་རྒྱལ་མཚན་རྣམས་རིམ་བཞི ན་ཕུལ། རྒྱལ་མཚན་གྱི་ཚིགས་ལྷུག་གི་སྐ བས་ཆོས་ཀྱི་རྒྱལ་མཚན་སྒྲེངས་པ་ དང་ཆོས་ཀྱི་དུང་འབུད་པའི་རྟེན་ འབྲེལ་དུ་ཕྱོགས་བཞིར་དུང་སྒྲ་སྒྲོ གས་པའི་ཚུལ་གྱིས་དུང་མཁན་བཞི་ ཡང་གྱེས་ནས་འགྲོ། རྒྱལ་བའི་བདུད་བཅོམ་སོགས་ཀྱིས་ ཞལ་ཟས་རྒྱ་མཚོ་མ་འབུལ། མེ་ཏོག་ཕལ་ཆེར་སོགས་ནི་དཀོན་མཆོ ག་ཏ་ལ་ལའི་མདོ་ལས་འབྱུང་ཞིང་། མེ་ཏོག་གི་བླ་བྲེ་དང་། མེ་ཏོག་གི་གདུགས་རྒྱལ་མཚན་སོགས་ ངོ་མཚར་བ་ཡང་ཡིན་ལ་གྲངས་ཀྱང་བཅོ ་བརྒྱད་ཚང་བས་སྔ་མོའི་དུས་ངོ་ མཚར་བའི་མཆོད་པ་བཅོ་བརྒྱད་ཀྱི་ དོད་དུ་ཚུགས་པ་ཡིན་ནམ་དཔྱད་གསུ ངས། བཅོ་བརྒྱད་ནི་མེ་ཏོག བདུག་པ། སྤོས། འཕྲེང་བ། ཕྱེ་མ། ན་བཟའ། གདུགས། རིན་ཆེན། པདྨ། རྒྱན་ཕྲེང་། རྒྱལ་མཚན་གདུགས་དམར་སེར་གསུམ་སྔོ ་ནག གདུགས། དར་གྱི་ལྡ་ལྡི། བ་དན། དྲིལ་གཡེར་དྲ་བ་དང་བཅས་པའོ།།
ངོ་མཚར་བའི་མཆོད་པ་བཅོ་བརྒྱད་ནི ། གནས་འདིའམ་ནི་གཞན་དག་ན། ཞེས་སོགས་ཡིན་ལ། དེ་ལ་མེ་ཏོག་དང་། སྤོས་དང་། འོད་ཀྱི་སྒྲོན་མེ་དང་།དྲི་ཆབ་ དང་། རྒྱ་མཚོ་དང་བཅས་པའི་རིན་པོ་ཆེའི ་རི་བོ་དང་། རྩེད་འཇོའི་རིགས་དང་། དཔག་བསམ་གྱི་ཤིང་དང་བདུན།བྱང་ཆུ བ་ཀྱི་སེམས། སྦྱིན་སོགས་ཕར་ཕྱིན་དྲུག ལུས་ཀྱི་མཆོད་པ། ངག་གི་བསྟོད་དབྱངས། ཡིད་ཀྱི་བླ་ན་མེད་པའི་མཆོད་པ། རྣམ་ཐར་སྒོ་གསུམ་གྱི་ཏིང་ངེ་འཛི ན་སྒོམ་པ་དང་བཅས་པའི་བཅོ་བརྒྱད་ པོ་རེ་རེ་ལ་ཤོ་ལོ་ཀ་རེ་རེ་ཡོད་ ལ།མཉམ་མེད་མ་ནི་བསྟོད་དབྱངས་ཀྱི ་ཁོངས་སུ་བསྡུའོ།།
གོང་དུ། རྡོ་རྗེའི་སྔགས་ནི་བརྗོད་བྱ་ཞི ང་།།སངས་རྒྱས་ཀུན་ལ་དབུལ་བར་བྱ། ། ཞེས་གསུངས་པ་ལྟར་ན། སྔགས་ཀྱང་བརྗོད་དགོས་སམ་ཞེ་ན། རྒྱུད་རྡོ་རྗེ་རྩེ་མོ་ལས། ཚིགས་སུ་བཅད་པ་རེ་རེ་ལ་མཆོད་སྔ གས་རེ་རེ་གསུངས་ཀྱང་། དེ་ལྟར་བརྗོད་ན་དཀྱིལ་འཁོར་གྱི་ ཆོ་གའི་མཆོད་འཕྲེང་ལྟར་འགྲོ་བས་ དོགས་བདེ་བའི་ཕྱིར་ཚིགས་བཅད་ཙམ་ གསུངས་པར་སྣང་ངོ་།། རྒྱུད་དེ་ཉིད་ལས། བྱང་ཆུབ་ཀྱི་སེམས་ཀྱི་མཇུག་ཏུ། སེམས་ཅན་ཀུན་ལ་བདེ་ལེགས་དང་། །འབྱུང་བོ་ཀུན་ལ་བྱམས་པ་དང་། །དུད་འགྲོ་ཀུན་ལ་མི་འཇིགས་སྦྱི ན། །ངན་འགྲོ་ཐམས་ཅད་ཞི་འདོད་དང་། །བྱམས་དང་སྙིང་རྗེ་བཏང་སྙོམས་ དང་། །དགའ་བ་ཚངས་པའི་རྣལ་འབྱོར་བྱུང་ ། །རྡོ་རྗེའི་སྔགས་ནི་བརྗོད་བྱ་ཞི ང་། །སངས་རྒྱས་ཀུན་ལ་དབུལ་བར་བྱ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་མ་ཧཱ ་པྲཧྨ་བི་ཧཱ་ར་པཱུ་ཛ་མེགྟ་ས་མུ་ དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་ཞེས་པ་ འདིར་མི་འབྱུང་ལ། འདིར་ཐམས་ཅད་ཀྱི་མཇུག་ཏུ་རྣམ་ ཐར་སྒོ་གསུམ་འབྱུང་ངོ་།།
མཆོད་པའི་མིང་འདོགས་ཀྱང་། མཆོད་སྔགས་ལ་དཔག་ན་མེ་ཏོག བདུག་སྤོས། དྲི། རིན་པོ་ཆེའི་རྒྱན། སྒེག་པ་དང་དགོད་པའི་བདེ་བ། བྱང་ཆུབ་ཀྱི་རྒྱན་གྱི་གོས། མར་མེ། བྱང་ཆུབ་ཀྱི་སེམས། ཚངས་པའི་གནས་བཞི། སྦྱིན་སོགས་ཕར་ཕྱིན་དྲུག ལུས་ཀྱི་མཆོད་པ། ངག་གི་མཆོད་པ། སེམས་ཀྱི་མཆོད་པ། ཚངས་པའི་གནས་ཀྱི་མཆོད་པ་དང་བཅོ་ བརྒྱད་འདྲེན་དགོས་པ་ལྟ་བུར་སྣང་ ། འདི་ལ་ངོ་མཚར་བའི་མཆོད་པ་ཞེས་ གསལ་བར་གསུངས་ཏེ། རྒྱུད་དེ་ཉིད་ལས། ཤིན་ཏུ་ངོ་མཚར་མཆོད་པ་ནི། །ཅི་ནུས་པར་ཡང་བསྒྲུབ་པར་བྱ། །ཡང་ན་མྱ་ངན་འདས་སོགས་དང་། །རྣལ་འབྱོར་དགེ་བ་སོགས་པ་ལ། །ངོ་མཚར་གྱུར་བའི་མཆོད་པ་ཡིས། །མཆོད་པའི་སྤྲིན་དག་དབུལ་བར་བྱ། །གནས་འདིའམ་ནི་གཞན་དག་ན། །ཞེས་སོགས་གསུངས་སོ། །མཆོད་པ་ཉེར་ལྔ་བ་དང་ཉེར་གཅིག་ པ་ནི་སླ། བླ་མའི་གསུངས་ལས། ངོ་མཚར་བའི་མཆོད་པའི་བཅོ་བརྒྱད་ དང་། མཆོད་པ་ཉེར་གཅིག་པ་གཉིས་ནི་དཔལ་ མཆོག་དང་རྩེ་མོ་སོགས་ལས་འབྱུང་། མཆོད་པ་ཉེར་ལྔ་བ་ནི། རྣལ་འབྱོར་རྒྱུད་ལས་འབྱུང་། ཡོ་བྱད་ཀྱི་མཆོད་པ་བཅུ་གཞན་ལས་ བཙལ་དགོས་གསུངས། བདག་གི་བསམ་ཚོད་ལ་མེ་ཏོག་ཕལ་ཆེ ར་སོགས་ཀྱི་སྐབས་སུ་གསུང་བའི་རྒྱ ལ་མཚན་རྣམས་ཕྱོགས་གཅིག་ཏུ་བསྡོ མས། ནོར་བུའི་དྲ་བ་ནས། རྒྱལ་བའི་གསུང་སྒྲོགས་པ་ཞེས་པའི ་བར་ནི་གོང་དུ་ཕལ་ཆེར་གདུགས་དང་ ཞེས་སོགས་ཀྱི་སྐབས་སུ་བཤད་པའི་ གདུགས་ཀྱི་ཁྱད་པར་ལ་སྦྱར་ན། མདོ་དུ་མར་ལྷའི་མེ་ཏོག་དང་། ལྷའི་སྤོས་དང་། ཞེས་སོགས་ལ་གྲངས་བཅུ་རེ་འབྱུང་ བ་དང་ཕལ་ཆེར་འགྲིགས་པས་ཡོ་བྱད་ ཀྱི་མཆོད་པ་བཅུ་ལ་དཔྱད་པར་བྱ་བ་ ཡོད་དམ་སྙམ། ཆུ་གཉིས། ཉེར་སྤྱོད། རོལ་མོ། འདོད་ཡོན་ལྔ། རྒྱལ་སྲིད་སྣ་བདུན་སོགས་ཁྲུས་ གསོལ་གྱི་གཞུང་ལ་ཡོད་ཀྱང་། རྒྱལ་སྲིད་སྣ་བདུན་གོང་དུ་སོང་ ཟིན་པས་བསྐྱར་མ་མི་དགོས།
འབུལ་བའི་ཚུལ་ནི། མེ་ཏོག་དབུ་ལ། བདུག་སྤོས་ཤངས་ལ། མར་མེ་སྤྱན་ལ། དྲི་ཆབ་ཐུགས་ཀར། ཞལ་ཟས་ལྗགས་ལ། རོལ་མོ་སྙན་དུ། ན་བཟའ་སྐུ་ལ། འཕྲེང་བ་རྒྱན་དུ། གདུགས་དབུ་ལ། བྱུགས་པ་སྐུ་ལ། དབུ་རྒྱན་དབུ་ལ། སྙན་རྒྱན་སྙན་ལ། མགུལ་རྒྱན་མགུལ་སོགས་དང་། བླ་བྲེ་དབུ་ལ། རྒྱལ་མཚན་བ་དན་སོགས་སྤྱན་ལམ་དུ་ ཇི་ལྟར་འོས་པའི་ཡོ་བྱད་ཀྱི་ཚུལ་ དུ།གཞལ་ཡས་ཁང་གནས་ཀྱི་དོན་དུ། རྟ་བབས་གཞལ་ཡས་ཁང་གི་ཡན་ལག་ཏུ་ འབུལ་བ་སོགས་སྐབས་ཤེས་པའི་སྒོ་ ནས་དམིགས་རྣམ་བརྡ་དོན་འཕྲོད་པ་ གལ་ཆེ། དེ་ལས་གཞན་ཡང་མཆོད་པའི་ཚོགས། ཞེས་སོགས་ཀྱི་སྐབས་སུ་འཇིག་རྟེ ན་གྱི་ཁམས་ན་མཆོད་ཡུལ་ཇི་སྙེད་ ཅིག་བཞུགས་པ་ཐམས་ཅད་ཀྱི་སྤྱན་སྔ ར་མཆོད་པའི་སྤྲིན་དང་། བསྟོད་དབྱངས་ཀྱི་སྤྲིན་འཁྲིགས་ པའི་མོས་པ་བྱེད། མཎྜལ་རྒྱས་པ་ཡོངས་གྲགས་ལྟར་ལས་ བཤད་པ་ཟུར་དུ་མི་དགོས།ཐོས་པ་རྒྱ ་མཚོ་མ་ནི་སྒྲུབ་པའི་མཆོད་པ་དང་ ། དེང་ནས་མའི་སྐབས་སུ་ལུས་ལོངས་སྤྱོ ད་དགེ་རྩ་དང་བཅས་པ་བསྟན་འགྲོའི་ དོན་དུ་འབུལ། ས་གཞི་མས་མཎྜལ་བདུན་མ། རྗེའི་རྣམ་ཐར་དང་མཐུན་པའི་ཆེད་ དུ་ལྟུང་བཤགས་ཕྱག་དང་སྦྲགས་པ། གཞི་བདག་གཏོར་མ་བཅས་སྔོན་དུ་ བཏང་ནས་མཛད་ཆེན་བཞི་སོགས་ཀྱི་ བཀའ་དྲིན་དྲན་པའི་སྒོ་ནས་རྣམ་ ཐར་དང་། ཡོན་ཏན་གཞིར་གྱུར་མ་སོགས་གསུངས་ ནས། བླ་མའི་སྤྱིའི་བསྔོ་བ་དང་། བསྟན་པ་རྒྱས་པའི་རྟེན་འབྲེལ་དུ་ བསྟན་འབར་མའི་བསྔོ་བ་གང་རྒྱས་ དང་། བདེ་སྨོན་གྱི་བསྔོ་བ་དཀྱུས་ལྟར་ གནང་ནས་ཤིས་བརྗོད་བྱ། དེ་ནས་གྲུབ་པའི་དབང་ཕྱུག་དཔལ་ལྡ ན་བླ་མ་དང་། ཞེས་སོགས་འདོན་པ་ནི་གོང་དུ་སྨོ ས་པ་ལྟར་དབྱངས་ཅན་བཞད་པ་དགེ་འདུ ན་རྒྱ་མཚོའི་སྐུ་དྲིན་གཟོ་ཕྱིར་ ཞབས་བརྟན་འཕྲིན་ལས་རྒྱས་པའི་བདེ ན་ཚིག་ཡིན་གསུངས། ཆོ་འཕྲུལ་གྱི་དུས་ནི། མཁས་པ་འགའ་ཞིག་གིས་ཡོངས་གྲགས་ཀྱི ་གཉིས་པའི་ཡར་ངོ་ཡིན་ཀྱང་ཆོས་རྒྱ ལ་མྱ་ངན་མེད་ཀྱི་དུས་སུ་མཆུ་ཟླ་ བའི་ཡར་ངོར་བྱས་པ་ལོ་ལེགས་ཤིང་ བཀྲ་ཤིས་པ་བྱུང་བས་དེ་ཕྱིན་ཆད་ གཅིག་པའི་ནང་དུ་བྱེད་སྲོལ་དར་བ་ ཡིན། རྗེ་བླ་མས་དགའ་ལྡན་སྒྲུབ་མཆོད་ གཉིས་པའི་ནང་དུ་ཚུགས་པ་ཡང་དོན་ དེ་ལ་དགོངས་པ་ཡིན་གསུངས། མཁས་པ་འགའ་ཞིག་གིས་ཆོ་འཕྲུལ་གྱི ་དུས་དངོས་ནི་ཧོར་ཟླ་དང་བོ་ཡིན་ གསུངས་ཏེ། མདོ་ལས་དཔྱིད་ར་ཞེས་གསུངས་པས་ དཔྱིད་རའི་ངོས་འཛིན་གྱི་དབང་གི ས་ཡིན་འདུགའོན་ཀྱང་དེ་བཞིན་གཤེ གས་པ་ནི་དུས་བྱིན་གྱིས་བརླབས་པ་ ལ་མངའ་བརྙེས་པ་ཡིན་པས་དགེ་སྡིག་ གི་འགྱུར་སོགས་ལ་ཐེ་ཚོམ་གྱི་ གནས་མ་མཆིས་སོ།།
པཎ་ཆེན་ཤཱཀྱ་ཤྲཱིས་མཛད་པའི་དུས་ ཆེན་བཞིའི་ཚིག་ལེའུར་བྱས་པ་ལས། ཆོ་འཕྲུལ་ཆེ་དང་མངོན་བྱང་ཆུབ།། ཆོས་འཁོར་ལྷ་ལས་བབས་པའོོ།།སྐར་ མ་མཆུ་དང་ས་ག་དང་།།ཆུ་སྟོད་ཐ་སྐ ར་རིམ་བཞིན་ཉ།།མེ་ཏོག་ཨུ་དུམ་ཝ་ ར་དང་།སིད་མ་ཁུག་ཆོས་སྤང་བརྒྱན་ རྣམས།།རིམ་པ་བཞིན་དུ་ཁ་འབུས་ཏེ། །ཁྭ་ཏ་ཅོ་ག་ཁུ་བྱུག་དང་།།ཤ་བ་རི མ་བཞིན་སྒྲ་འབྱིན་ཏེ།།མདོར་ན་ཁྱི མ་རྩིས་དང་སྦྱར་ན།།བུམ་གླང་ཀརྐ་ ཊ་དང་སྲང་།།ཉི་མ་གང་སྡོག་རྒྱལ་ དུ་རྩི།།ཕྱི་ཚེས་གཅིག་ནས་ཉ་ཡི་ བར།།ཟླ་ཕྱེད་ཆོ་འཕྲུལ་ཆེན་པོ་ཡི ན།།མཉན་ཡོད་ན་ནི་ལག་ལེན་དར།། རྗེའི་གསུང་གི་ཆོ་འཕྲུལ་སྨོན་ ལམ་གྱི་འདོན་བསྒྲིགས་ལས། ཐོག་མར་ཕུན་སུམ་ཚོགས་པ་ཐམས་ཅད་ ཅེས་སོགས་ཀྱི་མཇུག་ཏུ། མཆོད་ཡོན་ཕལ་ཆེར་ལ་སོགས་པ་དང་།། མཉམ་མེད་མི་གཡོས་བསྟོད་དོ།། ཞེས་འབྱུང་བ་ནི་རྣམ་ཐར་དད་པའི་ འཇུག་ངོགས་ལས། གནམ་གང་གི་ཉིན་སྙན་གསན་གྱི་མཆོ ད་པ་ཕུལ་བར་གསུངས་པའི་སྐབས་ཀྱི་ འདོན་འགྲིགས་ཡིན་ནམ་སྙམ། དངོས་གཞིའི་དུས་མཆོད་པ་རྣམས་ བསང་སྦྱངས་བསྐྱེད་དེ་བྱིན་གྱིས་ བརླབས་ནས་ཞེས་འབྱུང་ཡང་། བྱིན་གྱིས་བརླབས་ཚུལ་མི་གསལ་ལ། མཆོད་པ་ནི་མེ་ཏོག་ཕལ་ཆེར་སོགས་ མདོ་མཆོད་དང་། རིགས་མ་བཅུ་དྲུག་སོགས་རྒྱུད་སྡེ ་གོང་འོག་ནས་འབྱུང་བས། མདོ་སྔགས་འདྲེས་མའི་མཆོད་པ་ཡིན་ པས་བླ་མེད་ལྟར་བྱིན་གྱིས་བརླབས་ ན་མི་འགལ་ཞིང་རྗེའི་རྣམ་ཐར་དང་ མཐུན་ནམ་སྙམ། ཁྲུས་གསོལ་གྱི་མཇུག་ཏུ་སྐུ་མཆོ ག་རྣམ་དག་ཞེས་སོགས་ཀྱིས་ཁྲུས་ གསོལ་བའི་སྨོན་ལམ། བདེ་གཤེགས་སྐུ་གསུམ་སོགས་ཀྱིས་ སྐུ་དབྱིའི་སྨོན་ལམ་གདབས་པར་གསུ ངས་པ་དང། རིན་ཆེན་སེམས་བཟུང་གིས་མཆོད་པ་ སྤྱི་རྣམས་འབུལ་བར་གསུངས་པ་རྣ མས་ཀྱང་ཕྱག་ལེན་དུ་བཏབ་ན་ལེགས་ པས་དཔྱོད་ལྡན་རྣམས་ཀྱིས་དགོངས་ པར་མཛོད། ད་དུང་རྗེ་བླ་མས་ཆོ་འཕྲུལ་སྨོན་ ལམ་ཇི་ལྟར་ཚུགས་པའི་རྣམ་ཐར་དགོ ས་པ་དང་བཙས་པ་དང་ཕྱོགས་གཏོར་གཏོ ང་ཚུལ། བྱམས་པ་གླིང་བསྐོར་བྱེད་ཚུལ་སོ གས་རྒྱུ་མཚན་དང་བཅས་པ་བྲི་དགོས་ པ་འགའ་ཞིག་ཡོད་ཀྱང་བྲི་ལོང་མ་བྱུ ང་། ད་རེས་སྨོན་ལམ་འདོན་འགྲིགས་སྐོ ར་ལས་བརྩམས་ཏེ་དྲི་བ་མང་ཙམ་དྲི ས་པའི་ལན་ཕྱོགས་གཅིག་ཏུ་བཀོད་པ་ ཙམ་ལགས་སོ།། །།
ཞེས་པ་འདི་ཡང་བན་ཆུང་རིགས་པ་སྨྲ ་བ་དཀོན་མཆོག་རྒྱལ་མཚན་གྱིས་ཀུ ན་མཁྱེན་བླ་མ་ཡབ་སྲས་ཀྱི་གསུང་ རྒྱུན་ལ་བརྟེན་ནས་བཀོད་པ་འདིས་ ཀྱང་རྒྱལ་བ་སྲས་བཅས་ཀྱི་མཛད་པ་ སྨོན་ལམ་ཐམས་ཅད་འབད་པ་མེད་པར་སྒྲུ བ་ནུས་པར་གྱུར་ཅིག། །།
འདི་ཡང་ཀུན་མཁྱེན་འཇམ་དབྱངས་ བཞད་པའི་སྡེ།།
ཐུགས་རྗེ་ལ་བརྟེན་བཀྲ་ཤིས་འཁྱི ལ་གླིང་གི།
ལྷོ་རྒྱུད་མདོ་སྔགས་ཆོས་སྒྲ་སྒྲོ གས་པའི་ཚལ།།
དགའ་ལྡན་ཆོས་འཁོར་གླིང་དུ་ལེགས་ པར་གྲུབ།།
བཀྲ་ཤིས།།