སྐར་མ་རི་ཥི་ཞེས་པའི་དོན་གང་ཡིན། སྐར་མ་རི་ཥི་འཆར་སྐབས་ཁྲུས་ལ་ཞུགས་དོན་ཅི་ཡིན།

སྐར་མ་རི་ཥི་ཞེས་པའི་དོན་གང་ཡིན། སྐར་མ་རི་ཥི་འཆར་སྐབས་ཁྲུས་ལ་ཞུགས་དོན་ཅི་ཡིན།

སྐར་མ་རི་ཥི་ཞེས་པའི་དོན་གང་ཡིན། སྐར་མ་རི་ཥི་འཆར་སྐབས་ཁྲུས་ལ་ཞུགས་དོན་ཅི་ཡིན།

 

སྐར་མ་རི་ཥི་ཞེས་པའི་ནི་དོན་དུ་དྲང་སྲོང་རི་ཥི་ཞེས་པ་དེ་ཡིན་ཞིང་། ལྷའི་སྨན་པ་ཡིན་པར་བཤད་ལ། དེའི་བདེན་སྟོབས་ཀྱིས་འདི་ཤར་པ་ན་ཆུ་རྣམས་ནད་ཀྱི་གཉེན་པོར་འགྱུར་བར་བཤད། རི་བྱི་ནི་རི་ཥིའི་ཟུར་ཆག་པ་ཡིན།

དེ་ཡང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་སྨན་གཞུང་བཻ་སྔོན་ལས། རི་བྱི་ཤར་པས་དུག་མེད་པ། །ཉིན་མཚན་གཉིས་ཀ་སྦྱངས་ཆ་འཐུང་། །དྭངས་པ་དྲི་མེད་ཆུ་ཞེས་པ། །དྲི་མེད་དྲི་མ་སེལ་གྱུར་པ། །མི་འགྲུབ་རྩུབ་པ་མ་ཡིན་པ། །བཏུང་བ་ལ་སོགས་བདུད་རྩིར་མཚུངས། །ཞེས་གསུངས་པ་ལྟར་སྐར་མ་རི་ཥི་ཤར་པས་ཆུ་བོ་དང་རྫིང་བུ་སོགས་ལ་གནས་པའི་གནོད་པ་ཞི་ཞིང་། དུག་མེད་པ་ཉིད་དུ་འགྱུར་བས། དེའི་སྐབས་ཁྲུས་ལ་ཞུགས་ན་གཟུགས་པོར་ཕན་ཆ་ཆེ་ཞིང་བདུད་རྩི་སྨན་ཆབ་ཀྱི་འཕྲོད་བསྟེན་ལྟ་བུར་འགྱུར་བའི་ཕྱིར།

དམངས་ཁྲོད་དུའང་། སྐར་མ་རི་བྱི་ཤར་སོང་། སྨན་པའི་དགོས་པ་མི་འདུག །ཅེས་བཤད་སྲོལ་ཡོད་པ་རེད། ལོ་ལྟར་འཆར་ཅན་བོད་ཟླ་བརྒྱད་པའི་ཚེས་ཤར་ཙམ་ནས་བཟུང་། གཞུང་ཞབས་སེར་སྐྱ་ཁོངས་གཏོགས་དང་བཅས་པ་ནོར་གླིང་གཟིམ་ཆུང་ཉི་འོད་དུ་མདོ་སྦུག་ཁྱད་མེད་ཀྱི་གསོལ་སྟོན་ཉིན་ལྔ་དང་། རྩེ་སྐོར་ཉིན་བཅུའི་རིང་གསོལ་ཚིགས་བཞེས་སྤྲོ་གཏོང་སྲོལ་ཡོད། མཐའ་མའི་ཉིན་ཕོ་བྲང་གི་མཐོངས་སྡིངས་ཆའི་སྟེང་བསམ་བུམ་ཐོག་ཚད་ཙམ་བསླངས་ཏེ་བསང་གི་དུད་སྤྲིན་བར་སྣང་དཀྲིགས་པའི་དབུས་སུ་ཀི་བསྭོ་ལྷ་རྒྱལ་བཏང་སྟེ་གྲོལ་གྱིན་ཡོད་ཡོད།

དེ་རྗེས་བཀའ་ཤག་དང་། ཡིག་ཚང་། རྩེ་ཤོད་ཕྱག་མཛོད། བླ་ཕྱག་ལྷ་གཉེར། ཞོལ་གཉེར་སོགས་ལས་ཁུངས་ཁག་གི་སྤྲོ་ཆེན་དང་། དགོན་སྡེ་སོ་སོའི་ཆབ་ཞུགས་ཞེས་གཏོང་སྲོལ་ཡོད་ལ། དམངས་ཁྲོད་ལ་ཆ་བཞག་ནའང་དེང་སྐབས་ལྟར་བདེ་སྐྱིད་ཀྱི་འཚོ་བ་འདི་ལྟ་བུ་མེད་རུང་། གུར་དང་། བྱ་གཡབ། ལེབ་ཐང་། ཇ་ཆང་ཟས་རིགས་སྣ་ཚོགས་སོགས་རང་རང་འཁོས་དཔག་གི་ཆ་རྐྱེན་ལ་གཞིགས་ཏེ་གླིང་གཏོང་ཆུ་བརྒལ་དང་། མལ་གདན་གྱོན་ཆས་འཁྲུད་པ་སོགས་ཀྱི་བྱེད་སྒོ་མ་སྐུལ་རང་མོས་ཀྱིས་སྤེལ་ནས་དུས་ཆེན་གང་སྐྱིད་གཏོང་སྲོལ་དང་མི་སྨོན་རང་སྐྱ་ིད་བྱེད་པ་བཅས་ནི་ཡུན་རིང་སྤྱི་ཚོགས་འཚོ་བའི་ནང་མི་རིགས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོམས་གཤིས་བཟང་པོ་ཞིག་ཆགས་ཡོད་པ་དེ་ནི་ད་ལྟའི་བར་དུ་ཡང་རྒྱུན་འཛིན་བྱེད་ཀྱི་ཡོད་པ་ཚང་མས་མཐོང་ཆོས་སུ་གྱུར་པ་ལགས།

བརྒྱུད་སྐུལ།

མཆན་སྤེལ།