གངས་ལྗོངས་བོད་ཆོས་སྲིད་གཉིས་ལྡན་རྒྱལ་ཁབ་ཀྱི་ཞོལ་དམག་སྤྱི་ཁང་ཆེན་མོ་དང་། དམག་སྒར་ཁག་དང་མདའ་དཔོན་རྣམ་པའི་མཚན་གཞུང་།

གངས་ལྗོངས་བོད་ཆོས་སྲིད་གཉིས་ལྡན་རྒྱལ་ཁབ་ཀྱི་ཞོལ་དམག་སྤྱི་ཁང་ཆེན་མོ་དང་། དམག་སྒར་ཁག་དང་མདའ་དཔོན་རྣམ་པའི་མཚན་གཞུང་།
གངས་ལྗོངས་བོད་ཆོས་སྲིད་གཉིས་ལྡན་རྒྱལ་ཁབ་ཀྱི་ཞོལ་དམག་སྤྱི་ཁང་ཆེན་མོ་དང་། ཀ་མད་རིམ་པའི་དམག་སྒར་ཁག་དང་མདའ་དཔོན་རྣམ་པའི་མཚན་གཞུང་འདི་ཕྱི་ལོ་1950ལོའི་སྐབས་ཀྱི་ཡིན།
གཤམ་གྱི་བོད་རྒྱལ་ཁབ་ཆེན་པོའི་ཞོལ་དམག་སྤྱི་ཁང་གི་ལོ་རྒྱུས་དུང་དཀར་ཚིག་མཛོད་ལས་དྲངས།
པར་རིས། ནོར་གླིང་ཀ་དང་སྐུ་སྲུང་དམག་སྒར་གྱི་དམག་མི།
མདུན་གྲལ་དེང་རབས་དམག་གོས་(དམག་རྟགས་རང་ལུགས་)དང་། རྒྱབ་གྲལ་རང་ལུགས་དམག་གོས།
དེ་སྔ་བོད་ས་གནས་སྲིད་གཞུང་སྐབས་ཀྱི་དམག་སྤྱི་ལས་ཁུངས་ཞེས་པ་འདི་ནི་རབ་བྱུང་བཅོ་ལྔ་པའི་ཆུ་བྱི(༡༩༡༢)ལོ་ལུའུ་ཅུན་རྒྱ་དམག་མཐར་འབུད་རྗེས་ཆུ་གླང(༡༩༡༣)ལོ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་སྟོན་འཁོར་རྒྱ་གར་ནས་ལྷ་སར་ཞབས་སོར་འཁོད་འཕྲལ་ལྷ་སའི་དམག་དོན་སྤྱི་ཁྱབ་མཁན་དྲུང་བྱམས་པ་བསྟན་དར་ལ་དམག་དོན་བྱས་རྗེས་སུ་བཀའ་བློན་བླ་མ་བསྐོ་བཞག་ཐོག་མདོ་སྨད་ཁུལ་གྱི་ཞི་དྲག་སྤྱི་འདོམས་སུ་ལས་བྱ་དཔོན་རིགས་དང་བཅས་བསྐོ་རྫོངས་གནང་ཚབ་སྤྱན་བསལ་གནམ་གང་ཟླ་བཟང་དགྲ་འདུལ་ལ་ཛ་སག་ཐོག་དམག་སྤྱི་ཆེ་བའི་གོ་གནས་དང་། རྩིས་དཔོན་ཁྲི་སྨོན་ནོར་བུ་དབང་རྒྱལ་ལ་ཐའི་ཇིའི་ཐོག་དམག་སྤྱི་ཆུང་བའི་གོ་གནས་བཅས་བསྐོ་གཞག་གིས་བོད་ལྗོངས་དམག་སྤྱི་ལས་ཁུངས་སམ་དམག་སྤྱི་ཁང་ཞེས་རྩེ་པོ་ཏ་ལའི་མདུན་ངོས་ཞོལ་གོ་མཛོད་རྡོ་རྗེ་གླིང་དུ་དྲག་པོའི་སྤྱི་འདོམས་ལས་ཁུངས་གསར་དུ་འཛུགས་གནང་མཛད། ཐོག་མར་ལས་ཁུངས་དེར་རྒྱུན་ཚུགས་ལས་བྱའི་ཁོངས་སུ་དམག་དྲུང་གཉིས། ལས་བྱ་རྩེ་དྲུང་གཉིས། ལྷ་སྡོད་དམག་སྒར་ཁག་ནས་ཡིག་འབྲི་ལྡིང་དཔོན་ཁ་ཤས། ཕྱིས་འཕར་ལས་བྱ་ཤོད་སྐོར་རིམ་བཞི་གཅིག་དང་། རྩེ་སྐོར་ལས་ཚན་པ་གཅིག་བཅས་ལས་གྲུབ་ཅིང་། ལས་ཁུངས་དེའི་གཙོ་བོའི་ལས་འགན་ནི་སྲིད་གཞུང་དེའི་དྲག་དཔུང་ཁག་གི་སྤྱི་ཁྱབ་བཀོད་འདོམས་བྱེད་དགོས་པ་དང་། ལྷ་སྡོད་དམག་སྒར་དང་། ཕྱོགས་ཐོན་དམག་སྒར་ཁག་གི་ཕོགས་འབྲུ་སྐྱེལ་འདྲེན་དང་། དབྱར་དགུན་གྱོན་བསྡུ། གོ་ལག་རྫས་མདེལ་སྐྱེལ་འདྲེན་གྱི་དོས་རྟ་ལམ་ཡིག་སོགས་ལས་ཁུངས་དེ་ཉིད་བརྒྱུད་བཀའ་ཤག་ནས་ཞུ་དགོས་པ། དམག་སྒར་ཁག་གི་མདའ་དཔོན་བསྐོ་འཐེན་བཀའ་ཤག་ནས་འཆར་ཕུལ་གྱིས་ཏཱ་ལའི་བླ་མའི་ཕྱག་རྟགས་ཞུ་དགོས་པ་དང་། རུ་དཔོན་བསྐོ་འཐེན་སྐབས་དམག་སྤྱི་ཁང་ནས་འཆར་ཕུལ་གྱིས་བཀའ་ཤག་གི་ཕྱག་རྟགས་ཞུ་དགོས་པ། བརྒྱ་ལྡིང་གཉིས་དམག་སྤྱི་ཁང་ནས་བསྐོ་འཐེན་བྱེད་ལམ་ཡོད། ཆུ་བྱི(༡༩༡༢)ལོ་ནས་བཟུང་མདོ་སྨད་ཁུལ་ས་སྲུང་རྒྱ་ཆེ་ཁག་བགོས་ཀྱིས་གཏོང་དགོས་པ་དང་། ལྷ་སར་གཏན་སྡོད་ཀྱི་ཏཱ་ལའི་བླ་མའི་སྐུ་སྲུང་དམག་སྒར། གྲོང་ཁྱེར་བདེ་འཇགས་སྲུང་དམག་བཅས་ཀྱི་དགོས་མཁོར་གཞིགས་ཏེ་དེ་སྔའི་བོད་དམག་སུམ་སྟོང་ཐམ་པའི་ཐོག་འདོན་དམག་ཉིས་སྣ། བཞི་སྣ། བརྒྱད་སྣ། བཅུ་གཉིས་དྲུག་སྣ(གཞུང་རྒྱུགས་རྐང་བཅུ་གཉིས་དང་། སྒེར་ཆོས་འདོན་དྲུག་ལ་ཟེར) གཟིམ་པ་ལྡིང་དཔོན་གྱི་དམག་རྟེན། གྲོང་དྲག་དམག་དཔུང་བཅས་བསྡོམ་ཀ་དང་སྐུ་སྲུང་དམག་སྒར་ནས་མ་དང་གྲོང་དྲག་དམག་སྒར་བར་གསར་འཛུགས་འཕར་སྣོན་བྱས་ཤིང་། དམག་རྩེད་ནི་དེ་སྔ་དབྱིན་ཇིའི་སྐད་བརྡའི་དམག་རྩེད་ཡིན་རུང་། དེ་རྗེས་བོད་སྐད་དུ་བསྒྱུར་བ་དང་། ཀ་དང་སྐུ་སྲུང་དམག་སྒར་ཙམ་མ་གཏོགས་དེ་བྱིངས་དམག་སྒར་ཚང་མའི་གྱོན་ཆས་བོད་ལུགས་ཞེ་གཅིག་ཡིན། དམག་མི་གསར་འཛུགས་བྱེད་ཕྱོགས་དང་། རྣམ་ཀུན་འགོ་དམངས་སོ་སོའི་སྒྲིག་སྲོལ། གོ་བབ་ལམ་ལུགས། ཕྱོགས་ཐོན་སྐབས་ཉིན་ལྟར་ཐོན་སྔ་རྟིང་གི་སྒྲིགས་འཛུགས་ལྡན་པའི་སྒོ་ནས་ཤར་བསྐྱོད་བྱེད་པ་ལས། ལམ་འཁེལ་ཡུལ་འབྲོག་གང་སར་དམག་དམངས་རང་དགར་འགྲོ་བསྐྱོད་མི་ཆོག་པ་སོགས་སྔར་ནས་སྒྲིགས་ལམ་ཡོད་རུང་། ཕྱིས་དམག་ཁྲིམས་གནོན་འདོམས་དང་། དམག་རྩལ་སྦྱོང་བརྡར་སོགས་དུས་བསྟུན་གསར་བཅོས་མ་གནང་མཐུ་མེད་ཀྱིས་རབ་བྱུང་བཅུ་དྲུག་པའི་ལྕགས་སྟག༡༩༥༠ལོ་དམག་ཁྲིམས་དོན་ཚན་སུམ་ཅུ་སོ་ལྔ་གསར་སྒྲིག་བྱས་པ་དང་། དེ་སྔ་དབུས་གཙང་མདའ་དཔོན་སོ་སོར་ཕོགས་རྟེན་མདའ་གཞིས་རེ་ཡོད་ཀྱང་། ཕྱིས་མདའ་དཔོན་རིམ་འཕར་ལ་བརྟེན་མདའ་དཔོན་རེར་ལོ་རེ་ཕོགས་དངུལ་སྲང་དགུ་བརྒྱ་རེ་བསྩལ་ཏེ་མདའ་གཞིས་སོ་སོར་སྤྱི་འགྲེའི་འབབ་བཟོ་མཛད། དེ་སྔ་བོད་དམག༣༠༠༠ལས་མེད་ཀྱང་། ཕྱིས་དམག་གྲངས་རིམ་འཕར་ལ་བརྟེན་རབ་བྱུང་བཅོ་ལྔ་པའི་ས་ལུག༡༩༡༩ལོ་ཞོལ་སྤྱི་ཕོགས་ཁང་བཙུགས་པ་དེར་དོ་དམ་མཁན་རིམ་གཉིས་དང་། ལས་བྱ་སེར་སྐྱ་གཉིས། ཁང་གཉེར། འབོ་ཁ། གད་པ་བཅས་མི་གྲངས་བཅུ་སྐོར་ཡོད་ཅིང་། དེའི་གཙོ་བོའི་ལས་འགན་ནི་འཕན་པོ་དང་བྱང་སྟག་ལུང་། ལྷོ་ཁ་ཁུལ་གྱི་རྫོང་གཞིས་ཁག་དང་། བསྟན་བླ་གཞུང་མཆོད་གཞིས་ཁག་གི་གཞིས་འབྲུའི་བཀར་སྟེང་ནས་ལྷ་སྡོད་དམག་སྒར་ཁག་གི་ཕོགས་འབྲུ་བཏོན་རྒྱ་ཞུས་ཏེ་སྤྱི་ཕོགས་ཁང་དུ་གསོག་ཉར་བྱས་ཐོག་དམག་ཕོགས་དུས་ཐོག་ཏུ་རྒྱག་དགོས་པ་དང་ཕོགས་དངུལ་ཇི་དགོས་འཛིན་སྒྱུར་གྱིས་ལོར་ཁང་ནས་ཞུ་དགོས་པ་བཅས་ཡིན། གཞན་ཡང་དམག་སྤྱི་ལས་ཁུངས་མ་བཙུགས་གོང་གི་བོད་དམག་གི་གནས་ཚུལ་ནི། བོད་འདིར་སྔ་རབས་བཙན་པོའི་སྐབས་སུ་དམག་དོན་སྒྲིག་གཞི་རྒྱ་ཆེ་ལ་དཔུང་སྟོབས་བཙན་པ་སོགས་ཀྱི་ལོ་རྒྱུས་ཡོད་ཀྱང་འདིར་མ་སྤྲོས། བོད་སིལ་བུའི་སྐབས་ནས་བཟུང་བར་སྐབས་དམག་དོན་སྒྲིག་གཞི་ཆ་ཚང་ལྡན་པའི་གཅིག་གྱུར་གྱི་དམག་དཔུང་ཞིག་མེད་ཀྱང་རབ་བྱུང་བཅུ་པའི་ལྕགས་ཕག(༡༦༡༧)ལོ་ཙམ་ལ་གཙང་པའི་དུས་ཀྱི་རྒྱལ་ཐོག་གཉིས་པ་ཕུན་ཚོགས་རྣམ་རྒྱལ་གྱི་སྐབས་ཁལ་ཁ་ཚུ་ཁུར་སོག་དམག་བོད་འཛུལ་མཐར་སྐྲོད་གཏོང་སྐབས་སུ་སྟོད་གཙང་ཁུལ་ནས་རྟ་རྐང་ཞེས་ས་རྟེན་ལ་འགེལ་དཀྲི་བྱས་པའི་དམག་རྟ་མི་གོ་རང་འགྲིག་དམག་གྲངས་སུམ་སྟོང་དྲུག་བརྒྱ་སྐོར་བསྐོང་འགུག་བྱས་ཏེ་སེང་གེ་རྩེ་གཡས་རུ་དང་པོའི་ཁོངས་སོགས་གཡས་རུ་དང་། གཡོན་རུའི་དམག་མི་འཁྲི་ཁུངས་ཁྱིམ་ཚང་དང་ཡུལ་ཚན་སོ་སོ། དམག་འགྲོའི་མི་མིང་ལོ་གྲངས་དང་བཅས་པའི་དམག་གཞུང་བཀོད་དེ་ལྷུན་པོ་རྩེ། སེང་གེ་རྩེ། རྟ་ནག་རིན་ཆེན་རྩེསོགས་རྩེ་གསུམ་སྒར་དཔོན་གྱིས་སྣེ་དྲངས་ཁྲུ་དཔོན་དང་། ལྡིང་དཔོན་བཅས་ཀྱི་གོ་མིང་སྤྲད་ཐོག་ལོ་ལྟར་ཟླ་བ་དང་པོའི་ནང་ཉང་སྨད་བསམ་གྲུབ་རྩེར་སྡེབས་འཛོམས་ཀྱིས་ཟླ་གཉིས་རིང་གི་གོ་བཤེར་དམག་སྦྱོང་བྱེད་པ་དང་། དམག་རྩལ་སྦྱོང་བརྡར་བྱེད་པའི་དམིགས་ཡུལ་ནི་སྐབས་དེར་ཉེན་ཁ་ཆེ་ཤོས་སོག་དམག་ལ་ཁ་གཏད་གཅོག་རྒྱུ་དེ་ཡིན་སྟབས་ཀི་སྒྲ་རིང་ཐུང་དང་། ཛ་དྲག་ཆེ་ཆུང་གི་སྒྲ་དང་བསྟུན་ཏེ་རྟ་ཐོག་ནས་རྒྱང་རིང་ནས་མེ་མདའ་འཕེན་རྒྱུ་དང་། འཕྲུལ་མདུང་ལུང་རིང་ཀླད་ལ་བསྐོར་ནས་འཕེན་རྒྱུ། རྟ་ཐོག་གྲི་རྩེད་བཅས་རེད(འདི་གཙང་པ་སྡེ་སྲིད་སྐབས་གཞིས་རྫོང་གོ་མཛོད་དཀར་དེབ་འགོ་བརྗོད་དུ་གསལ)དེ་རྗེས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐབས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཕོ་བྲང་ཡས་མས་ལ་ཉེན་སྲུང་སྐོར་གཡེང་དང་གཟིམ་སྒོ་སྲུང་བ་བཅས་ཀྱི་ལས་འགན་ཡོད་པའི་ཞོལ་སྐོར་གཟིམ་པ་དང་གཟིམ་པ་དངོས་གཞི་ནི་ཡན་ལག་བཞི་པའི་དཔུང་གི་ནང་ཚན་རྐང་དམག་གམ་དཔུང་བུ་ཆུང་ཟེར་བའི་དམག་དཔུང་གསར་བཙུགས་བསྐྱངས་ཤིང་། དེ་དག་གི་འཁྲི་ཁུངས་ནི་ལྷོ་ཁ་ཁུལ་གྲ་ཕྱི་ནང་དང་། ལྕེ་བདེ་ཞོལ། གོང་དཀར། ཆུ་ཤུལ། གནམ། ལྗང་། མཉེས་ཐང་། རྣམ་སྒང་། སྣེའུ། སྟོད་ལུང་བདེ་ཆེན་རྫོང་། ཤུན་པ་འདུ་ཁོངས་བཅས་ནས་ཐོག་མའི་དམག་གཞུང་ནང་གསལ་དམག་གྲངས་ཉིས་སྟོང་བརྒྱ་སྐོར་གཏོང་དགོས་ཀྱི་ཡོད་ཀྱང་། ཕྱིས་དམག་རྟེན་རྐང་ཆད་བྱེ་ནོན་དང་། སྒེར་ཆོས་ཁག་ལ་ཕྱིར་ཆོད་མང་བ་སོགས་བརྟེན་དམག་གྲངས་བཞི་བརྒྱ་ལྔ་བཅུ་སྐོར་ལས་མེད། གཟིམ་པ་འདི་བཞིན་ལས་འགན་ལྕི་ལ་རྣམ་ཀུན་སྒྲིག་ཁྲིམས་དམ་པ་དང་། ཁྲབ་རྨོག་མདའ་གྲི་མདུང་གསུམ་དང་། ཕུབ་བཅས་དྲག་ཆས་ཆ་ཚང་སྤྲས་ཏེ་དམག་སྦྱོང་རྣམ་གྲངས་མང་པོ་རྒྱུགས་སྤྲོད་བྱེད་དགོས་པ་སོགས་ཀྱི་རྐྱེན་པས་དམག་འགྲོའི་ཐད་དབང་པོ་སྐྱོན་མེད་ཀྱི་གྲོང་མི་ཁུངས་ལྡན་ཞེ་གཅིག་ལས་གང་བྱུང་གི་གླ་པ་གཏོང་བདེ་མི་ཆོག་པ་སོགས་ཀྱི་གཏན་འབེབས་བཟོས་ཡོད་པ་དང་། གཟིམ་རྟེན་རྐང་རེར་སོན་ཁལ༡༢༠སྐོར་ལ་ཕྱི་ནང་ཁྲལ་རིགས་རྩ་ཆག་བསྩལ་བ་སོགས་དམིགས་བསལ་ཆེན་པོ་ཡོད་པའི་དམག་དཔུང་ཞིག་ཡིན། དེ་རྗེས་ཇུན་གར་དམག་བོད་ནས་མཐར་བསྐྲད་རྗེས་ཤར་ཨ་མདོ་སྟོད་སྨད་ནས་ནུབ་སྒེར་རྩེ་བར་བྱས་སོ་ཉེན་རྟོག་པ་རིང་ཐུང་འཛུགས་དགོས་ཀྱི་སོ་གཞུང་གཏན་འབེབས་ནང་གསལ་དམག་གྲངས་བརྒྱད་བརྒྱ་དྲུག་ཅུ་སྐོར་ལ་རང་ཁུངས་རྫོང་འགོ་སོ་སོའི་ནང་ཁྲལ་ཡོང་འབབ་ཐོག་ནས་དམག་ཕོགས་སྤྲོད་དགོས་པ་དང་། གཡུལ་འགྱེད་སྐབས་གཡུལ་ས་ནས་ཐོབ་པའི་དངོས་པོ་ཆེ་ཕྲ་དམག་དོན་བྱས་རྗེས་སུ་འགོ་དམངས་ཉེ་སྙོམས་སུ་བགོས་ཆོག་པའི་དམག་སྲོལ་ཡོད་ཅིང་། ཐོག་མར་བྱང་དམག་གསར་འཛུགས་སྐབས་དམག་རྟེན་ནོར་ལུག་གྲངས་བཅད་ཀྱི་ཁྲལ་འཁྲི་མེད་པར་ཚོ་ཤོག་སོ་སོར་རྩིས་སྤྲོད་ཡོད་སྟབས་ཕྱིས་བྱང་སོ་རིང་ཐུང་གི་སོ་མི་ཙམ་ལས་དེ་བྱིངས་དགོས་གལ་ནམ་བྱུང་མཚམས་སྐོང་འགུགས་བྱ་རྒྱུ་ལས་རྣམ་ཀུན་རང་ཁུངས་སུ་སློག་པ་དེ་དག་གི་ས་ནས་དམག་དོད་བབས་མཚུངས་བསྡུ་ལེན་བྱེད་ལམ་ཡོད། དེ་རྗེས་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ་དང་སྲིད་སྐྱོང་རྟ་ཚག་བསྟན་པའི་མགོན་པོའི་སྐུ་དུས་སུ་བོད་དུ་གོར་དམག་གི་བཙན་འཛུལ་སྔ་ཕྱི་བྱུང་སྟབས་མན་ཆིང་གོང་མ་ཆན་ལུང་གི་བཀས་མངགས་བློན་ཆེན་ཕུ་སི་ཀྲུང་ཐང་གིས་བོད་སྐྱོང་བྱེད་སྒོའི་སྒྲིག་ཡིག་དོན་ཚན་ཉེར་དགུ་གཏན་འབེབས་བྱས་པའི་ནང་ཚན་རྒྱལ་མཚམས་བརྟན་སྲུང་ཆེད་བོད་རང་ཁུངས་ནས་དམག་དཔུང་རྩ་འཛུགས་བྱེད་དགོས་པའི་དགོངས་དོན་ལྟར་རབ་བྱུང་བཅུ་གསུམ་པའི་ལྕགས་ཁྱི(༡༧༩༠)ལོ་རྒྱ་སྦྱོང་བོད་དམག་སུམ་སྟོང་གསར་འཛུགས་བྱ་རྒྱུར་གཏན་འཁེལ་གྱིས་དབུས་གཙང་རྫོང་གཞིས་སོ་སོའི་དེ་སྔའི་ས་ཐོ་ཁག་ལ་ཞིབ་འཇུག་ཐོག་གཞུང་སྒེར་ཆོས་གསུམ་ལེབ་བསྡུར་གྱིས་རྐང་གྲངས་མང་ཉུང་ལ་གཞིགས་པས་དམག་དང་། འདུར(དམག་རྐང་མིན་པའི་གཞུང་སྒེར་ཆོས་གསུམ་གྱི་ས་ཞིང་ཡོངས་ལ་ཟེར)ཞེས་ཞི་དྲག་ཁྲལ་རྟེན་དབྱེ་བཅད་ཆ་གསེས་ཐོག་དམག་རྟེན་དབུས་གཙང་འདྲ་བ་རེར་ས་རབ་འབྲིང་ལ་གཞིགས་པས་སོན་ཁལ་ལྔ་བཅུ་ནས་བདུན་ཅུའི་བར་དང་། འཁྲི་ཁུངས་སོ་སོས་དམག་འགྲོ་གོ་ཐང་རེ་ངོ་འཛུགས་བྱས་ཕྱིན་དེ་བྱིངས་ཀྱི་ཁྲལ་རིགས་རྩ་ཆག་བཏང་བ་དང་། དམག་མིའི་རྩིས་འཁྲིའི་གོ་ལག་སོགས་བོར་བརླག་སོང་རིགས་དམག་འཁྲི་སོ་སོས་ཁུངས་སྒྲིག་བྱེད་དགོས་པ་བཅས་ཀྱི་དམག་ཤོག་བཀའ་ཐམ་འབྱར་མ་རེ་དམག་འཁྲི་དོ་བདག་སོ་སོར་སྤྲད་དེ་དབུས་ཁུལ་ནས་དམག་གྲངས་ཆིག་སྟོང་ཐམ་པ་དང་། གཞིས་རྩེ་ནས་དམག་གྲངས་ཆིག་སྟོང་ཐམ་པ། རྒྱལ་རྩེ་ནས་དམག་གྲངས་ལྔ་བརྒྱ་ཐམ་པ། དིང་རི་ནས་དམག་གྲངས་ལྔ་བརྒྱ་བཅས་བསྡུས་ཐོག་དམག་གྲངས་ལྔ་བརྒྱ་རེར་སྤྱི་ཁྱབ་མདའ་དཔོན་རེ་དང་། རུ་དཔོན་གཉིས། བརྒྱ་དཔོན་ལྔ། ལྡིང་དཔོན་ཉི་ཤུ། བཅུ་དཔོན་ལྔ་བཅུ་ཐམ་པ་རེ་བརྩིས་དབུས་མདའ་དཔོན་གཉིས། གཞིས་རྩེ་མདའ་དཔོན་གཉིས། རྒྱལ་རྩེ་མདའ་དཔོན་གཅིག དིང་རི་མདའ་དཔོན་གཅིག་བཅས་སྤྱི་ཁྱབ་མདའ་ཁག་དྲུག་ཡོད་པ་དང་། འགོ་དམག་གི་ཕོགས་ཐོབ་ཐད་སྤྱི་ཁྱབ་མདའ་དཔོན་སོ་སོར་མདའ་གཞིས་རེ། རུ་དཔོན་མན་དང་། དམག་དཀྱུས་འདྲ་བ་རེར་ཟླ་རེ་འབྲུ་ཁལ་གཉིས་བྲེ་བཅུ། ཇ་མར་འོས་འཚམ། ཤ་དོད་དངུལ་ཞོ་དོ་སྐར་ལྔ་རེ་རྩིས་རུ་དཔོན་ལ་ངོ་སྐལ་ལྔ། བརྒྱ་དཔོན་ལ་གསུམ། ལྡིང་བཅུ་འདྲ་བར་ངོ་སྐལ་གཉིས་རེ་བཅས་འགོ་དམག་གཞིས་བྱེས་གང་དུ་འགྲོ་སྡོད་བྱས་རུང་གཞུང་ཕོགས་ཁང་ནས་དམག་ཕོགས་རྒྱག་དགོས་པ་དང་། དབྱར་དགུན་གྱོན་ཆས་དམག་འཁྲི་སོ་སོས་ལོ་ལྟར་སྤྲོད་དགོས་པ། སྐབས་དེའི་དམག་མིའི་དམག་རྩེད་དང་། སྒྲིག་སྲོལ་ནི་མན་ཆིང་གོང་མའི་དམག་སྲོལ་ལྟར་ལག་བསྟར་བྱེད་ཀྱི་ཡོད་པ་རེད། གོང་གསལ་རྒྱ་སྦྱོང་བོད་དམག་སུམ་སྟོང་ཐམ་པ་གསར་འཛུགས་བྱས་པ་དང་ཆབས་ཅིག་ཕོགས་ཁང་གསར་འཛུགས་ཀྱི་དོ་དམ་མཁན་ཆུང་གཅིག་དང་། རིམ་བཞི་གཅིག ལས་བྱ་སེར་སྐྱ་བཞི་བཅས་ཡོད་པ་དེ་དག་གི་ལས་འགན་གཙོ་བོ་ནི་དབུས་གཙང་ཁུལ་དམག་ཕོགས་མ་དངུལ་གསར་འཛུགས་བྱས་པའི་ལོའི་བསྐྱེད་འབབ་བསྡུ་ལེན་གྱིས་དམག་སྒར་སོ་སོར་དངུལ་ཕོགས་དུས་ཐོག་ཏུ་རྒྱག་དགོས་པ་དང་། སྐབས་དེར་གཙང་དམག་ཁོངས་ནས་གྲོ་མོ་ས་སྲུང་དུ་ལྡིང་ཁག་གཉིས་གསུམ་ཙམ་མ་གཏོགས་དེ་བྱིངས་དམག་དཔུང་ཚང་མ་ཕྱོགས་ཐོན་མ་དགོས་པར་དབུས་གཙང་རང་དུ་སྡོད་མུས་ལ་བརྟེན་རྩ་བའི་དམག་ཕོགས་ནི་གཙང་ཁུལ་འབྲུམ་ཕོ་ལྷ་གཞིས་དང་། རྒྱ་ཤར་གཏེར་སྣ་གཞིས། རྒྱལ་རྩེ་ནུབ་གླིང་གཞིས། སྙེ་མོ་སྨོན་མཁར་གཞིས་འོག་འབྲོང་རྫོང་ཤར་ནུབ། དབུས་ཁུལ་སྟོད་ལུང་ཉན་སྒང་སྐྱིད་གཞིས། མཐོང་སྨོན་ཆུ་འཁོར་གཞིས། སྐྱིད་གཤོང་ཤར་ཕྱོགས་གཞིས། སྣེ་གདོང་བན་རྩ་གཞིས་བཅས་ཀྱི་གཞིས་འབྲུའི་ཐོག་ནས་རྒྱག་དགོས་པ་དང་། དེ་དག་གི་ལྡེང་མིན་བྱུང་ན་འབྲུ་འབོར་ཇི་དགོས་དོ་དམ་པས་བཀའ་ཤག་ལ་སྙན་སེང་དང་འབྲེལ་ཁད་ཉེའི་རྫོང་གཞིས་ཁག་གི་བཅུ་ཟུར་གཞིས་འབྲུའི་བཀར་སྟེང་ནས་བཏོན་རྒྱ་ཞུས་ཏེ་ཕོགས་དཔོན་མཁན་རིམ་རེས་མོས་ཀྱིས་ལོ་ལྟར་གཙང་ཁུལ་འབྲུ་ཕོགས་རྒྱག་ཏུ་སྐྱོད་དགོས་པ། ཕོགས་དཔོན་རིམ་བཞིར་ཕ་གཞིས་རྟེན་གནས་དང་འབྲེལ་བ་ཡོད་སྟབས་དམིགས་བསལ་ཕོགས་ཐོབ་མེད་ཅིང་། མཁན་ཆུང་ལ་སྟོད་ལུང་སྒང་སྐྱིད་གཞིས་ནས་ལོ་རེ་འབལ་གྲོ་རུའི་ཁལ༢༥༠དང་། ལྕི་རྒྱབ༧༥རེ་སྤྲོད་ལམ་ཡོད་པ་བཅས་རེད།
བོད་རྒྱལ་ཁབ་ཆེན་པོའི་དམག་སྒར་ཁག་གཤམ་གསལ།
ཀ་དང་སྐུ་སྲུང་དམག་སྒར་གྱི་མདའ་དཔོན་ཡབ་གཞིས་སྟག་འཚེར་ཕུན་ཚོགས་བཀྲ་ཤིས།
ཁ་དང་གྲྭ་བཞི་རྒྱ་སྦྱོང་དམག་སྒར་གྱི་མདའ་དཔོན་བཀྲ་ཤིས་དཔལ་རབ་རྡོ་རྗེ་ཚེ་བརྟན་དང་བསམ་ཕོ་སྲས་བསྟན་འཛིན་དོན་གྲུབ།
ག་དང་གཞིས་རྩེ་རྒྱ་སྦྱོང་དམག་སྒར་གྱི་མདའ་དཔོན་མུ་བྱ་ཚེ་དབང་ནོར་བུ་དང་དཀར་ཆུང་ཚེ་རིང་དོན་གྲུབ།
ང་དང་རྒྱལ་རྩེ་དམག་སྒར་གྱི་མདའ་དཔོན་མཚོ་སྒོ་ཟུར་པ་དངོས་གྲུབ་རྡོ་རྗེ།
ཅ་དང་དིང་རི་རྒྱ་སྦྱོང་དམག་སྒར་གྱི་མདའ་དཔོན་བྲག་འཇུན་པ་བསྟན་པ་ཚེ་རིང་།
ཆ་དང་མེ་སྒྱོག་དམག་སྒར་གྱི་མདའ་དཔོན་འཇུན་པ་ངག་དབང་དཔལ་མོ།
ཇ་དང་བརྒྱད་བཞིའི་དམག་སྒར་གྱི་མདའ་དཔོན་ཕུ་ལུང་པ་གྲགས་པ་ཚེ་བརྟན།
ཉ་དང་བརྒྱད་བཞིའི་དམག་སྒར་གྱི་མདའ་དཔོན་བླ་མ་བྱ་རིགས་པ་བསོད་ནམས་དབང་ཕྱུག
ཏ་དང་བརྒྱད་བཞིའི་དམག་སྒར་གྱི་མདའ་དཔོན་སྡེ་དགེ་སྲས་སྐལ་བཟང་དབང་འདུས།
ཐ་དང་བརྒྱད་བཞིའི་དམག་སྒར་གྱི་མདའ་དཔོན་ཤག་བྱང་ཟུར་པ་ངག་དབང་རྒྱལ་མཚན།
ད་དང་པུ་ལི་སི་དམག་སྒར་གྱི་མགོ་འདོམས་ཚ་རྡི་བདེ་ཆེན་པ་ཚེ་བརྟན་རྡོ་རྗེ་དང་ལུང་ཤར་ཨོ་རྒྱན་རྡོ་རྗེ།
པ་དང་དབུས་ཁུལ་གྲོང་དྲག་དམག་སྒར་གྱི་མདའ་དཔོན་མཁར་སྣ་བ་མཁའ་ཁྱབ་བདེ་ཆེན་དང་མདའ་ཚབ་སྒོག་མཁར་བ་ཚེ་དབང་རིག་འཛིན།
ཕ་དང་བཅུ་གཉིས་དྲུག་སྣའི་དམག་སྒར་གྱི་མདའ་ཚབ་དགའ་བདེ་བ་རྣམ་རྒྱལ་རྡོ་རྗེ།
བ་དང་ཀོང་ཁུལ་དམག་སྒར་གྱི་མདའ་དཔོན་རྡོ་གྲོང་པ་ཚེ་རིང་རྡོ་རྗེ།
མ་དང་གཙང་ཁུལ་གྲོང་དྲག་དམག་སྒར་གྱི་མདའ་དཔོན་ཞྭ་སྒབ་པ་བློ་གསལ་དོན་གྲུབ་དང་མདའ་ཚབ་ལྕེ་བདེ་བསྟན་འཛིན་སྐལ་བཟང་།
Photo caption: The Bodyguard / Ka dang sku srung regiment (between 1948 and 1950). © Ethnographic Museum at the University of Zurich. Inv.no. VMZ 400.07.50.012 / Photo: Heinrich Harrer, “Soldaten bei der Truppenrekrutierung”
May be an image of 1 person, standing and outdoors
ཡོང་ཁུངས། སྔ་མོའི་བོད་དང་བོད་མིའི་ངོ་དེབ།
པར་རྙིང་མཁོ་སྤྲོད་པ་དང་མི་སྣ་ངོ་སྤྲོད་པ་ཚ་རོང་བདུད་འདུལ་རྣམ་རྒྱལ་ཡིན།
According to Dundul Namgyal Tsarong (2000) the following officers (names according to DN Tsharong) can be seen in this photograph:
Standing (from left to right):
མདུན་གྲལ་ལས་གཡས་ཀྱི་རྒྱབ་གྲལ། མདའ་དཔོན་ས་ལུང་པ། Dapon Salungpa, གཉིས་པ་མི་ངོ་མ་ཆོད། unknown,
གསུམ་པ་བསམ་ཕོ་དཔལ་ལྡན་ཆོས་དབང་། Sampho Palden Choewang, བཀྲ་ཤིས་ཚེ་རིང་། T. Tsering,
མདའ་དཔོན་ལྡིང་བྱ་རྡོ་རྗེ་རྒྱལ་མཚན། Dapon Dingja Dorji Gyaltsen,
སྤེན་པ་ཚེ་རིང་། Penpa Tsering and
ཕུར་བུ་དོན་གྲུབ། Phurpphu Dondup.
Sitting in the 2nd row:
ཕང་དོན་ལས་ཚན། Phangdong Letsen,
དམག་སྤྱི་བཀའ་བློན་ཚ་རོང་ཟླ་བཟང་དགྲ་འདུལ། Dasang Damdul Tsarong (Commander in Chief of the Tibetan Army), and
མདའ་དཔོན་སྙི་ལུང་པ། Dapon Nyelungpa.
Sitting in the front row:
མདའ་དཔོན་མཚོ་སྒོ་བ། Dapon Tsogowa,
མདའ་དཔོན་ཟུར་ཁང་དབང་ཆེན་ཚེ་བརྟན། Dapon Surkhang and
མདའ་དཔོན་བྷྲུཾ་པ། Dapon Drumpa. .
Photographed by Alexandra David-Néel, probably in 1924 (Source: Borin, Françoise: Le Tibet d´Alexandra David-Néel. Librairie Plon, Paris, 1979).
According to DN Tsarong (2000), the photograph པར་བླངས་པའི་ལོ། dates from 1920

See less

 

བརྒྱུད་སྐུལ།

མཆན་སྤེལ།